ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།                         

ད་ལྟའི་ཚོགས་འདུ།
 
 

>
read more

image description

image description

ཟླ་བ་༩པའི་ཚེས་༢༤་ཉིན་གཟའ་བ་སངས་དང་ཚེས་༢༥་ཉིན་
གཟའ་སྤེན་པ།


རྟེན་ཅིང་འབྲེལ་བའི་སྣ་མང་ཅན།    སྐད་ཡིག་དང་།    རིག་གཞུང་དང་སྐྱེ་དངོས་བར་གྱི་འབྲེལ་བ།


སྐད་ཡིག་རེ་རེ་ནི་སྤྱི་ཚོགས་ཞིག་གིས་འཛམ་གླིང་དང་རིག་གཞུང་ལ་ལྟ་བའི་མཐུན་མོང་མ་ཡིན་པའི་ལྡེའུ་མིག་ཅིག་ཡིན་པ་དང་།     དེས་ལོ་རྒྱུས་རྒྱུད་རིམ་ནང་ནས་དར་འཕེལ་བྱུང་བའི་སྐྱེ་དངོས་སྣ་ཚོགས་པའི་བྱེ་བྲག་གི་ཁོར་ཡུག་གི་ཤེས་བྱ་གཞན་ལ་སྤོ་བའམ་ཁྱབ་སྤེལ་བྱེད་པའི་ལས་དོན་གལ་གནད་ཆེ་ཤོས་ཤིག་སྒྲུབ་ཀྱི་ཡོད།     སྐད་ཡིག་དང་།     རིག་གཞུང་།     སྐྱེ་དངོས་སྣ་ཚོགས་པའི་ཁམས་རྣམས་ནི་ཕན་ཚུན་རྟེན་ཅིང་འབྲེལ་ནས་འབྱུང་ཞིང་གཅིག་ཕན་གཅིག་གྲོགས་སུ་འགྱུར་བའི་རྣམ་པ་སྣ་མང་ཅན་གྱི་ཚེ་སྲོག་ཞིག་གི་ཡན་ལག་ཡིན་པར་གོ་རྟོགས་དང་ངོས་འཛིན་ཇེ་ཆེར་འགྲོ་བཞིན་ཡོད།     རྒྱུ་མཚན་དེ་ལ་བརྟེན་ནས།     སྐྱེ་དངོས་སྟོང་ཟད་དུ་ཕྱིན་པ་ནས་བཟུང་སྐད་ཡིག་རྩ་མེད་དུ་ཡལ་འགྲོ་བའི་བར་དུ་ཐེ་བའི་གནོད་རྐྱེན་རྣམས་ཕྱོགས་གཅིག་ཏུ་ཟླ་འགྲིལ་བྱེད་ཡོད་པ་སྣང་བར་མ་ཟད།     གཅིག་གིས་གཅིག་ལ་འདེད་པའམ་སྐྱེད་པར་བྱེད་པའང་སྣང་།     དེ་ཕྱིར།  ཉག་ཕྲ་བའི་གནོད་རྐྱེན་འདི་དག་གཅིག་ཏུ་གྲིལ་ཡོད་པའི་ངོ་བོ་ཡོངས་སུ་རྟོགས་པར་བྱེད་པ་ནི་དཀའ་རྙོག་དེ་དག་བསལ་ཐབས་ལ་མེད་དུ་མི་རུང་བ་ཞིག་ཡིན།

 

མཉམ་འབྲེལ་རྒྱལ་ཚོགས་ནས་ཁྱྲབ་སྤེལ་བྱེད་པའི་ “རྒྱལ་སྤྱིའི་སྐྱེ་དངོས་སྣ་ཚོགས་ཀྱི་་ལོ་” ཞེས་པར་སྲུང་བརྩི་བྱེད་ཆེད།     ཀུན་ཕན་ཐེབས་རྩ་ཚོགས་པས་ཕྱི་ལོ་༢༠༡༠ཟླ་བ་༩པའི་ཚེས་༢༤་དང་༢༥་རེས་གཟའ་པ་སངས་དང་སྤེན་པའི་ཉིན་།“དེང་གི་གོ་ལའི་སྤྱི་ཚོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་”ཅེས་པའི་འཕྲེངབརྒྱུད་གཏམ་ཚོགས་ནང་གསེས་ཀྱི་ཚོགས་འདུ་ཐེངས་ལྔ་པ་དེ་འདུ་སྐོང་བྱེད་ཀྱི་ཡིན།     གཏམ་ཚོགས་འདིའི་ནང་ང་ཚོས་སྲོལ་རྒྱུན་གྱི་ཐབས་ལམ་ལ་བརྒྱུད་ནས་ས་ཞིང་བེད་སྤྱོད་བྱེད་ཕྱོགས་དང་།     འཚོ་ཐབས།    གསོ་རིག་བཅས་ཀྱི་ལྟ་སྟངས་ཀྱི་ཐོག་ནས། སྐད་ཡིག་དང་།     རིག་གཞུང་།     སྐྱེ་དངོས་སྣ་ཚོགས་བར་གྱི་འབྲེལ་བ་དཔྱད་ཞིབ་བྱེད་ཀྱི་ཡིན།

 

ཚོགས་འདུ་འདིར་ཞུགས་ཆེད་ཐོ་འགོད་གྱི་རེའུ་མིག་དྲ་རྒྱ་འདི་ནས་ཕབ་ལེན་བྱས་ནས།     ང་ཚོར་གློག་ཕྲིན་ནམ་ཡང་ན་གློག་རྡུལ་ཡིག་ཟམ་གྱི་ཐོག་ནས་གཏོང་རོགས་གནང་། ཁྱེད་ཚོས་ང་ཚོར་གཤམ་བཀོད་ཁ་པར་ཐོག་གམ་ཡང་ན་གློག་རྡུལ་ཡིག་ཟམ་བརྒྱུད་ནས། སོ་སོའི་མིང་དང་། གློག་རྡུལ་ཡིག་ཟམ་གྱི་ཁ་བྱང་། ཁ་པར་ཨང་གྲངས། འབྲེལ་ཡོད་ཚོགས་པའི་མིང་དང་། སྦྲག་ཐོག་ཁ་བྱང་བཅས་བཀོད་ནས་་འབྲེལ་གཏུགས་ཀྱང་བྱེད་འཐུས།     གློག་རྡུལ་ཡིག་ཟམ་གྱི་ཁ་བྱངevents@trace.orgཁ་པར་ཨང་གྲངས་ 212-367-7380 དང་། གློག་ཕྲིན་ཨང་གྲངས་ 212-367-7383 བཅས་ཀྱི་ཐོག་ནས་འབྲེལ་གཏུགས་བྱེད་རོགས།


ལས་རིམ།:

རེས་གཟའ་པ་སངས།

འབྱོར་ཐོ་འགོད་རྒྱུ།                                             ཕྱི་དྲོ་ཆུ་ཚོད་ ༥༔༣༠ ནས། ༦༔༠༠ བར།
བརྗོད་གཞིའི་སྙིང་དོན་ངོ་སྤྲོད་ཀྱི་གསུང་བཤད།             ཕྱི་དྲོ་ཆུ་ཚོད་ ༦༔༠༠ ནས། ༧༔༠༠ བར།
སྣེ་ལེན་ཕེབས་སྒྲིག                                            ཕྱི་དྲོ་ ༨༔༠༠ ནས། ༨༔༠༠ བར།

རེས་གཟའ་སྤེན་པ།


འབྱོར་ཐོ། ཞོགས་ཇ་དང་སྣེ་ལེན།                              སྔ་དྲོ་ཆུ་ཚོད་ ༩༔༣༠ ནས་ ༡༠༔༠༠ བར།
སྔ་དྲོའི་ཚོགས་ཐུན།                                             སྔ་དྲོ་ཆུ་ཚོད་ ༡༠༔༠༠ ནས་ ཕྱི་དྲོ་ཆུ་ཚོད། ༡༢༔༠༠ བར།
གུང་ཚིགས་བར་སེང་།                                          ཕྱི་དྲོ་ཆུ་ཚོད་ ༡༢༔༠༠ ནས། ༡༔༠༠ བར།
ཕྱི་དྲོའི་ཚོགས་ཐུན།                                            ཕྱི་དྲོ་ཆུ་ཚོད་ ༡༔༠༠ ནས། ༥༔༠༠ བར།


གཏམ་བཤད་པ་རྣམས་རྗེས་མ་གསལ་བསྒྲགས་བྱ་རྒྱུ།

ཚོགས་འདུ