ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

འཆད་ཁྲིད་སྟར་མ།
 
 

image description

༠༠༩ལོའི་ཟླ་༡༠ཚེས་༢༣ནས་༢༤བར།

གྲངས་ཉུང་མི་རིགས་སྐད་ཡིག་གི་ཟུངས་ཤུགས་དང་གསོན་སྟོབས




ཨཱ་རིན་ཌི་ཝ་ཡེར Arienne Dwyer ། ཁན་སཱ་སི་སློབ་གྲྭ་ཆེན་མོའི་མི་རྒྱུད་དཔྱད་རིག་སྡེ་ཁག་གི་སློབ་དཔོན་གཞོན་པ།

སློབ་དཔོན་ཌི་ཝ་ཡེར་ལགས་ཀྱི་མི་ཚེའི་སྡོམ་ཚིག་ནི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྤྱི་ཚོགས་སྐད་བརྡ་རིག་པའི་ནང་དུ་བཞག་ཡོད། ཁོ་མོས་ཡུལ་འདི་དག་གི་སྐད་ཡིག་ཡིག་ཚགས་སུ་བཀོད་དེ་གསོག་ཉར་བྱེད་པའི་མང་ཚོགས་གཙོ་པའི་ དངོས་མྱོང་ལག་ལེན་གྱི་ཞིབ་འཇུག་ལས་གཞི་འགར་འགོ་ཁྲིད་བྱས་ཡོད། ལས་གཞི་དེ་དག་ཏུ་ཚུད་པའི་སྐད་རིགས་ཁག་ཏུ་ཟཱ་ལར་སྐད་དང་ཧྭ་སག་སྐད། ཡུ་གུར་སྐད། ཧོར་སྐད། ཏོ་སྐད། ཀྱེར་གྱའི་ སྐད་སོགས་འདུས་ཡོད། སློབ་དཔོན་ཌི་ཝ་ཡེར་ལགས་ཁྱད་པར་དུ་སྐད་ཡིག་ལག་ རྩལ་གྱི་ཕྱོགས་ལ་དགའ་མོས་ཡོད། ཁོ་མོས་ཟཱ་ལར་སྐད་དང་རིའོ་རྒི་རན་ཌེ་ཏེ་ཝ་སྐད་གཉིས་ཀྱི་གློག་ཀླད་ཡིག་གཟུགས་འོད་སྡེར་དུ་བཟོས་ཡོད་པ་ མ་ཟད། སྐད་ཡིག་ཐོན་ཁུངས་རྒྱུ་ཆ་དང་ལག་རྩལ་གྱི་ཐད་དུ་བཞུགས་མོལ་ཚོགས་འདུ་གཉིས་ཚོགས་ཡོད། ཚོགས་འདུ་དེ་དག་ནི་“སྐད་བརྡ་རིག་པའི་གྲངས་རྟགས་ལག་ཆའི་བགྲོ་གླེང་ཚོགས་འདུ་”དང་ཧེ་ལན་ཨ་རི་སི་ཋར་དང་མཉམ་འབྲེལ་གྱིས་བསྡུས་པའི་“སྐད་ཡིག་ཐོན་ཁུངས་རྒྱུ་ཆ་ཕན་ ཚུན་བརྗེ་རེས་ཀྱི་ཕྱོགས་སུ་སྐྱོད་པ་”ཞེས་པ་གཉིས་སོ།།

 



མཁས་དབང་ཧྥི་ཤི་མན་ Joshua A. Fishman་ལགས་ནི་ཡེ་ཤི་ཝ་སློབ་གྲྭ་ཆེན་མོའི་མིང་དུ་གྲགས་པའི་སྤྱི་ ཚོགས་ཚན་རིག་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་དང་གཟི་ལྡན་ལས་འཁྱུར་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་ཡིན། །

ལོ་ངོ་བཅུ་ཕྲག་འགའི་ཞིབ་འཇུག་བརྒྱུད་མཁས་དབང་ཧྥི་ཤི་མན་ལགས་སྐད་ཡིག་སྤྱི་ཚོགས་རིག་པའི་མཁས་དབང་རྩེ་གྲས་ཤིག་ཏུ་གྱུར། ཁོང་གི་ ཞིབ་འཇུག་དགའ་ཕྱོགས་སུ་སྐད་ཡིག་རིག་པ་ཆོས་ལུགས་རིག་པ་དང་མི་རིགས་རིག་པ། ཡི་ཌི་སྐད་ཡིག་གི་སྤྱི་ཚོགས་སྐད་བརྡ་རིག་པ་དང་སྐད་ཡིག་འཆར་འགོད། དེ་ བཞིན་སྐད་གཉིས་སློབ་གསོ་ལག་བསྟར་བཅས་ཚུད་ཡོད། ཁོང་གི་མིང་གྲགས་ཡོད་པའི་བརྩོམས་ཆོས་ནི། ཁྱེད་ཀྱི་སྐད་ཡིག་རང་དགར་མ་འཇོག སྐད་བརྡའི་ཡིག་ཚང་འཆར་འགོད་ཀྱི་སྐད་ཡིག་སྲིད་ཇུས་ནང་དུ་ སྦས་སྐུང་བྱས་པའི་དམིགས་ཡུལ༼༢༠༠༦༽དང སྐད་ཡིག་བརྗེ་སྒྱུར་ཕྱིར་ལྡོག་བྱེད་པ། ཉེན་ཁར་ཐུག་པའི་སྐད་ཡིག་ལ་གཞུང་ལུགས་དང་ལག་བསྟར་ཐད་ཀྱི་རོགས་སྐྱོར༼༡༩༩༡ལོ༽ཡིན། ཁོང་གིས་ ཆེད་ལས་འདིའི་ཐོག་ཏུ་བཞག་པའི་བྱས་རྗེས་ལ་ངོས་འཛིན་དང་གཟེངས་བསྟོད་ཐོབ་སྟེ་དེའི་ཆེད་དུ་ཆེད་དོན་རྩོམ་ཡིག་དེབ་གཉིས་བཏོན་པ་དང་ཆེད་དོན་ཚོགས་འདུ་ཡང་ཚོགས་ཡོད། སྤྱི་ལོ་༢༠༠༤ལོར་ཁོང་ལ་ལིབ་རྒོའུ་ཝ་ཕེག་སི་གཟེངས་ བསྟོད་བྱ་དགའ་ཐོབ།

 

ཁྲོ་བོ་རྒྱལ་མཚན། Trowo Gyaltsen སི་ཁྲོན་ཞིང་ཆེན་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭའི་མཐོ་རིམ་དགེ་རྒན་ཡིན།

ཁྲོ་བོ་རྒྱལ་མཚན་གྱིས་མཚན་ཉིད་རིག་པ་སློབ་སྤྱོང་བྱས་ཚར་ནས་འབར་ཁམས་མི་རིགས་དགེ་ཐོན་སློབ་གྲྭ་ནས་ཕལ་ཆེར་ ལོ་ངོ་ཉུ་ཤུའི་རིང་ལ་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་གནང་། ཁོང་ནི་བོད་རྒྱ་སྐད་ཡིག་གཉིས་སུ་འདོན་སྤེལ་བྱེད་ བཞིན་པའི་བོད་ཁུལ་སློབ་གསོའི་གླེང་སྟེགས་ དུས་དེབ་ ཀྱི་རྩོམ་སྒྲིག་པ་གཙོ་བོ་ཡིན།དུས་དེབ་འདིས་གཙོ་བོ་བོད་ཁུལ་ སློབ་གསོའི་མལ་ལུགས་དང་སྐད་གཉིས་སྟེང་གི་ཕ་སྐད་སློབ་གསོ་དང་དེ་མིན་གྱི་གནད་དོན་མང་བོའི་དོན་གནད་འཚོལ་བཞིན་ཡོད། ཁོང་གིས་མཚན་ཉིད་རིག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་གནས་ལུགས་སྣང་བའི་བསླུ་བྲིད་ཅེས་པ་ འདོན་སྤེལ་བྱས་ཡོད། དེ་མིན་ད་དུང་ཁོང་གིས་དེང་གི་བོད་ཡུལ་སློབ་གསོའི་ལག་བསྟར་ཐད་ཤུགས་རྐྱེན་ཆེ་བའི་རྩོམ་ ཡིག་མང་བོ་བྲིས་ཡོད།

 

 

སློབ་དཔོན་ལཱོ་བྷིའན་ཁཱོ་ཡིས་སྐད་ཡིག་སྲིད་ཇུས་ཐད་ཀྱི་གནད་དོན་ལ་ལྟ་ཕྱོགས་མང་པོའི་སྒོ་ནས་ཞིབ་འཇུག་བྱས་ཡོད་པ་དང་ཁོང་གི་སྦྱོང་བརྡར་འཛམ་གླིང་དུ་ཁྱབ་བརྡལ་བྱས་ཡོད།

 

ཁོང་གིས་དཔལ་འབྱོར་དང་སློབ་གསོ་རིག་པའི་ཤེས་རམས་པའི་སློབ་ཐང་བླངས་ཡོད། ཁོང་གིས་སྐད་གཉིས་སློབ་གསོའི་ རབ་འབྱམས་པའི་སློབ་ཐང་དང་གནས་སྤོའི་སྤྱི་ཚོགས་རིག་པའི་སློབ་མཐར་ཕྱིན་པའི་ཐོབ་ཐང་། དེ་མིན་ཨ་རིའི་སྐད་ཡིག་སྲིད་ཇུས་ཀྱི་འབུམ་རམས་པའི་སློབ་ཐོབ་སོགས་བླངས་ཡོད། སློབ་དཔོན་ལཱོ་བྷིའན་ཁཱོ་ཡིས་ཨོ་སི་ཁྲི་ལི་ཡ་ནས་དབྱི་ཏ་ལི་དང་དབྱིན་ཇིའི་སྐད་རིགས་གཉིས་ལྡན་གྱི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་ཡིན་པས་ཁོང་གིས་སྐད་རིགས་མང་པོ་ཤེས་མཁན་གྱི་རིན་ཐང་དང་སྤྱི་ཚོགས་ཀྱི་དགོས་མཁོ་གཉིས་ཀར་ཤེས་རྟོགས་ཆེན་པོ་བྱུང་པ་དང་གོ་རྟོགས་འདི་ཁོང་གི་ལས་ཀ་དང་ཐབས་ལམ་སོགས་སུ་བེད་སྤྱོད་བྱས་པ་རེད། ༡༩༨༧ལོར་ཁོང་གིས་ཨོ་སི་ཁྲི་ལི་ཡའི་ཆེས་ཐོག་མའི་རྒྱལ་ཡོངས་སྐད་ཡིག་སྲིད་ཇུས་ཕྱག་རྩོམ་སྤེལ། དེ་ནི་རྒྱལ་སྤྱིའི་སྐད་ཡིག་འཆར་གཞིའི་དཔེ་མཚོན་ཞིག་ཏུ་གྱུར། སློབ་དཔོན་ལཱོ་བྷིའན་ཁཱོ་ཡིས་རྒྱལ་ཁབ་ཉི་ཤུ་ལྷག་གི་ནང་དུ་སྐད་ཡིག་སློབ་གསོའི་སྲིད་ཇུས་ཀྱི་སློབ་སྟོན་པའི་འགན་ཁུར་མྱོང་། ཆེས་ཉེ་སྔོན་ཁོང་གིས་ཐེ་ལན་རྒྱལ་ཁབ་ཀྱི་རྒྱལ་པོའི་སློབ་གླིང་དུ་བྱ་བ་ལས་ནས་ཨོ་སི་ཁྲི་ལི་ཡ་རྒྱལ་ཡོངས་སྐད་ཡིག་སྲིད་ཇུས་གཞི་བཟུང་་ནས་ཐེ་ལན་རྒྱལ་ཁབ་ཀྱི་སྐད་ཡིག་སྲིད་ཇུས་གསར་སྐྲུན་བྱས། དུས་མཚུངས་སུ་ཁོང་གིས་ཨར་ལན་ཏིའི་སྲིད་གཞུང་དང་མཉམ་དུ་ལས་བྱ་བ་སྒྲུབ་ནས་ཨར་ལན་ཏིའི་སྐད་ཡིག་གི་སླར་གསོ་ལ་ལོ་ངོ་ཉི་ཤུའི་འཆར་གཞི་བཟོས་ཡོད། ཨོ་སི་ཁྲི་ལི་ཡ་དང་རྒྱལ་སྤྱིའི་སྟེང་ནས་ཁོང་ལ་གཟེངས་བསྟོད་བྱ་དགའ་འདྲ་མིན་གནང་བ་བརྒྱུད་ཁོང་གི་སྲིད་ཇུས་ཐད་བཞག་པའི་མཛད་རྗེས་དང་བརྩམས་ཆོས་གཉིས་ཀར་ངོས་འཛིན་དང་གདེང་འཇོག་ཆེན་པོ་ཐོབ་ཡོད།

 


སློབ་དཔོན་སི་ཕེར་ལིང་Elliot་Sperling་ནི་ཡིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ཡོ་རོབ་དང་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་སྡེ་ཁག་གི་སློབ་དཔོན་ཆེན་མོ་རེད།

སློབ་དཔོན་སི་ཕེར་ལིང་ Elliot Sperlingནི་བོད་རྒྱའི་འབྲེལ་བ་དང་ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ ལ་ཆེད་གཉེར་བྱེད་པའི་མཁས་པ་རྩེ་གྲས་ཤིག་ཡིན། མ་ཁར་ས་༼ཕུལ་བྱུང་ཤེས་རབ་ཅན་༽གྱི་བྱ་དགའ་ དང་ཧྥུལ་པི་རེའེ་ཐི་བྱ་དགའ་ཐོབ་མཁན་སློབ་དཔོན་སི་ཕེར་ལིང་གི་བརྩམས་ཆོས་སུ་དུས་རབས་༡༤ནས་ད་བར་དུ་ཨེ་ཤ་ཡ་དབུས་མའི་ཡུལ་གྱི་མི་རིགས་འབྲེལ་འདྲིས་རྣམ་པར་ཞིབ་འཇུག་བྱས་པའི་རྩོམ་ཡིག་མང་བོ་ཡོད། ཁོང་གི་པར་སྐྲུན་བྱས་ཡོད་པའི་བརྩོམས་ཆོས་ནི་བོད་རྒྱའི་བར་གྱི་སངས་རྒྱས་ཆོས་ལུགས་ཞེས་པའི་ནང་གི་བོད་བརྒྱུད་ནང་བསྟན། དངོས་མྱོང་དང་འཆར་སྣང་། མིང་རྒྱལ་རབས་སྐབས་ཀྱི་བོད་རྒྱའི་མཐའ་མཚམས༼༢༠༠༩༽ དང་བོད་རྒྱའི་དཀའ་རྙོག་སྟེ། ལོ་རྒྱུས་དང་རྩོད་གླེང༼༢༠༠༤༽།གཞན་ཡང་ འཆར་སྣང་གི་བོད་ཡུལ་ཏེ། དངོས་མྱོང་། ཆེད་བཀོད། སྣང་འཆར་ཞེས་པའི་ནང་གི་ཤར་ཕྱོགས་རིང་ལུགས་དང་བོད་ཀྱི་སྲོལ་རྒྱུན་ནང་གི་དྲག་སྤྱོད་ ཀྱི་རྣམ་པ༼༢༠༠༡༽།

 

> ངོ་སྤྲོད་འདི་ཁྱེར་བདེའི་ཡིག་ཆའི་རྣམ་པས་(PDF)ཕབ་ལེན་བྱེད།
^ ཀླད་དུ་ཕྱིར་ལོག