བསྐྱར་ཞིབ་འཁོར་སྐྱོད་དང་ཞུ་ཡིག་འབུལ་བའི་དུས་བཅད།
 
 

བསྐྱར་ཞིབ་དུས་ཚོད་དང་ཞུ་ཡིག་འབུལ་བའི་དུས་བཀག

ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་སློབ་མའི་བྱ་དགའ་དང་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་ཞུ་ཡིག་དེ་ལོ་རེའི་ཟླ་བ་ལྔ་པའི་ནང་བསྐྱར་ཞིབ་བྱེད་ཀྱི་ཡོད། སློབ་ཡོན་བྱ་དགའི་འགྲན་སྡུར་ནང་ལ་ཞུགས་ཆེད། ཞུ་ཡིག་གི་རྒྱུ་ཆ་རྣམས་ངེས་པར་དུ་གཤམ་གྱི་དུས་ཚོད་ནང་ཚུན་ལ་ངེད་ཚོར་འབྱོར་དགོས།

སྔོན་བཤེར་རྒྱུ་ཆ་འབུལ་བའི་དུས་ཚོད་ནི། ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཡི་གོང་ལ་ཡིན།

ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ཡི་གོང་ལ་ཐེངས་དང་པོར་ཞུ་ཡིག་འབུལ་མཁན་ཚོས་དྲ་ཐོག་གི་སྔོན་བཤེར་རེའུ་མིག་དེ་འབུལ་དགོས། དྲ་ཐོག་ལ་རེའུ་མིག་འབུལ་བར་གཤམ་ལ་སྐད་ཡིག་བདམ་དགོས།

རྒྱལ་ནང་སློབ་ཡོན་བྱ་དགའ།

རྒྱལ་སྤྱིའི་སློབ་ཡོན་བྱ་དགའ།

ཞུ་ཡིག་ཆ་ཚང་བ་འབུལ་བའི་དུས་བཀག་ནི་ལོ་རེའི་ཟླ་བ་བཞི་པའི་ཚེས་བཅོ་ལྔའི་གོང་ལ་ཡིན།

ཟླ་བ་བཞི་པའི་ཚེས་བཅོ་ལྔའི་གོང་ལ་ཞུ་ཡིག་འབུལ་མཁན་ཚང་མས་ངེས་པར་དུ་འབྲེལ་ཐོགས་ཀྱི་རྒྱུ་ཆ་ཚང་མ་འབུལ་ཟིན་པ་དགོས། ཟླ་བ་བཞི་པའི་ཚེས་བཅོ་ལྔའི་གོང་ལ་ཡིག་ཆ་ཚང་མ་འབུལ་མ་ཐུབ་ན། ཁྱེད་ཀྱི་ཞུ་ཡིག་དེ་ལོ་རྗེས་མའི་བསྐྱར་ཞིབ་དུས་ཚོད་བར་དུ་ཕར་འགྱང་བྱ་རྒྱུ་ཡིན།

གཤམ་གྱི་སྦྲེག་ཐག་ཐོག་ནས་ཞུ་ཡིག་འབུལ་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་རྣམས་ལེན་རོགས།

ཞིབ་འཇུག་སློབ་མའི་རྒྱུགས་ཀྱི་གསབ་སྦྱོང་བྱ་དགའི་དངུལ་གྱི་ལམ་སྟོན་ཡིག་ཆ། (PGBS), ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ་གྱི་ལམ་སྟོན་ཡིག་ཆ། (PGDS), and ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་གྱི་ལམ་སྟོན་ཡིག་ཆ། (PTS).


རོགས་སྐྱོར་འཚོལ་བ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།

 

 

རོགས་དངུལ་དང་རྒྱབ་སྐྱོར་དྲ་ཤོག་གི་མདུན་ཤོག་ཏུ་ཕྱིར་སྐྱོད།