བྱ་དགའི་དངུལ་ཞུ་ཡིག་གི་ཡང་ཡང་འདོན་པའི་འདྲི་བ།
 
 

གཅིག    བྱ་དགའི་དངུལ་སྐོར་གྱི་རིགས་དབྱེ་བ།

དྲི་བ།  ཅི་ཞིག་ལ་“ཆེད་ལས་ཤེས་ལྡན་མི་སྣའི་ཕུལ་བྱུང་བྱ་དགའི་དངུལ་”ཟེར།

ལན།  ལས་ཤེས་ལྡན་མི་སྣའི་ཕུལ་བྱུང་བྱ་དགའི་དངུལ་ནི་འབྲེལ་ཡོད་མངའ་ཁུལ་ནང་དུ་དངོས་སུ་བྱ་བ་ལོ་གསུམ་ཡན་ལས་རྗེས། རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་ཚད་འཕྲོད་པ་རྣམས་ལ་དམིགས་པ་ཡིན།

དྲི་བ།  ཅི་ཞིག་ལ་“ཞིབ་འཇུག་སློབ་མའི་ཕུལ་བྱུང་བྱ་དགའི་དངུལ་”ཟེར།

ལན།  ཞིབ་འཇུག་སློབ་མའི་ཕུལ་བྱུང་བྱ་དགའི་དངུལ་ནི། A ལོ་དེའི་ནང་དངོས་གཞི་ཚན་ཁག་དང་རབ་འབྱམས་པ་སློབ་མཐར་ཕྱིན་ཏེ་རབ་འབྱམས་པ་དང་ཡང་ན་འབུམ་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་ཚད་འཕྲོད་པའི་སློབ་མ། B དངོས་གཞི་ཚན་ཁག་དང་རབ་འབྱམས་པའི་སློབ་མཐར་ཕྱིན་ཏེ་ལོ་གཉིས་ཀྱི་ནང་རབ་འབྱམས་པ་དང་ཡང་ན་འབུམ་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་ཚད་འཕྲོད་པའི་སློབ་མ་ལ་དམིགས་པ་ཡིན།

དྲི་བ།  ཅི་ཞིག་ནི་“ལས་ཐོག་དགེ་རྒན་གྱི་ཕུལ་བྱུང་རྒྱལ་སྤྱིའི་བྱ་དགའི་དངུལ་”ཡིན།

ལན།  ལས་ཐོག་དགེ་རྒན་གྱི་ཕུལ་བྱུང་རྒྱལ་སྤྱིའི་བྱ་དགའི་དངུལ་ནི། སློབ་འབྲིང་དགེ་རྒན་འདུས་པའི་འབྲེལ་ཡོད་བྱ་བའི་ལས་གནས་སྟེང་དུ་ལོ་ལྔ་ཡན་གྱི་ལས་ཐོག་སློབ་གསོའི་ལས་བྱེད་པ་(དོ་དམ་པ་ཡང་འདུས)ལ་དམིགས་ཡོད། སློབ་ཐོན་བྱུང་རྗེས་ངེས་པར་དུ་སྔར་གྱི་ལས་གནས་སུ་སོང་སྟེ་མུ་མཐུད་དུ་བྱ་བ་ལས་དགོས། གོང་གི་བྱ་དགའི་རིགས་སོ་སོའི་གནས་ཚུལ་གསལ་བོ་“ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་མཚམས་སྦྱོར་མདོར་བསྡུས་”ཀྱི་ཡིག་ཆ་ལ་ལྟ་རོགས་ཞུ།

དྲི་བ།  ཅི་ཞིག་ལ་“རིག་གནས་སྲུང་སྐྱོབ་ཐད་ཀྱི་ཆེད་ལས་ཤེས་ལྡན་མི་སྣའི་ཕུལ་བྱུང་རྒྱལ་སྤྱིའི་བྱ་དགའི་དངུལ་”ཟེར།

ལན།  རིག་གནས་སྲུང་སྐྱོབ་ཐད་ཀྱི་ཆེད་ལས་ཤེས་ལྡན་མི་སྣའི་ཕུལ་བྱུང་རྒྱལ་སྤྱིའི་བྱ་དགའི་དངུལ་ནི་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་(PTS)གྱི་ཁོངས་སུ་གཏོགས་པ་ཡིན། བྱ་དགའི་བསྐྱེད་སྲིང་བྱ་ཡུལ་ནི་རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་ཆེད་གཉེར་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཡིན། ཞུ་ཡིག་བུལ་མཁན་ངེས་པར་དུ་ལོ་གསུམ་ཡན་ལ་དོན་དངོས་དང་འབྲེལ་བའི་བྱ་བའི་ཉམས་མྱོང་ཡོད་པའི་ལས་ཐོག་ཆེད་ལས་མི་སྣ་ཡིན་དགོས་ལ། ཆེད་ལས་ཁྱབ་ཁོངས་དེའི་ནང་ཁས་ལེན་པའི་བྱ་བའི་བྱས་རྗེས་ཀྱང་ཡོད་མཁན་ཞིག་ཡིན་དགོས།


> མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ཞུ་ཡིག་གི་ཡང་ཡང་འདོན་པའི་འདྲི་བ།
> ཞུ་ཡིག་གི་གོ་རིམ་དང་ ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་སྐོར།
>《ཞབས་ཞུ་ལག་བསྟར་གྱི་འཆར་གཞི་》དང་ཞབས་ཞུའི་ལས་གཞིའི་སྐོར།
> ངོ་སྤྲོད་ཡི་གེའི་སྐོར།


 

རོགས་སྐྱོར་འཚོལ་བ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།

 

 

རོགས་དངུལ་དང་རྒྱབ་སྐྱོར་དྲ་ཤོག་གི་མདུན་ཤོག་ཏུ་ཕྱིར་སྐྱོད།