གཙོ་འཛིན་གྱི་གསུང་བཤད། | ཅིའི་ཕྱིར་ "Trace" ཞེས་འབོད། | དམིགས་ཡུལ་དང་ལམ་སྟོན་གྱི་རྩ་དོན། | ནང་ལ་ཞུགས་པ། | ལོ་འཁོར་གྱི་སྙན་བསྡོམས།


དངོས་སྦྱོང་ལས་འཆར། chinese version

ཀུན་ཕན་ཐེབས་རྩ་ཚོགས་པའི་དངོས་སྦྱོང་ལས་འཆར་གྱི་དམིགས་ཡུལ་ནི་ན་གཞོན་དོན་གཉེར་ཅན་ཚོར་ཡར་རྒྱས་ཀྱི་བྱ་བའི་ཐོག་ལ་དངོས་འབྲེལ་གྱི་ཉམས་མྱོང་སྤྲོད་པའི་ཆེད་དུ་ཡིན། དངོས་སྦྱོང་གི་ལས་འཆར་འདི་ནི་ཡར་རྒྱས་ཀྱི་ལས་གཞིའི་ཁོངས་སུ་བྱ་བ་བསྒྲུབ་འདོད་ཆེ་བ་མ་ཟད། བོད་ཀྱི་རིག་གཞུང་ལའང་དགའ་ཞེན་ཡོད་མཁན་ཚོའི་ཆེད་དུ་གོ་སྐབས་བླ་ན་མེད་པ་ཞིག་ཡིན། ང་ཚོས་ལས་འཆར་འདི་བརྒྱུད་ནས་ན་གཞོན་ཆེད་ལས་པ་ཚོར་སོ་སོའི་འཇོན་ནུས་ཇེ་ཆེར་གཏོང་བར་དགོས་ངེས་ཀྱི་ཤེས་བྱ་དང་མཐུན་རྐྱེན།

དངོས་འབྲེལ་གྱི་ཉམས་མྱོང་བཅས་སྤྲོད་པའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ངེད་ཚོགས་པའི་ལས་དོན་ལ་དགའ་མོས་ཆེ་བའི་མ་འོངས་ལས་བྱེད་སྐོར་ཞིག་གསོ་སྐྱོང་བྱེད་རྒྱུའི་རེ་བའང་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱེད་བཞིན་པའི་ལས་གཞི་ཁག་གིས་ང་ཚོའི་རྩ་དོན་གྱི་ཁ་ཕྱོགས་མཚོན་ཐུབ་ཅིང་། མིག་སྔར་ལས་གཞི་རྣམས་སྡེ་ཚན་བཞིའི་ཁོངས་སུ་ཕྱེས་ཡོད་དེ།

ཐུགས་སྣང་ཅན་ཚོས་ང་ཚོའི་དྲ་རྒྱ་ལ་གཟིགས་ཏེ་ངེད་ཅག་གི་བྱ་བ་ལ་རྒྱུས་ལོན་དང་སོ་སོའི་འདོད་པ་དང་མཐུན་པའི་ལས་གཞི་ཁག་སེམས་སུ་ངེས་པར་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

དངོས་སྦྱོང་གི་ལས་གནས་སྟོང་པ་ཐོན་པ་དང་ཁྱབ་བསྒྲགས་བྱེད་ཀྱི་ཡོད་མོད། ཡིན་ནའང་ལས་གནས་སྟོང་པ་ཡོད་པའི་བརྡ་ཐོ་བཏང་མེད་རུང་ཁྱེད་ཀྱིས་མ་འོངས་པར་ཡོང་ངེས་ཀྱི་ལས་གནས་ཁག་ལ་སྙན་ཞུ་བརྒྱབ་ཆོག་ ཁྱེད་ཀྱིས་རྒྱུན་དུ་ང་ཚོའི་དྲ་རྒྱར་གཟིགས་ཏེ་ལས་གནས་སྟོང་པ་ཐོན་ཡོད་མེད་ལ་བརྩད་གཅོད་གནང་རོགས་ཞུ།

སྤྱིར་བཏང་གི་གནས་ཚུལ།

དངོས་སྦྱོང་ཁག་གི་ཡུན་ཚད་ལ་གཅིག་གྱུར་གྱི་གཏན་འཁེལ་ཞིག་མེད་པར་གཙོ་བོ་ལས་ཀའི་ངོ་བོ་ལ་རག་ལས་ཀྱི་ཡོད།

སྙན་ཞུ་བརྒྱག་མཁན་ཚོ་ངེས་པར་དུ་སློབ་གྲྭ་ཆེན་མོའི་དམའ་རིམ་དང་ཡང་ན་མཐོ་རིམ་གྱི་དངོས་གཞིའི་སློབ་མའི་ཚད་གཞི་ཡིན་དགོས། རྒྱལ་སྤྱིའི་དངོས་སྦྱོང་གི་སྦྱོང་བརྡར་ཡོད་ཚད་ཟླ་ཕོགས་མེད་པའི་ཐོག་ནས་སྤྲོད་ཀྱི་ཡོད་མོད། ཡིན་ནའང་ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱལ་སྤྱིའི་ལས་འགན་ཞིག་བཅོལ་བར་ལས་གནས་སུ་ཕར་འགྲོ་ཚུར་འོང་གི་ལམ་གླ་དང་། ཉིན་རེའི་གྲོན་དངུལ་གང་འཚམས་བཅས་སྤྲོད་པ་མ་ཟད། ད་དུང་ཚད་དང་རན་པའི་ཉལ་སའང་བཀོད་སྒྲིག་བྱེད་རྒྱུ་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པས་འགྲུལ་སྐྱོད་ཆོག་མཆན་ཞུ་ཕྱོགས་ཀྱི་ཐད་ལ་རོགས་རམ་དང་གནས་ཚུལ་སྤྲོད་པར་འགྱུར་ལ། ས་གནས་ས་ཐོག་ཏུ་འགྲུལ་སྐྱོད་མ་བྱས་གོང་ལ་སྨན་ཡོན་འགན་ལེན་ངེས་པར་དུ་ཆ་ཚང་དོན་འགྲིག་ཡིན་དགོས། གལ་སྲིད་དངོས་སྦྱོང་དུ་འགྲོ་མཁན་དེར་སྨན་ཡོན་འགན་ལེན་ཡི་གེ་མེད་ན། ཀུན་ཕན་ཐེབས་རྩ་ཚོགས་པས་དངོས་སྦྱོང་དུ་འགྲོ་མཁན་དེའི་མིང་ཐོག་ལ་རིན་འབབ་ཕབ་སྟེ་རྒྱལ་སྤྱིའི་སྨན་གྱི་ཚོགས་ཁག་ཟེར་བ་དེ་བརྒྱུད་ནས་སྨན་ཡོན་འགན་ལེན་རེག་ཐབས་བྱེད་རྒྱུ་ཡིན། སྨན་ཡོན་འགན་ལེན་སྐོར་གྱི་གནས་ཚུལ་མང་ཙམ་ཤེས་རྒྱུར་འདི་ལ་གཟིགས་རོགས། www.imglobal.com། ཕྱིར་འབུད་བཏང་བའི་དངོས་སྦྱོང་བ་ཚོར་ཀུན་ཕན་ཐེབས་རྩ་ཚོགས་པས་ཉེན་གཡོལ་གྱི་འགན་ལེན་བྱེད་ཀྱི་ཡོད་དོ།

སྙན་ཞུ་བརྒྱག་སྟངས།

དངོས་སྦྱོང་གི་ལས་གནས་ལ་སྙན་ཞུ་བརྒྱག་འདོད་ཡོད་མཁན་ཚོས་གཤམ་གྱི་གནས་ཚུལ་ཁག་ interns@trace.org ལ་གཏོང་དགོས།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་ཀའི་གོ་སྐབས་གང་རུང་ལ་སྙན་ཞུ་འབྱོར་རིགས་སྤྱི་མཚུངས་ལྟར་ལས་འཆར་འདིའི་སྙན་ཞུ་ཡོད་ཚད་ལ་བསམ་ཞིབ་གཟབ་ནན་བྱེད་རྒྱུ་ཡིན་ཞིང་། སྙན་ཞུ་འབྱོར་ཚད་ལ་ངེད་ཚོགས་པའི་ངོས་ནས་འབྱོར་ལན་རེ་སྤྲོད་ངེས། མཐའ་མའི་འདེམས་ཐོའི་ཁོངས་སུ་ཚུད་པའི་འོས་གཞི་རྣམས་བཅར་འདྲིའི་ལས་རིམ་གྱི་ཁྲོད་དུ་ཞུགས་པར་འབོད་འགུགས་བྱེད་རྒྱུ་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པའི་དངོས་སྦྱོང་ལས་འཆར་ཁོངས་སུ་ཞུགས་པར་གདན་ཞུ་ཡི་གེ་འབྱོར་བའི་འོས་གཞི་ཚོས་གན་རྒྱའི་ཡི་གེ་ཞིག་ལ་མིང་རྟགས་འགོད་དགོས།

ལས་འགན་མཇུག་བསྒྲིལ་མཚམས་སུ། དངོས་སྦྱོང་བ་ཚོར་ངེད་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་ཞུ་བའི་འཛིན་ཡིག་རེ་སྤྲོད་རྒྱུ་ཡིན།

ཀུན་ཕན་ཐེབས་རྩ་ཚོགས་པར་ད་སྔ་དངོས་སྦྱོང་གི་གོ་སྐབས་ཅི་ཡོད་ངེད་ཚོགས་པའི་དྲ་རྒྱ་འདིའི་ལས་ཀའི་ཚན་ཁག་ལས་ཤེས་ཐུབ།

ནང་ལ་ཞུགས་པ།

སྦྱོང་བརྡར།

ངེད་ཚོའི་དངོས་སྦྱོང་གི་ལས་ཚན་སྐོར་ལ་གཟིགས་ནས་ཀུན་ཕན་ཐེབས་རྩ་ཚོགས་པའི་དངོས་སྦྱོང་བར་འགྱུར་བའི་རེ་ཞུ་བྱེད་ཐབས་ལ་རྒྱུས་ལོན་བྱེད་པ།

ལས་ཀ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ད་ལྟའི་ལས་ཀའི་གོ་སྐབས།

a Trace intern

ཀུན་ཕན་གྱི་དངོས་སྦྱོང་ལས་ཚན་གྱིས་དེ་ལ་ཞུགས་མཁན་ཚོར་ལས་ཀའི་ཉམས་མྱོང་དངོས་འཐོབ་པ་དང་། དེ་བཞིན་བོད་ཀྱི་རིག་གཞུང་དང་། ཡར་རྒྱས་ལས་གཞི། ད་དུང་ཁེ་གཉེར་མིན་པའི་བྱ་གཞག་གི་ཆེད་ལས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་སྤྲོད་ཀྱི་ཡོད།