ཚོགས་འདུ།
> འཆད་ཁྲིད་སྟར་མའི་བང་མཛོད།
> ཀུན་ཕན་དང་ལ་རྩེའི་ཚོགས་འདུ་བང་འཛོད།
> ལི་ལོ།
ད་ལྟའི་ཚོགས་འདུ། | འཆད་ཁྲིད་སྟར་མ། | ཀུན་ཕན་དང་ལ་རྩེའི་ཚོགས་འདུ། | གནས་འཕྲིན་སྦྲམ་བུ། | འདྲ་པར་མཛོད། | ལི་ལོ། | བང་མཛོད།

ཀྲུང་གོའི་ནུབ་རྒྱུད་དུ་ས་ཁོངས་བེད་སྤྱོད།
ས་ཁོངས་བེད་སྤྱོད་ཐད་ཀྱི་བཅོས་སྒྱུར་གསར་པ་དང་དེས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་ཁག་ལ་ཐེབས་སྲིད་པའི་ཤུགས་རྐྱེན་སྐོར་ལ་བགྲོ་གླེང་།
༢༠༠༨ལོའི་སྤྱི་ཟླ་༡༠བའི་ནང་དུ། ཀྲུང་གོས་ས་ཁོངས་བེད་ཐད་བཅོས་སྒྱུར་བྱས་པའི་སྲིད་ཇུས་གསར་པ་ལག་བསྟར་བྱེད་འགོ་བརྩམས་ལ། སྲིད་ཇུས་དེས་ཞིང་བ་རྣམས་ལ་ཞིང་ས་གན་རྒྱར་འཇོག་པ་དང་གླར་གཏོང་བ། དེ་བཞིན་ཞིང་ས་བེད་སྤྱོད་ཀྱི་བདག་དབང་བརྗེ་སྒྱུར་བྱེད་པ་བཅས་ཀྱི་དབང་ཆ་སྤྲད་ཡོད། སྲིད་ཇུས་གསར་པ་འདི་ནི་གཞི་རིམ་མང་ཚོགས་ཀྱི་གཏན་འཇགས་ཡོང་སྒོ་འཕར་སྣོན་འབྱུང་ཆེད་དང་ཁྲིམས་འགལ་གྱི་ཐོག་ནས་ཞིང་ས་བཙན་འཕྲོག་བྱེད་པར་ཁ་གཏད་གཅོག་ཆེད་བཅས་ལ་དམིགས་ཡོད་པ་རེད།
ཉེ་བའི་གཞུང་འབྲེལ་གྱི་ཡིག་ཆ་ལས་གསལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མི་དམངས་ཀྱི་གླ་དང་ཕོགས་ལས་ཐོབ་པའི་མི་རེའི་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆེས་དམའ་ཤོས་དེ་ཡིན་མོད། འོན་ཀྱང་། ས་གཞིས་ལས་ཐོབ་པའི་མི་རེའི་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་གཉིས་ཡིན། གནས་སྟངས་འདི་ལ་གཞིགས་ཚེ། བཅོས་སྒྱུར་གསར་པ་དེས་ཀྲུང་གོའི་ནུབ་རྒྱུད་དུ་ཆགས་པའི་བོད་ཀྱི་སྤྱི་ཚོགས་ལ་ཐེབས་ངེས་པའི་ཤུགས་རྐྱེན་གང་དག་ཡིན་ནམ། སློབ་ཁོངས་མི་འདྲ་བའི་ཆེད་ལས་མཁས་པ་སྐོར་ཞིག་གིས་རང་ཉིད་ཀྱི་འདས་པའི་ཞིབ་འཇུག་གི་འབྲས་བུ་ངོ་སྤྲོད་དང་ད་ལྟའི་བཅོས་སྒྱུར་སྲིད་ཀྱི་ཐོག་རང་ཉིད་ཀྱི་བསམ་ཚུལ་བཅས་ཀྱི་ཐོག་ལ་བགྲོ་གླེང་བྱེད་རྒྱུ།
ཚོགས་འདུ་དེ་རིན་མེད་ཡིན་པས་མང་ཚོགས་རྣམས་ཞུགས་པར་སྒོ་ཕྱེ་ཡོད།
དུས་ཚོད། ༢༠༠༩ལོའི་སྤྱི་ཟླ་༢པའི་ཚེས་༥སྟེ་གཟའ་ཕུར་བུའི་ཉིན།
གནས་ཡུལ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུཡོད་པའི་ཀུན་ཕན་ཐེབས་རྩའི་ལ་རྩེ་དཔེ་མཛོད་ཁང་།
Trace Foundation, Latse Library
132 Perry Street, Suite 2B (Greenwich St.དང་Washington St.བར་དུ།)
New York City
གཏམ་བཤད་སྤེལ་མཁན།
མཱེ་རེའེ་ལཎ་སློབ་གྲྭ་ཆེན་མོའི་ཀྲུང་གོའི་ཞིང་སའི་སྲིད་ཇུས་དང་གྲོང་ཁྱེར་དོ་དམ་ལས་གཞིའི་འགན་འཛིན་ཁྲིན་རི་ཏིན།
ནེ་དཱིར་ལཎ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཧེ་གུ་རུ་ཡོད་པའི་སྤྱི་ཚོགས་ཞིབ་འཇུག་གླིང་གི་མི་འབོར་དང་སྤྱི་ཚོགས་སྲིད་ཇུས་སྡེ་ཚན་གྱི་འཆད་ཁྲིད་པ་ཨན་ཌི་རོའུ་ཧྥིས་ཤིར།
གྲོང་ཁྱེར་བྷོལ་ཌེར་ཡོད་པའི་ཁོ་ལོ་རཱ་ཌོ་སློབ་གྲྭ་ཆེན་མོའི་ས་ཁམས་རིག་པའི་སྡེ་ཁག་གི་སློབ་དཔོན་གཞོན་པ་ཨེ་མི་ལེ་ཋིས་ཡཱེ།
> ངོ་སྤྲོད་འདི་ཁྱེར་བདེའི་ཡིག་ཆའི་རྣམ་པས་(PDF)ཕབ་ལེན་བྱེད།
^ ཀླད་དུ་ཕྱིར་ལོག
![]()
པར་དབང་ཡོད་ཚད་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་བར་དབང་བས་གཞན་གྱིས་རང་དགར་སྤྱོད་མི་ཆོག