ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

འཆད་ཁྲིད་སྟར་མ།
 
 

image description

འཆད་ཁྲིད་མཁན་གྱི་མཚམས་སྦྱོར།

དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག






མཁས་དབང་ཕེ་ཋེར་ཁེ་ཨོ་སི་ཋིན་(Peter K. Austin)ནི་ཤར་ཕྱོགས་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་གླིང་གི་འཇིག་ཉེན་ཡོད་པའི་སྐད་ཡིག་ཆེད་སྦྱོང་ལས་རིམ་གྱི་འགན་འཛིན་ཡིན།

ཕེ་ཋེར་ཁེ་ཨོ་སི་ཋིན་གྱི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ཞིབ་འགྲེལ་རང་བཞིན་དང་གཞུང་ལུགས་བཞིན། དེ་བཞིན་ཉམས་ལེན་རང་བཞིན་བཅས་ཀྱི་སྐད་བརྡ་རིག་པ་ཡིན། ཁོ་ལ་ཨོ་སི་ཁྲི་ལི་ཡའི་གདོད་མའི་མིའི་སྐད་ཡིག་གི་ཐོག་ཉམས་མྱོང་ངེས་ཅན་ཡོད་ལ་དེ་དང་འབྲེལ་ནས་ཁོས་དྲ་ཐོག་ཏུ་ལྷོ་ཝེལ་སི་གསར་པའི་བྱང་རྒྱུད་ཀྱི་ཀྨི་ལཱ་རོའེ་ཡི་སྐད་གཉིས་ཤན་སྦྱར་ཚིག་མཛོད་ཅིམ་བརྩམས་ཤིང་། དེ་མ་ཡིན་པའི་གདོད་མའི་མིའི་སྐད་ཡིག་གི་ཚིག་མཛོད་གཞན་པ་བདུན་པར་སྐྲུན་གནང་། སྤྱི་ལོ་༡༩༩༥ནས་བཟུང་། ཁོང་གིས་ཨིན་ཌོ་ནེ་ཤེ་ཡའི་ལོམ་བྷོག་དང་སུམ་བྷ་བ་གླིང་ཕྲན་གཉིས་ཀྱི་ཨོ་སི་ཋི་རོ་ནེ་ཤེ་ཡའི་སྐད་རིགས་སུ་གཏོགས་པའི་སཱ་སག་དང་ས་མཱ་ཡ་སྐད་གཉིས་ཀྱི་ཐོག་ཏུ་འཇུག་བཞིན་གནང་བཞིན་ཡོད། ཁོའི་ཆེས་ཉེ་སྔོན་གྱི་བརྩམས་དེབ་ནི་སྐད་རིགས་སྟོང་ཕྲག་གཅིག འཛམ་གླིང་ཡོངས་ཀྱི་གནས་དང་འཇིག་ཟིན་པའི་སྐད་བརྡའི་ལོ་རྒྱུས་ཞེས་པ་དེ་ཡིན་ཞིང་། དེབ་འདིའི་ནང་དུ་འཛམ་གླིང་ཡོངས་ཀྱི་སྐད་རིགས་ཁག་གི་གནས་སྟངས་སྔོག་འདོན་བྱས་ཡོད།

 

པདྨ་འབུམ་ནི་ལ་རྩེ་བོད་ཀྱི་དེང་རབས་རིག་གནས་དཔེ་མཛོད་ཁང་གི་འགན་འཛིན་ཡིན།

སྐུ་ཞབས་པདྨ་འབུམ་ནི་བོད་ཀྱི་རྩོམ་རིག་གི་སྤྱི་ཚོགས་སུ་ཆེས་བརྩི་བཀུར་ཐོབ་པའི་མི་ཞིག་ཡིན། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རབ་འབྱམས་པ་ཐོབ་ཐང་བླངས་ཤིང་སློབ་ཆེན་དེ་ཉིད་ནས་ཁོང་གིས་སྤྱི་ལོ་༡༩༨༣ནས་༡༩༨༨ལོར་བར་དུ་མཉམ་འབྲེལ་སློབ་དཔོན་གྱི་ངོ་བོའི་ཐོག་ནས་དཔེ་ཁྲིད་གནང་། སྤྱི་ལོ་༡༩༩༤ནས་༡༩༩༧ལོ་བར་དུ་ཁོང་གིས་ཨིཎྜི་ཡ་ནཱ་སློབ་གྲྭ་ཆེན་མོར་བོད་སྐད་ཡིག་གི་གདན་ཞུས་སློབ་དཔོན་གཞོན་པའི་འགན་བཞེས། ཁོང་གིས་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་འཛུགས་རོགས་བྱས་པ་མ་ཟད་མང་གཙོ་ཚགས་པར་དང་རྩོམ་རིག་དུས་དེབ་ལྗང་གཞོན་གཉིས་ཀའང་བཏོན། ཁོང་གིས་སྤྱི་ལོ་༢༠༠༡ལོར་བྲིས་པའི་་རིག་གནས་གསར་བརྗེའི་སྐབས་ཀྱི་དྲན་ཐོ་ཡིག་སྒྱུར་བྱས་ཡོད་ལ་ཁ་བྱང་དུ་དྲན་ཐོ་སྨིན་དྲུག་སྐེ་འཁྱོག་ཟེར་ཞིང་། ཆེས་ཉེ་སྔོན་གྱི་ཕྱག་རྩོམ་སྤྱི་ལོ་༢༠༠༧ལོར་བྲིས་པའི་ཟེར་ཞིང་། ཆེས་ཉེ་སྔོན་གྱི་ཕྱག་རྩོམ་སྤྱི་ལོ་༢༠༠༧ལོར་བྲིས་པའི་ཞེས་པ་དེ་ཡིན།

 

ཧྥེར་ནན་ཌེ་ཝ་རེན་,ནི་མུར་ཌོག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་ལས་ཚབ་གླིང་གཙོ་དང་མཉམ་འབྲེལ་སློབ་དཔོན་ཡིན།

མཁས་དབང་ཧྥེར་ནན་ཌེ་ཝ་རེན་མཁས་དབང་ཧྥེར་ནན་ཌེ་ཝ་རེན་ནི་སྐད་ཡིག་གི་ཐོབ་ཐང་གི་ཐོག་ཁྲིམས་ཐོག་འཛམ་གླིང་དུ་ངོས་འཛིན་ཡོད་པའི་ཆེད་ལས་མཁས་པ་ཡང་རྩེའི་གྲས་ཤིག་ཡིན་ལ། ཁོང་གིས་རང་ཉིད་བརྗོད་བྱ་འདིའི་གསར་རྩོམ་གཉིས་བྲིས་ཡོད། དེ་གཉིས་ནི་སྤྱི་ལོ་༡༩༩༦ལོར་བྲིས་པའི་སྐད་ཡིག གྲངས་ཉུང་མི་རིགས། འགྲོ་བ་མིའི་ཐོབ་ཐང་ ཞེས་པ་དང་༢༠༠༡ལོར་བྲིས་པའི་གྲངས་ཉུང་མི་རིགས་དང་སྐད་ཡིག་གི་ཐོབ་ཐང་མཛུབ་སྟོན་ཞེས་པ་གཉིས་ཡིན། ཁོང་ནི་སྤྱི་ལོ་༢༠༠༤ལོའི་ལིཎྒོ་ཕེག་སི་རྟགས་མ་ཐོབ་མཁན་དང་ཨེར་ལཎ་བྱང་མ་རུ་ཡོད་པའི་ཁ་མཆུ་འདུམ་འགྲིག་དང་དང་མི་རིགས་གནད་དོན་ལས་འགུལ་ཁང་གིས་སྤེལ་བའི་ཨོ་ནེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ཞིག་ཡིན། ཁོང་གིས་ད་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བྱ་གཞག་ཚོགས་ཆུང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས། ཡུ་རོབ་བདེ་འཇགགས་དང་མཉམ་འབྲེལ་རྩ་འཛུགས་ཀྱི་མི་རིགས་གྲངས་ཉུང་གི་ཆེས་མཐོའི་འགན་འཛིན་ལྷན་ཚོགས་སོགས་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། གྲངས་ཉུང་མི་རིགས་དང་མི་རིགས་འགལ་ཟླ་སོགས་ཀྱི་ཐོག་ཏུ་ཕྱག་ནས་གནང་།

 

རྒྱ་ལོ་,ནི་ཊོ་རོན་ཊོ་སློབ་གྲྭ་ཆེན་མོའི་སློབ་གསོའི་གླིང་གི་སྤྱི་ཚོགས་རིག་པ་དང་མ་རྐང་ཞིབ་འཇུག་སྡེ་ཁག་གི་གདན་ཞུས་མཁས་པ་ཞིག་ཡིན།

རྒྱ་ལོ་ནི་ཉམས་མྱོང་ལྡན་པའི་སློབ་གསོ་བ་ཞིག་དང་ཀྲུང་གོའི་སློབ་གསོའི་ལམ་ལུགས་ཀྱི་ནང་ནས་བོད་སྐད་ཡིག་གི་ཞིབ་འཇུག་པ་ཞིག་བཅས་ཡིན། ཁོང་གིས་མི་ལོ་བཅུ་ཕྲག་ལྷག་གི་རིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སྡེ་ཁག་ཏུ་སློབ་དཔོན་གཞོན་པའི་གདན་ཐོབ་འོག་ནས་དཔེ་ཁྲིད་གནང་། ཁོང་གི་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་བོད་ཀྱི་རིག་གནས་ཀྱི་འཕེལ་རྒྱས། སློབ་གསོའི་ལམ་ལུགས་ཐོག་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས། དེང་རང་སྤྱི་ཚོགས་སུ་སྲོལ་རྒྱུན་རིག་གནས་ལ་འཕྲད་པའི་དཀའ་ངལ། སློབ་གསོའི་ལམ་ལུགས་ཐོག་གི་དམངས་ཁྲོད་ཀྱི་ཤེས་བྱ་སོགས་སོ།། ཁོང་གི་བརྩམས་ཆོས་ལ་མཚོན་ན་སློབ་གསོའི་ལམ་ལུགས་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་འཕེལ་རྒྱས་བརྗོད་བྱར་བྱས་པའི་དཔེ་དེབ་འགའ་རེ་ཡོད་ལ། དེ་ལས་ལེའུ་གཅིག་གོ་ལ་ཧྲིལ་བོའི་སློབ་གསོའི་གནད་དོན་ཞེས་པའི་དེབ་ཕྲེང་རྗེས་མའི་ནང་དུ་ཡོང་གི་ཡོད།

 

Manlha Kyi, Faculty of Education, University of Hong Kong

Manlha Kyi brings with her experience in teaching, research, and development work. Her research interests include language policy, language and minority rights, and multiculturalism in education. In the 1990s, she served as an English teacher and administrator at Qinghai Nationalities University in Xining, Qinghai Province, P.R.China. She has also worked as a program officer in education projects for a non-government organization in Tibetan areas of China. She holds a Master of Education from Teachers College, Columbia University, and is currently pursuing a doctorate at the University of Hong Kong.

 

> ངོ་སྤྲོད་འདི་ཁྱེར་བདེའི་ཡིག་ཆའི་རྣམ་པས་(PDF)ཕབ་ལེན་བྱེད།
^ ཀླད་དུ་ཕྱིར་ལོག

 

ཚོགས་འདུ།

> ཀུན་ཕན་ཐེབས་རྩ་ཚོགས་པའི་འཆད་ཁྲིད་སྟར་མ་ཟེར་བ་དེ་ཅི་ཞིག་ཡིན་ནམ།

> འཆད་ཁྲིད་སྟར་མའི་བང་མཛོད།

> འཆད་ཁྲིད་ཀྱི་ལས་རིམ།

> འདས་པའི་འཆད་ཁྲིད་སྐབས་ཀྱི་མཆན་འགྲེལ།