ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

འཆད་ཁྲིད་སྟར་མ།
 
 

image description

image description

གཟའ་པ་སངས་ཏེ་སྤྱི་ཟླ་༣པའི་ཚེས་༢༦ཉིན་ཕྱི་དྲོའི་ཆུ་ཚོད་༦ནས་༨:༠༠བར། གཟའ་སྤེན་པ་སྟེ་སྤྱི་ཟླ་༣ཚེས་༢༧ཉིན་སྔ་དྲོའི་ཆུ་ཚོད་༡༠:༠༠ནས་ཕྱི་དྲོའི་ཆུ་ཚོད་༥:༠༠བར།
དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག: སྤྱི་སྐད་སྐོར་གྱི་སྣང་ཚུལ།


འཛམ་གླིང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་མཁན་གྱི་སྤྱི་ཚོགས་སུ་སྐད་ཡིག་གཅིག་ སྒྱུར་གཏོང་བ་ནི་སྐད་ཡིག་རྒྱུན་འཛིན་དང་རིག་གནས་གཅིག་གྱུར་ཡོང་བའི་ཐབས་ལམ་ཞིག་ཏུ་བརྩི་ བཞིན་ཡོད་མོད། འོན་ཀྱང་། བརྒྱུད་རིམ་འདིས་སྐད་ཡིག་བར་ཕན་ཚུན་མཐོང་ཆུང་དང་སྤྱི་ ཚོགས་སྟེང་ཚད་མི་འདྲ་བའི་དཀའ་རྙོག་ཡང་བཟོ་སྲིད། བོད་སྐད་ལ་མཚོན་ན་ཁ་སྐད་མི་འདྲ་བ་ སྣ་ཚོགས་ཡོད་པ་གང་ཞིག་ལ་གཅིག་སྒྱུར་ཡིན་པའི་ཡིག་སྐད་ཅིག་ཀྱང་ཡོད་པ་རེད། དེང་གི་ སྤྱི་ཚོགས་སུ་ཞིང་འབྲོག་ཚོ་བ་གྲོང་བརྡལ་ཅན་དུ་སྒྱུར་བ་དང་དཔལ་འབྱོར་ཡར་རྒྱས་འགྲོ་བ། ཡུལ་ མི་གནས་སྤོ་བྱེད་པ་དང་དེ་མིན་གྱི་གནད་རྐྱེན་མང་བོ་ཞིག་གིས་གོ་སྐབས་གསར་བ་དང་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གསར་བ་འབྱུང་བཞིན་ཡིན་པས།བོད་པ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་ སྐད་ཆ་དེ་གཙོ་རྒྱུགས་སྐད་ཆ་བེད་སྤྱོད་བྱེད་པར་སྐུལ་མ་ཤུགས་ཆེན་ཐེབས་ཀྱི་ཡོད། རྒྱུ་མཚན་ དེའི་དབང་གིས་བོད་པ་མང་བོས་བོད་ཀྱི་སྐད་ཡིག་གཅིག་སྒྱུར་བྱེད་དགོས་པའི་བསམ་ཚུལ་ལ་རྒྱབ་ སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་གཅིག་སྒྱུར་བྱེད་ན་གཞི་འཛིན་ས་གང་བྱེད་དགོས་པ་ལ་བསམ་ ཚུལ་མི་གཅིག

གཏམ་ཚོགས་འདིའི་ནང་དུ། ང་ཚོས་ཁཱུར་ཌིའི་སྐད་ཡིག ཧང་གཱ་རིའི་སྐད་ཡིག་དང་བོད་ དང་འབར་མའི་སྐད་ཡིག དེ་བཞིན་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་བཅས་ཀྱི་སྐད་ཡིག་གཅིག་ སྒྱུར་སྐོར་གྱི་ལས་དོན་རྒྱུན་རང་བསྒྲུབས་མྱོང་བའི་མཁས་དབང་ཁག་ལྷན་དུ་བསྡུས་ཏེ་གྲོས་སྡུར་བྱེད་འདོད་པའི་དྲི་བ་ནི་འདི་དང་འདི་འདྲ་སྟེ། སྐད་ཡིག་གཅིག་སྒྱུར་གྱི་ཕན་ཡོན་ཅི་ཞིག་ཡིན་པ། དེར་དགེ་སྐྱོན་ཅི་ཞིག་ཡོད། སྐད་ཡིག་གཞན་པ་གཅིག་སྒྱུར་བྱས་པའི་ཉམས་མྱོང་ཅི་འདྲ་ཡིན་ནམ། ང་ཚོས་སྤྱིར་འཛམ་གླིང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཁྱད་པར་དུ་བོད་ཀྱི་སྐད་ཡིག་གི་ཆེད་དུ་གོང་གསལ་གནད་དོན་འདི་དག་ལ་རྒྱུས་ལོན་འབྱུང་བའི་རེ་བ་ཡོད་ལ། དེ་དང་ཆབས་ ཅིག་ཏུ་དོན་དངོས་ལྡན་པའི་ཐབས་ཤེས་གང་ཞིག་ལག་ལེན་སྟར་ཐུབ་པ་ཤེས་འདོད་ཡོད།

 

ཚོགས་འདུ་འདིར་ཞུགས་ཆེད་ཐོ་འགོད་རེའུ་མིག་བསྐངས་ནས་གློག་རྡུལ་ཡིག་ཟམ་events@trace.org ཡང་ན་ཁ་པར212-367-7380གང་རུང་བརྒྱུད་ནས་ང་ཚོར་བསྐུར་རོགས།

        

ལས་འཆར།
གཟའ་པ་སངས། ཟླ་བ་༣པའི་ཚེས་༢༦ཉིན།
ཐོ་འགོད།
ཕྱི་དྲོའི་ཆུ་ཚོད་5:30–6:00
སྙིང་དོན་གཏམ་བཤད་དང་བགྲོ་གླེང་།
ཕྱི་དྲོའི་ཆུ་ཚོད་6:00-7:00           
སྣེ་ལེན། ཕྱི་དྲོའི་ཆུ་ཚོད་7:00–8:00

གཟའ་སྤེན་པ། ཟླ་བ་༣པའི་ཚེས་༢༧ཉིན།
ཐོ་འགོད་དང་ཞོགས་ཟས་སྣེ་ལེན།
སྔ་དྲོའི་ཆུ་ཚོད་ 9:30–10:00
སྔ་དྲོའི་ཚོགས་འདུ།           
སྔོ་དྲོའི་ཆུ་ཚོད་10:00–12:00
གོང་ཟས་བར་སེང་།
ཕྱི་དྲོའི་ཚོགས་འདུ་དང་མཇུག་རྫོགས་ཀྱི་གཏམ་བཤད།
ཆུ་ཚོད་ 1:00–5:00

 

གཏམ་བཤད་མཁན་རྣམས།

སྐུ་ཞབས་ཌེ་ཝེ་ཌིབྷི་རཱ་ཌི་ལེ་ལགས༼མཇུག་རྫོགས་ཀྱི་གཏམ་བཤད་མཁན༽ནི་ཨོ་སི་ཁྲི་ལི་ཡའི་ལཱ་ཋི་རོབ་སློབ་གྲྭ་ཆེན་མོར་རྟེན་གཞི་བྱས་ཤིང་རྒྱ་ནག་དང་ཧྥ་རན་སི། ཐེ་ལན་དང་ཡིན་ལན་བཅས་སུ་ གདན་ཞུས་སློབ་དཔོན་ཆེན་མོའི་ལས་འགན་འཁུར་བའི་སྐུ་ཞབས་ཌེ་ཝེ་ཌིབྷི་རཱ་ཌི་ལེ་ལགས་ཀྱིས་ བོད་དང་འབར་མའི་སྐད་ཡིག་ཐད་ཀྱི་སྤྱི་ཚོགས་སྐད་བརྡ་རིག་པ་དང་ལོ་རྒྱུས་སྐད་བརྡ་རིག་པ། དེ་བཞིན་སྐད་ཡིག་རྒྱུན་འཛིན་དང་སྐད་ཡིག་སྲིད་ཇུས་བཅས་ཀྱི་ཐད་ཕྱག་ལས་གནང་གི་ཡོད། ཁོང་གིས་ད་བར་དུ་< <སྐད་ཡིག་ཉམས་ཉེས་དང་སྐད་ཡིག་རྒྱུན་འཛིན་>>ཞེས་པ་ཚུད་ པའི་དཔེ་དེབ་༢༨བརྩམས་པའམ་རྩོམ་སྒྲིག་བྱས་ཡོད། ཁོང་ནི་ཨོ་སི་ཁྲི་ལི་ཡའི་སྤྱི་ཚོགས་ཚན་རིག་ ཞིབ་འཇུག་ཁང་དང་ཨོ་སི་ཁྲི་ལི་ཡའི་སྤྱི་ཚོགས་རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། རྒྱལ་སྤྱིའི་གཏན་འཇགས་སྐད་བརྡ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ལྷན་ ཚོགས་ཀྱི་ཚོགས་མི་བཅས་ཡིན།


སྨིག་ལོསའཁོན་ཐར་ལགས་ནི་སཱེ་གེ་ཌི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་གྲོང་ཁྱེར་བུདྷ་པེ་སི་ཋི་རུ་ཡོད་པའི་ཧང་གཱ་རིའི་ཚན་རིག་ཞིབ་འཇུག་ཁང་སྐད་བརྡ་རིག་པའི་སློབ་གླིང་གི་སྤྱི་ཚོགས་སྐད་ བརྡ་རིག་པ་ཞིབ་འཇུག་ཚོགས་ཁག་གི་འགོ་གཙོ་ཡིན། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ ནི་ཧང་གཱ་རིའི་སྐད་རིགས་སྣ་ཚོགས་ཀྱི་སྐོར་ཡིན། ཁོང་གིས་ཞིབ་འཇུག་བྱེད་ཡུལ་ནི་སི་ལོ་ ཝ་ཁེ་ཡ་དང་ཡུ་ཁུ་རེན། རོ་མ་ནི་ཡ། སེར་བྷི་ཡ། ཁི་རོ་ཤི་ཡ།སི་ལོབ་ནི་ཡ།ཨོ་སི་ཁྲི་རི་ཡ་བཅས་ སུ་སྤྱོད་བཞིན་པའི་རིགས་མི་འདྲ་བའི་ཧང་གཱ་རིའི་སྐད་རིགས་སྣ་ཚོགས་དང་། ད་དུང་ཧང་གཱ་རི་དང་ ཨ་མེ་རི་ཁའི་སྐད་གཉིས་ལམ་ལུགས། དེ་བཞིན་སློབ་གསོའི་སྐད་བརྡ་རིག་པ་དང་སྐད་བརྡའི་ཐད་ ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་ཡིན། ཁོང་ལ་བརྩམས་ཆོས་མང་བོ་ཡོད་པ་ལས་ཁོང་གིས་ རྩོམ་སྒྲིག་གནང་བ་ཁག་ནི་< <ཧང་གཱ་རིའི་སྤྱི་ཚོགས་སྐད་བརྡ་རིག་པ།>>(C.ཕི་ལེ་དང་ལྷན་དུ་ བསྒྲུབས་པ༼རྒྱལ་སྤྱི་སྤྱི་ཚོགས་སྐད་ཡིག་དུས་དེབ་སྟེང་།)དང་། <<སྐད་ཡིག:ཐོབ་ཐང་ ཞིག་དང་ཐོན་ཁུངས་ཤིག་སྟེ། སྐད་བརྡའི་ཐད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བལྟ་བ> >(R.ཧྥི་ལིབ་ སོན་དང་T.ཀུད་ནབཀངྒ། T.ཝར་ཌེའེ་བཅས་དང་ལྷན་དུ་བསྒྲུབས) དང་< <དབུས་ཤར་ཡོ་རོབ་ནང་གི་ སྐད་རིགས་འབྲེལ་འདྲིས་(༢༠༠༠ལོའི་ཡོངས་འདུས་སྐད་རིགས་སྟེང་།)>>བཅས་སོ།།

 

མཱ་རིའེ་ལེཕི་རིན་སི་ལགས་༼ཚོགས་འདུའི་འགོ་འཛིན་པ༽ཀྱི་མི་རྒྱུས་ནི་ཧོ་ལན་རྒྱལ་ཁབ་ནས་ཡིན་ལ་གྲོང་ཁྱེར་ཁྲེང་ཏུའུ་དུ་དུས་ཡུན་རིང་བོའི་གཞིས་སྡོད་པ་ཞིག་ཡིན། ཁོ་མོས་རྒྱ་ནག་གི་སི་ཁྲོན་ཞིང་ ཆེན་གྱི་ནུབ་བྱང་ས་ཁུལ་དུ་མི་གྲངས་༡༥༠༠༠༠ལྷག་གིས་བེད་སྤྱོད་བཞིན་པའི་རྒྱལ་རོང་ཡུལ་སྐད་ཀྱི་སྐད་གདངས་དང་བརྡ་སྤྲོད་སྐོར་ཞིབ་འཇུག་བྱེད་བཞིན་ཡོད། མ་ཟད། ཁོ་མོས་ཨ་མདོའི་བོད་སྐད་ གཅིག་སྒྱུར་སྐོར་གྱི་སྣང་ཚུལ་ཐད་ཀྱང་ཞིབ་འཇུག་བྱེད་བཞིན་ཡོད།ཁོ་མོས་རྒྱལ་རོང་གི་ཡིག་རྙང་གསོག་ཉར་བྱས་པ་དང་ཆབས་ཅིག་རྒྱལ་རོང་ཡུལ་སྐད་ནང་གི་ཐ་སྙད་སྐོར་གྱི་ཞིབ་འཇུགས་གྲངས་མེད་ཅིག་བྱས། འདས་པའི་ལོ་བཅུའི་རིང་ཁོ་མོས་བོད་ཀྱི་ཁམས་དང་ཨ་མདོའི་ས་ཁུལ་དུ་ཡར་རྒྱས་ལས་ གཞི་སྤེལ་བཞིན་པའི་རྒྱལ་སྤྱིའི་ཐེབས་རྩ་ཚོགས་པ་མང་བོའི་ནང་དུ་ཕྱག་ལས་གནང་

སྐུ་ཞབས་ལྗེ་ཧྥེརཤེ་ཧོ་ལིས་ལཱ་སྨི་མཆོག་ནི་ཁཱ་ན་ཌའི་ཁར་ལེ་ཋོན་སློབ་གྲྭ་ཆེན་མོའི་སྐད་བརྡ་རིག་པ་དང་སྐད་ཡིག་ཞིབ་འཇུག་གླིང་གི་ཕྱག་རོགས་སློབ་དཔོན་ཆེན་མོ་ཡིན། ཁོང་གིས་སྐད་ཡིག་གི་ ནུས་པ་དང་སྤྱི་ཚོགས་འཚོ་བའི་ནང་གི་སྐད་ཆ་ལ་དག་ཐེར་དང་གོ་རྟོགས་ཡོང་ཆེད་འབད་བརྩོན་གནང་ བཞིན་ཡོད། ཁོང་གི་སློབ་གསོ་དང་ཞིབ་འཇུག་ཕྱོགས་ཀྱི་འདོད་མོས་ནི་སྐད་ཆ་ལ་དག་ཐེར་དང་ ཉམས་ཞིབ། སྐད་ཡིགརྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་ངོས་ལེན། གྲངས་ཉུང་མི་རིགས་སྐད་ཡིག་ སྟེང་གི་གསར་འཕྲིན་སྤེལ་ལམ། སྐད་ཡིག་གི་སྲིད་ཇུས་དང་འཆར་འགོད་བཅས་ཡིན། ཁོང་གི་ འབུམ་རམས་པའི་ཐོབ་ཐང་ཆེད་དུ་བརྩམས་པའི་དཔྱད་རྩོམ་ནང་དུ་ཁཱུར་ཌིའི་མི་རིགས་གཙོ་བོ་བྱས་ ནས་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་གསར་འཕྲིན་སྤེལ་ལམ་གསར་བའི་བར་གྱི་འབྲེལ་གཏུག་དང་ཕན་ཚུན་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ཞིབ་འཇུག་བྱས་ཡོད། མིག་སྔར། ཁོང་གིས་ཞིབ་འཇུག་གི་ ཕྱག་ལས་གཙོ་བོ་ནི་ཁཱུར་ཌིའི་སྐད་ཡིག་གི་འཆར་འགོད་དང་སྲིད་ཇུས་སྐོར་རེད།

 

ཁམས་དང་།ཨ་མདོ་དང་དབུས་གཙང་ནས་ཕེབས་པའི་གཏམ་བཤད་མཁན་རྗེས་ནས་ཁྱབ་བསྒྲགས་བྱེད་ རྒྱུ་ཡིན།

རེའུ་མིག་ཕབ་ལེན།
ཀླད་དུ་ཕྱིར་ལོག

 

 

 

 

ཚོགས་འདུ།

> ཀུན་ཕན་ཐེབས་རྩ་ཚོགས་པའི་འཆད་ཁྲིད་སྟར་མ་ཟེར་བ་དེ་ཅི་ཞིག་ཡིན་ནམ།

གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས