ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

འཆད་ཁྲིད་སྟར་མ།
 
 

image description

image description

༢༠༠༩ལོའི་ཟླ་༡༠ཚེས་༢༣ནས་༢༤བར།

གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས།


ཀུན་ཕན་ཐེབས་རྩ་ཚོགས་པས་དེང་དུས་གོ་ལཱི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཞེས་པའི་ཕྲེང་བརྒྱུད་མཁས་ཚོགས་ནང་གི་ཚོགས་འདུ་གསུམ་པ་སྟེ་།གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས་ཞེས་པའི་ཚོགས་འདུ་དེ་སྤྱི་ཟླ་༡༠ བའི་ཚེས་༢༣དང་༢༤གཉིས་ཏེ། གཟའ་པ་སངས་དང་སྤེན་པ་གཉིས་ལ་སྐོང་ཚོགས་བྱ་རྒྱུ་ཡིན།སྤྱིར་བཏང་བཤད་ན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་པའི་སྤྱི་ཚོགས་ཁག་གིས་རང་ཉིད་ཀྱི་སྐད་ཡིག་དེ་རྒྱུན་འཛིན་བྱེད་དགོས་པར་མཐོང་གི་ཡོད། ཁོང་ཚོའི་སྐད་ཡིག་དང་སྐད་ཡིག་དེ་སྤྱོད་མཁན་སྤྱི་ཚོགས་ཀྱི་བདེ་ཐང་ཚོད་དཔོག་བྱེད་ པའི་ལག་ཆ་ཅི་ཞིག་ཡོད་དམ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་འཚོ་ནུས་དང་གསོན་ཤུགས་ལ་རྒྱབ་སྐྱོར་དང་རྒྱུན་འཛིན་བྱེད་པའི་སྲིད་ཇུས་ གང་དང་གང་ཡོད་པ། རང་ཉིད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་པར་འབད་བརྩོན་བྱེད་པའི་སྤྱི་ཚོགས་སྣ་ཚོགས་ལ་འོས་ཞིང་འཚམས་པའི་བྱེད་ ཐབས་གང་དང་གང་ཡིན་ནམ། ད་ཐེངས་ཚོགས་འདུ་འདིས་རྒྱབ་ལྗོངས་མི་འདྲ་བའི་ཆེད་ལས་མཁས་པ་ མང་བོ་གདན་འདྲེན་བྱས་ཏེ། སྐད་ཡིག་ གི་འཚོ་བའི་ནུས་པ་དང་ནུས་པ་དེ་རྒྱུན་འཁྱོངས་ཡོང་བའི་སྲིད་ཇུས་ཐོག་གི་རྒྱབ་སྐྱོར། དེ་བཞིན་བོད་སྐད་ཡིག་གཙོར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ སྐད་ཡིག་ལ་འདུན་ལམ་ལྡན་པའི་མ་འོངས་པ་ཞིག་ཡོང་ཆེད་བྱེད་ཐབས་ཅི་ཞིག་དགོས་མིན་སོགས་ལ་ དཔྱད་ཞིབ་བྱས་ཏེ་གོང་དུ་བཏོན་པའི་དྲི་བ་ཁག་ ལ་ལན་འདེབས་གནང་གི་རེད།

 

གཟའ་པ་སངས་ཀྱི་དགོང་དྲོར་སྙིང་དོན་ངོ་སྤྲོད་ཚོགས་འདུའི་སྟེང་མིང་དུ་གྲགས་པའི་སྤྱི་ཚོགས་སྐད་བརྡ་རིག་པ་བ་མཁས་དབང་ཇོ་ཤེ་ཝ་ཧྥི་ཤི་མན་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཆེད་ལས་མཁས་པ་སློབ་དཔོན་ཨེ་ལིའོ་ཋི་སི་ཕེར་ལིང་དང་མཉམ་དུ་སྐད་བརྡའི་ཡིག་ཚང་འཆར་འགོད་དང་སྐད་ཡིག་རྒྱུན་འཛིན་གཉིས་ཀྱི་བརྗོད་བྱའི་སྐོར་བགྲོ་གླེང་གནང་རྒྱུ་རེད། སྙིང་དོན་ཚོགས་འདུའི་རྗེས་སུ་སྣེ་ལེན་གྱི་ལས་རིམ་བཀོད་སྒྲིག་བྱས་ཡོད།

>གཟའ་སྤེན་པའི་ཉིན་གྱི་ཚོགས་འདུ་གཙོ་བོ་ནི་གཏམ་བཤད་དང་དྲི་བ་དྲིས་ལན། དེ་བཞིན་བགྲོ་གླེང་བཅས་ཚུད་པའི་ཉིན་ཧྲིལ་ བོའི་ལས་རིམ་བཀོད་སྒྲིག་བྱས་ཡོད།            ཚོགས་ཐོག་ཏུ་ཨེ་ཤ་ཡའི་ནང་མ་དང་ཨེ་ཤ་ཡ་དབུས་མའི་སྐད་བརྡའི་འབྲེལ་

འདྲིས་རིག་པའི་ཐོག་སྙན་གྲགས་ཅན་གྱི་མཁས་ཆེན་དང།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་རྩ་འཛུགས་ཁོངས་སུ་གཏོགས་པའི་འཇུག་ཉེན་ཡོད་པའི་སྐད་ཡིག་མཁས་པའི་ཚོགས་ཆུང་གི་ཚོགས་མི་ཡང་ཡིན་པའི་སློབ་དཔོན་ཨཱ་རིན་ཌི་ཝ་ཡེར་ལགས་ཀྱིས་སྐད་ཡིག་དཔྱད་ཞིབ་ལག་ཆ་དང་ལག་བསྟར་གྱི་སྐོར་གསུང་བཤད་གནང་གི་རེད།

སློབ་དཔོན་ཇོ་སེབ་ལཱོ་བྷིའན་ཁཱོ་ལགས་ནི་རྒྱལ་སྤྱིའི་སྐད་ཡིག་སྲིད་ཇུས་
ཐད་སློབ་སྟོན་གྱི་ཉམས་མྱོང་ལྡན་པ་ཞིག་ཡིན་པ་མ་ཟད་ཨོ་སི་ཁྲི་ལི་ཡ་རྒྱླ་ཁབ་ཀྱིི་ཆེས་ཐོག་མའི་རྒྱལ་ཡོངས་སྐད་ཡིག་སྲིད་ཇུས་ཀྱི་རྩོམ་པ་བོ་ཡང་ཡིན།ཁོང་གིས་སྲིད་ཇུས་གསར་བཟོ་དང་འབྲེལ་ཡོད་ཀྱི་བརྗོད་གཞི་གཞི་བཟུང་ནས་དཔེ་མཚན་དཔྱད་ཞིབ་བྱ་རྒྱུ་རེད།            སྐུ་ཞབས་ཁྲོ་བོ་རྒྱལ་
མཚན་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་བ་མཚན་སྙན་ཅན་ཞིག་ཡིན་ཞིང་། ཁོང་གིས་སྐད་བརྡ་དང་རིག་གནས་རྒྱུན་འཛིན་ཐད་ཕ་སྐད་སློབ་གསོའི་འགན་ཁུར་སྐོར་གསུང་བཤད་ གནང་གི་རེད། ཉིན་འདིའི་ཆེས་མཐའ་མའི་ལས་རིམ་ནི་སློབ་དཔོན་ཨེ་ལིའོ་ཋི་སི་ཕེར་ལིང་ལགས་ཀྱིས་སྟངས་འཛིན་གནང་བའི་བགྲོེ་གླེང་ལས་རིམ་ཡིན་ཞིང་། བགྲོེ་གླེང་ཐོག་ཏུ་ཉིན་འདིའི་ཆེད་ལས་མཁས་པ་ཚང་མའི་གསར་བྱུང་བསམ་ཚུལ་ཁག་གཤིབ་བསྡུར་བྱས་ཏེ་རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མ་འོངས་པའི་འབྱུང་འགྱུར་འཚོལ་བར་སྙེག་རྒྱུ་རེད། ཕྲེང་བརྒྱུད་ཆེད་དེབ་པར་སྐྲུན་བྱས་ཏེ་ འགྲེམ་སྤེལ་བྱེད་པ་མ་ཟད་ཚོགས་འདུ་ཡོངས་རྫོགས་བརྙན་དུ་ཕབ་སྟེ་ང་ཚོའི་དྲ་ཐོག་ཏུ་འགོད་རྒྱུ་དང་དེ་བཞིན་འོད་སྡེར་DVD་ཡང་འགྲེམ་སྤེལ་བྱེད་རྒྱུ་ཡིན།

ཚོགས་འདུ་འདི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་ཚོགས་རྒྱུ་ཡིན་ཞིང་སྡོད་གནས་ཁ་བྱང་ནི་132 Perry Street, 2B, New York, New York, 10014 ཡིན། ཚོགས་འདུ་རྣམས་རིན་མེད་ཡིན་པ་དང་མང་ཚོགས་ཞུགས་པར་རང་མོས་ཡིན།           



གཟའ་པ་སངས།            ཟླ་བ་༡༠པའི་ཚེས་༢༣ཉིན།
ཐོ་འགོད།
ཕྱི་དྲོའི་ཆུ་ཚོད་5:30–6:00
སྙིང་དོན་བགྲོ་གླེང་།
ཕྱི་དྲོའི་ཆུ་ཚོད་6:00-7:00
 སྣེ་ལེན།           
ཕྱི་དྲོའི་ཆུ་ཚོད་7:00–8:00

གཟའ་སྤེན་པ།            ཟླ་བ་༡༠པའི་ཚེས་༢༤ཉིན།
ཐོ་འགོད་དང་ཞོགས་ཟས་སྣེ་ལེན།
སྔ་དྲོའི་ཆུ་ཚོད་ 9:30–10:00
སྔ་དྲོའི་ཚོགས་འདུ།           
སྔོ་དྲོའི་ཆུ་ཚོད་10:00–12:00
གོང་ཟས་བར་སེང་།
ཕྱི་དྲོའི་ཚོགས་འདུ།
ཆུ་ཚོད་1:00–5:00

 

ཚོགས་ཞུགས་ཐོ་འགོད།

ཐོ་འགོད་བྱེད་པར་ང་ཚོར་གློག་རྡུལ་ཡིག་ཟམ་དང་ཁ་པར་གང་རུང་བརྒྱུད་ནས་འབྲེལ་ གཏུགས་བྱེད་ཆོག
འབྲེལ་གཏུགས་བྱེད་སྐབས་ཁྱེད་ཀྱིས་རང་ཉིད་ཀྱི་མིང་དང་གློག་རྡུལ་ཡིག་ཟམ་ཁ་བྱང་། ཁ་པར་ཨང་གྲངས་དང་སྒྲིག་ འཛུགས་ཀྱིང་མིང་། དེ་བཞིན་ཡིག་ཟམ་ཁ་བྱང་བཅས་བསྐུར་དགོས། འབྲེལ་གཏུགས་བྱེད་ཐབས། events@trace.org ཡང་ན་ 212-367-7380.

 

ལོ་རྒྱུས་མདོར་བསྡུས།

ཨཱ་རིན་ཌི་ཝ་ཡེར Arienne Dwyer ། ཁན་སཱ་སི་སློབ་གྲྭ་ཆེན་མོའི་མི་རྒྱུད་དཔྱད་རིག་སྡེ་ཁག་གི་སློབ་དཔོན་གཞོན་པ།འདིར་མནན་ནས་གསུང་བཤད་མཁན་གྱི་ལོ་རྒྱུས་གཟིགས།

 

མཁས་དབང་ཧྥི་ཤི་མན་ Joshua A. Fishman་ལགས་ནི་ཡེ་ཤི་ཝ་སློབ་གྲྭ་ཆེན་མོའི་མིང་དུ་གྲགས་པའི་སྤྱི་
ཚོགས་ཚན་རིག་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་དང་གཟི་ལྡན་ལས་འཁྱུར་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་ཡིནའདིར་མནན་ནས་གསུང་བཤད་མཁན་གྱི་ལོ་རྒྱུས་གཟིགས

 

ཁྲོ་བོ་རྒྱལ་མཚན། Trowo Gyaltsen

སི་ཁྲོན་ཞིང་ཆེན་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའི་མཐོ་རིམ་དགེ་རྒན་ཡིན།
འདིར་མནན་ནས་གསུང་བཤད་མཁན་གྱི་ལོ་རྒྱུས་གཟིགས

 

སློབ་དཔོན་ལཱོ་བྷིའན་ཁཱོ་ཡིས་སྐད་ཡིག་སྲིད་ཇུས་ཐད་ཀྱི་གནད་དོན་ལ་ལྟ་ཕྱོགས་མང་པོའི་སྒོ་ནས་ཞིབ་འཇུག་བྱས་ཡོད་པ་དང་ཁོང་གི་སྦྱོང་བརྡར་འཛམ་གླིང་དུ་ཁྱབ་བརྡལ་བྱས་ཡོད།

འདིར་མནན་ནས་གསུང་བཤད་མཁན་གྱི་ལོ་རྒྱུས་གཟིགས

 

སློབ་དཔོན་སི་ཕེར་ལིང་Elliot་Sperling་ནི་ཡིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ཡོ་རོབ་དང་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་སྡེ་ཁག་གི་སློབ་དཔོན་ཆེན་མོ་རེད།

འདིར་མནན་ནས་གསུང་བཤད་མཁན་གྱི་ལོ་རྒྱུས་གཟིགས

 

> ངོ་སྤྲོད་འདི་ཁྱེར་བདེའི་ཡིག་ཆའི་རྣམ་པས་(PDF)ཕབ་ལེན་བྱེད།
^ ཀླད་དུ་ཕྱིར་ལོག

 

 

 

 

ཚོགས་འདུ།

> ཀུན་ཕན་ཐེབས་རྩ་ཚོགས་པའི་འཆད་ཁྲིད་སྟར་མ་ཟེར་བ་དེ་ཅི་ཞིག་ཡིན་ནམ།

གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས