ཚོགས་འདུ།
> ཀུན་ཕན་ཐེབས་རྩ་ཚོགས་པའི་འཆད་ཁྲིད་སྟར་མ་ཟེར་བ་དེ་ཅི་ཞིག་ཡིན་ནམ།
> འཆད་ཁྲིད་སྟར་མའི་བང་མཛོད།
> འཆད་ཁྲིད་ཀྱི་ལས་རིམ།
> འདས་པའི་འཆད་ཁྲིད་སྐབས་ཀྱི་མཆན་འགྲེལ།
ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།


ཐེངས་རྗེས་མ།
ཀུན་ཕན་ཐེབས་རྩ་ཚོགས་པའི་འཆད་ཁྲིད་སྟར་མའི་ལས་རིམ་གྱི་༢༠༠༩ལོའི་སྤྱི་ཟླ་༡༠བའི་ཚོགས་ཐེངས།
ཀུན་ཕན་ཐེབས་རྩ་ཚོགས་པས་འཆད་ཁྲིད་སྟར་མ་ཞིག་སྤེལ་གྱི་ཡོད་ལ། འཆད་ཁྲིད་འདི་དག་གིས་སྤྱིར་གོ་ལ་ཧྲིལ་བོ་དང་། ནང་སྒོས་སུ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་སུ་རིག་གནས་དང་སློབ་གསོ། འཕྲོད་བསྟེན་དང་ཞིང་འབྲོག་ཡར་རྒྱས་བཅས་ཀྱི་ཡར་རྒྱས་ལས་དོན་དང་འབྲེལ་བའི་བརྗོད་བྱ་ཁག་གི་ཐོག་ལ་དཔྱད་བརྗོད་གཏོང་བར་ཤུགས་སྣོན་རྒྱག་གི་ཡོད། འཆད་ཁྲིད་རེ་རེས་བརྗོད་བྱ་མི་འདྲ་བ་རེ་རེའི་ཐོག་ཏུ་གླེང་སློང་གི་ཡོད་སྟེ། དཔེར་ན། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག ཡར་རྒྱས་ཀྱི་མིག་དཔེ། ས་ཁོངས་བེད་སྤྱོད། རིག་གནས་རྒྱུན་འཛིན། ཡུལ་སྐོར་དང་ས་གནས་སྤྱི་ཚོགས། སློབ་གསོ། ཕོ་མོ་འདྲ་མཉམ་གྱི་བསམ་བློ། དམངས་ཁྲོད་སྨན་བཅོས་ཤེས་བྱ་དང་མི་རིགས་ཕན་ཚུན་གྱི་སྤྱི་ཚོགས་བར་མཐུན་འབྲེལ་སོགས་སོ།། བརྗོད་བྱ་མཐུན་པའི་འཆད་ཁྲིད་སྟར་མ་ཁག་འཆད་ཁྲིད་སྟར་མའི་ཚོགས་འདུ་འགའ་རེར་བགོས་ཏེ་དུས་མཚམས་རེ་རེ་བཞིན་སྤེལ་གྱི་ཡིན་ལ། འཆད་ཁྲིད་འདི་དག་གི་སྐབས་སུ་མིག་མདུན་གྱི་གནད་དོན་ཐོག་ཏུ་བགྲོ་གླེང་བྱེད་ཆེད་རྒྱལ་ཁོངས་དང་སློབ་ཁོངས་མི་འདྲ་བའི་གཏམ་བཤད་མཁན་སྣ་ཚོགས་གདན་འདྲེན་བྱས་ཏེ་གནད་དོན་ལ་དཔྱད་བསྡུར་དང་རང་ཉིད་ཀྱི་ཉམས་མྱོང་ངོ་སྤྲོད་བྱེད། འཆད་ཁྲིད་འདི་དག་རིན་མེད་ཡིན་པས་མང་ཚོགས་སུ་ཡོང་ཡང་རང་དབང་ཡིན་ལ། འཆད་སྟར་མའི་གནས་ཚུལ་དག་པར་སྐྲུན་བྱས་ཏེ་འགྲེམས་སྤེལ་བྱེད།
ཀུན་ཕན་ཐེབས་རྩ་ཚོགས་པས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་ལོ་ངོ་༡༥རིང་ལ་ཕྱག་ལས་གནང་ཞིང་། ལོ་འདི་དག་རིང་ལ་ཐེབས་རྩ་ཚོགས་པས་རིག་གནས་དང་སློབ་གསོ། འཕྲོད་བསྟེན་དང་ཞིང་འབྲོག་ཡར་རྒྱས་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་ལས་རོགས་ལས་ཁུངས་དང་མི་སྒེར་སོགས་དང་མཉམ་འབྲེལ་གྱི་སྒོ་ནས་ལས་གཞིར་མ་དངུལ་སྤྲོད་པ་དང་ལས་གཞི་ལག་བསྟར་བྱེད་པ་བཅས་ཀྱི་ཕྱོགས་སུ་འབད་ཡོད། ད་ཐེངས་འཆད་ཁྲིད་སྟར་མ་འདི་སྤེལ་བ་བརྒྱུད། ས་ཁོངས་དང་སློབ་ཁོངས། དེ་བཞིན་ཆེད་ལས་ཀྱི་རྒྱབ་ལྗོངས་བཅས་མི་འདྲ་བའི་ཆེད་ལས་མཁས་པ་རྣམས་ཀྱི་བསམ་བློ་བརྗེ་རེས་དང་གྲོས་བསྡུར་བཅས་བྱེད་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དེ་ཀུན་ཕན་ཐེབས་རྩ་ཚོགས་པའི་དམིགས་ཡུལ་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པའི་རེ་བར། སྡིངས་ཆ་འདིས་གསལ་རྟོགས་དང་མཉམ་འབྲེལ་གྱི་རྐྱེན་བྱས་ཏེ་འབྲེལ་ཡོད་ཁག་གི་ལས་ཀའི་ཐོག་ཏུ་བྱེད་སྒོ་གསར་པ་སྣ་ཚོགས་འཁྲུངས་རྒྱུ་དེ་རེད།
འཆད་ཁྲིད་སྟར་མའི་ལས་རིམ་འདི་༢༠༠༨ལོའི་སྤྱི་ཟླ་༡༡པའི་ནང་འགོ་བརྩམས་པ་ཡིན་ལ། སྐབས་དེའི་འཆད་ཁྲིད་ཀྱི་ཁ་བྱང་ནི་དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅེས་པ་དེ་ཡིན་ཞིང་བརྗོད་གཞིའི་ཤུགས་སྣོན་རྒྱག་ས་སྐད་ཡིག་ཡིན་སྟེ། རྒྱུ་མཚན་ནི་གཅིག་ནས་འདི་ནི་ང་ཚོའི་བྱ་གཞག་ལ་མཚོན་ལ་ཧ་ཅང་གལ་ཆེ་ལ་གཉིས་ནས་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༠༨ནང་དུ་རྒྱལ་སྤྱིའི་ཕ་སྐད་ཀྱི་ལོ་གཏན་འབེབས་བྱས་པར་དུས་ཚོད་འགྲིག་ཡོད་པ་བཅས་ཀྱིས་སོ།།
> འབྱུང་འགྱུར་གྱི་འཆད་ཁྲིད་ཀྱི་སྐོར་ཀློག་རོགས།
^ ཀླད་དུ་ཕྱིར་ལོག
![]()
པར་དབང་ཡོད་ཚད་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་བར་དབང་བས་གཞན་གྱིས་རང་དགར་སྤྱོད་མི་ཆོག