བྱ་དགའི་དངུལ་ཞུ་ཡིག་གི་ཡང་ཡང་འདོན་པའི་འདྲི་བ།
 
 

བཞི་བ།   ངོ་སྤྲོད་ཡི་གེའི་སྐོར།

དྲི་བ།  གལ་ཏེ་ ངོ་སྤྲོད་བྱེད་མཁན་དུས་ཚོད་ཀྱི་དབང་གིས་འཚམས་སྦྱོར་ཡི་གེ་འབྲི་ཁོམ་མ་བྱུང་ན། ང་རང་གིས་བྲིས་རྗེས་ངོ་སྤྲོད་བྱེད་མཁན་གྱིས་མིང་རྟགས་བཀོལ་ནས་ཡར་འབུལ་བྱས་ན་ཨེ་ཆོག

ལན།  མི་ཆོག  འདི་འདྲའི་ངོ་སྤྲོད་ཡི་གེ་ལ་ནུས་པ་མེད་པ་མ་ཟད་ནན་མོ་སྒོས་བཤད་ན་དེ་ནི་གཡོ་ལས་རྣམ་པའི་རིགས་ཤིག་རེད།

དྲི་བ།  ངོ་སྤྲོད་ཡི་གེ་ནི་ཡིག་རིགས་གང་ཞིག་བཀོལ་ནས་འབྲི་དགོས་སམ།

ལན།  བོད་ཡིག རྒྱ་ཡིག དབྱིན་ཡིག་ཚང་མ་ཆོག

དྲི་བ།  ངོ་སྤྲོད་ཡི་གེ་གློག་ཀླད་ཀྱིས་ཡིག་བཏགས་བྱས་ཏེ་འཚམས་སྦྱོར་བྱེད་མཁན་གྱིས་མིང་བཏགས་བཀོལ་ན་ཨེ་ཆོག

ལན།  མི་ཆོག ངོ་སྤྲོད་ཡི་གེ་ངེས་པར་དུ་ངོ་སྤྲོད་བྱེད་མཁན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་མཁོ་སྤྲོད་བྱས་པའི་གཅིག་གྱུར་གྱི་ཚད་གཞིའི་ངོ་སྤྲོད་རེའུ་མིག་ནང་དངོས་སུ་ལག་བྲིས་བྱེད་དགོས་པ་མ་ཟད་མིང་རྟགས་ཀྱང་བཀོད་དགོས།

དྲི་བ།  ངོ་སྤྲོད་ཡི་གེ་ང་རང་གིས་མཉམ་གཅིག་ཏུ་ཀུན་ཕན་ཐེབས་རྩ་ཚོགས་པར་བསྐུར་ན་ཆོག་གམ།

ལན།  མི་ཆོག  ངོ་སྤྲོད་བྱེད་མཁན་གྱིས་ཐད་ཀར་དུ་སྦྲགས་ཁང་བརྒྱུད་ནས་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་ལས་གཞིའི་གཞུང་སྒྲུབ་ཁང་ལ་བསྐུར་དགོས།

四川省成都市高新区新光路7号
风华苑12栋3楼11号
利众基金会高等教育奖学金项目办
邮编: 610041
电话: (028) 85182531
传真: (028) 85159287
电邮: Dsp@trace.org Dsp@trace.org (国内奖学金)
电邮: Ifcmp@trace.org (国际奖学金)


> མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ཞུ་ཡིག་གི་ཡང་ཡང་འདོན་པའི་འདྲི་བ།
> བྱ་དགའི་དངུལ་སྐོར་གྱི་རིགས་དབྱེ་བ།
> ཞུ་ཡིག་གི་གོ་རིམ་དང་ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་སྐོར།
>《ཞབས་ཞུ་ལག་བསྟར་གྱི་འཆར་གཞི་》དང་ཞབས་ཞུའི་ལས་གཞིའི་སྐོར།


 

རོགས་སྐྱོར་འཚོལ་བ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།

 

 

རོགས་དངུལ་དང་རྒྱབ་སྐྱོར་དྲ་ཤོག་གི་མདུན་ཤོག་ཏུ་ཕྱིར་སྐྱོད།