གཙོ་འཛིན་གྱི་གསུང་བཤད། | ཅིའི་ཕྱིར་ "Trace" ཞེས་འབོད། | དམིགས་ཡུལ་དང་ལམ་སྟོན་གྱི་རྩ་དོན། | ནང་ལ་ཞུགས་པ། | ལོ་འཁོར་གྱི་སྙན་བསྡོམས།

ལམ་སྟོན་རྩ་འཛིན།

ཀུན་ཕན་ཐེབས་རྩ་ཚོགས་པར་གཤམ་གྱི་རྩ་འཛིན་ཁག་གིས་ལམ་སྟོན་གྱི་ཡོད།

 

ཀུན་ཕན་ཐེབས་རྩ་ཚོགས་པའི་དམིགས་ཡུལ།chinese version tibetan version

ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྒྱུན་གནས་ཡོང་བ་ལ་རོགས་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁོངས་ཀྱི་བོད་པའི་སྤྱི་ཚོགས་ཀྱི་རང་གི་དགོས་མཁོ་སྐོང་བའི་ནུས་པ་་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད། ང་ཚོས་རིག་གཞུང་དང་ཡར་རྒྱས་ཀྱི་དམིགས་ཡུལ་གཉིས་གཅིག་ཏུ་འདྲེས་ཤིང་རང་བྱུང་ཁོར་ཡུག་གི་ཆོས་ཉིད་ལ་བརྩི་བཀུར་བྱེད་པའི་ལས་གཞི་རྣམས་རང་གིས་སྤེལ་བ་དང་གཞན་གྱིས་སྤེལ་བ་ལ་རོགས་དངུལ་སྦྱིན། ང་ཚོའི་ལས་གཞི་རྣམས་ལས་ཚན་བཞི་ལ་བགོས་ཡོད་དེ།

  • སློབ་གསོ།
  • འཕྲོད་བསྟེན།
  • རིག་གཞུང་དང༌།
  • ཞིང་འབྲོག་ཡར་རྒྱས་བཅས་སོ།
  • སྤྱི་ཚོགས་དང་ཁོར་ཡུག་ལ་ཕུགས་ཐག་ཅན་གྱི་ཁེ་ཕན་ཡོང་ཆེད་དང༌། མི་སྡེ་རྣམས་ཡར་རྒྱས་ལས་རིམ་གྱི་ལྟེ་བར་འགྱུར་ཆེད།  ཐེབས་རྩ་ཚོགས་པ་འདིས་ས་གནས་རང་གི་ལས་རོགས་དང་མཉམ་འབྲེལ་གྱིས་ལས་དོན་སྒྲུབ་ཀྱི་ཡོད།

    ཀུན་ཕན་ཐེབས་རྩ་ཚོགས་པ་ནི་ཁེ་སྤོགས་མི་གཉེར་ཞིང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན། དེ་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་ཅིང་དེའི་ཡན་ལག་གི་ལས་ཁུངས་རྣམས་ཀྲུང་གོ་ན་ཡོད། ཚོགས་པ་འདི་ལ་སྲིད་དོན་དང་ཆོས་ལུགས་ཀྱི་འབྲེལ་ལམ་ཅི་ཡང་མེད།


    people working on a buildingwomand milking a dri and children learning to read