ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ། (PTS)
 
 

ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་གྱི་རོགས་སྐྱོར་དམིགས་ཕྱོགས་ནི་འབྲེལ་ཡོད་ཆེད་ལས་ཀྱི་ཁྱབ་ཁོངས་ནང་དུ་རྐང་ཚུགས་ཡོད་པ་དང་། བྱ་བའི་ལས་གནས་དངོས་སུ་ལོ་གསུམ་ཡན་གྱི་བྱ་བའི་བརྒྱུད་རིམ་ཕུན་སུམ་ཚོགས་པ་ཡོད་པའི་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣ་ཡིན། བྱ་དགའི་དངུལ་གྱི་དམིགས་ཡུལ་ནི་ཚད་མཐོ་བའི་ཟབ་སྦྱོང་བརྒྱུད་དེ་འདམ་ཐོན་བྱུང་མཁན་གྱི་ཆེད་ལས་ཤེས་བྱའི་ནུས་རྩལ་རིམ་བཞིན་མཐོར་འདེགས་གཏོང་རྒྱུ་དང་། ཤེས་བྱའི་ནུས་རྩལ་དེ་མི་གཞན་རྣམས་ཀྱི་ནུས་པ་གོང་འཕེལ་དུ་གཏོང་བར་བརྒྱུད་སྤྲོད་བྱེད་དགོས། ཟབ་སྦྱོང་བྱེད་སྟངས་ནི་རྒྱལ་ནང་དང་རྒྱལ་སྤྱི་ནས་དངོས་གཞི་ཚན་ཁག་བཏོན་རྗེས་ཀྱི་ཤེས་ཡོན་ཐོབ་ཐང་(རབ་འབྱམས་པ་དང་འབུམ་རམས་པའི་ཤེས་ཡོན་ཐོབ་ཐང་འདུས།)ཡང་ན་ཤེས་ཡོན་ཐོབ་ཐང་མ་ཡིན་པའི་གསབ་སྦྱོང་སོགས་འདུས།

ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་ཐོབ་མཁན་ཚང་མས་ངེས་པར་དུ་མི་རིགས་ས་གནས་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ་རང་ནུས་ཡོད་ཚད་ཀྱིས་བྱས་རྗེས་འབུལ་བའི་བློ་ཐག་གཅོད་དགོས། རིགས་འདིའི་བྱ་དགའི་དངུལ་བསྡུ་ལེན་བྱེད་པའི་ཆ་རྐྱེན་གཅིག་ནི་བྱ་དགའ་ཐོབ་མཁན་གྱིས་ངེས་པར་དུ་སློབ་གྲྭའམ་ལས་ཁུངས། ཡང་ན་ས་གནས་འབྲེལ་ཡོད་ཀྱི་སྲིད་གཞུང་ཁག་(སློབ་གསོ་ཅུའུ་ལྟ་བུ)དང་ཀུན་ཕན་ཐེབས་རྩ་ཚོགས་པ་གཉིས་ཀྱི་བར་གན་རྒྱ་བཞག་ནས་སློབ་ཐོན་བྱུང་རྗེས་ཕྱིར་སྔར་གྱི་ས་གནས་དང་། སྔར་གྱི་ལས་གནས་སུ་ལོག་སྟེ་ཉུང་ནའང་ལོ་ལྔར་ཞབས་འདེགས་ཞུ་རྒྱུའི་ཁག་ཐེག་བྱེད་དགོས། ལོ་རེའི་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་གྱི་ཚད་གཞི་ནི་དོན་དངོས་གནས་ཚུལ་དང་བསྟུན་ནས་ཐག་གཅོད་བྱས་པ་ཡིན་མོད། སྤྱིར་བཏང་དུ་ལོ་གསུམ་ལས་མི་བརྒལ་(རྒྱལ་ནང་དང་རྒྱལ་སྤྱིའི་འབུམ་རམས་པའི་ཤེས་ཡོན་ཐོབ་ཐང་ནང་དུ་འདུས།) བྱ་དགའི་དངུལ་གྱི་ཚད་གཞི་རྒྱལ་ནང་དུ་ལོ་རེར་དམངས་སྒོར་ཁྲི་ལས་མི་བརྒལ། རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་དངུལ་གྲངས་དོན་དངོས་གནས་ཚུལ་དང་བསྟུན་ནས་ཐག་གཅོད་བྱེད་རྒྱུ་དང་། རྩ་དོན་ལྟར་ན་ལོ་རེར་ཨ་སྒོར་ཁྲི་གསུམ་ལས་མི་བརྒལ། ༢༠༠༧ལོར་ཁྱབ་ཁོངས་མི་མཐུན་པའི་མི་༢༣ལ་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་རོགས་སྐྱོར་གནང་སྟེ་མུ་མཐུད་དུ་ཟབ་སྦྱོང་བྱས་པ་ཡིན། དེ་ལས་མི་གསུམ་ལ་རྒྱལ་སྤྱིའི་བྱ་དགའི་དངུལ་ཐོབ་པ་དང་། གཞན་མི་གསུམ་ལ་ལས་ཐོག་དགེ་རྒན་གྱི་རྒྱལ་སྤྱིའི་བྱ་དགའི་དངུལ་ཐོབ། ༢༠༠༨ལོར་བསྡོམས་པས་མི་༣༢ལ་ཆེད་ལས་ཤེས་ལྡན་མི་སྣའི་ཕུལ་བྱུང་བྱ་དགའི་དངུལ་གྱི་ཆོག་མཆན་ཐོབ་པ་དང་། དེའི་ནང་མི་༦ལ་རྒྱལ་སྤྱིའི་བྱ་དགའི་དངུལ་ཐོབ། རྒྱལ་སྤྱིའི་བྱ་དགའི་དངུལ་ཐོབ་པའི་མི་༦ལས་༣ལ་ལས་ཐོག་དགེ་རྒན་ཕུལ་བྱུང་ཅན་གྱི་རྒྱལ་སྤྱིའི་བྱ་དགའི་དངུལ་ཐོབ། དེ་ལས་མི་གཅིག་ནི་“རིག་གནས་སྲུང་སྐྱོབ་ཕྱོགས་ཀྱི་རྒྱལ་སྤྱིའི་བྱ་དགའི་དངུལ་”ཡིན། ལྷག་མ་གཉིས་ནི་ཆེད་ལས་ཤེས་ལྡན་མི་སྣ་གཞན་ལ་གཏོགས། “ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་”ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་དཔྱད་ཞིབ་ཨུ་ཡོན་ཚོགས་པས་ཐད་ཀར་དུ་གདམ་གསེས་བྱེད་རྒྱུ་མ་ཟད། ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་ལས་གཞི་ཁང་གིས་ཐད་ཀར་དུ་དོ་དམ་བྱེད་རྒྱུ་ཡིན། ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་མིག་སྔར་གཤམ་གྱི་རིགས་བཞི་ལ་ཞིབ་ཏུ་བགོས་ཡོད།

༡ ཆེད་ལས་ཤེས་ལྡན་མི་སྣའི་རྒྱལ་ནང་བྱ་དགའི་དངུལ།

“ཆེད་ལས་ཤེས་ལྡན་མི་སྣའི་རྒྱལ་ནང་བྱ་དགའི་དངུལ་”གྱི་རོགས་སྐྱོར་ཁ་ཕྱོགས་ནི། རྒྱལ་ནང་མཐོ་རིམ་སློབ་གསོའི་སློབ་གླིང་དུ་མུ་མཐུད་དུ་ཆེད་ལས་ཤེས་ལྡན་མི་སྣ་ཟབ་སྦྱོང་བྱེད་རྒྱུ་དེ་ཡིན། ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའ་མང་ཆེ་ཤོས་རིགས་འདིའི་ཁོངས་སུ་གཏོགས། བྱ་དགའི་དངུལ་འདིའི་རོགས་སྐྱོར་ནི་རབ་འབྱམས་པ་དང་འབུམ་རམས་པའི་ཤེས་ཡོན་ཐོབ་ཐང་སློབ་གཉེར་པ་ཡིན་ཆོག་ལ་ཤེས་ཡོན་ཐོབ་ཐང་མ་ཡིན་པའི་གསབ་སྦྱོང་ཡང་ཡིན་ཆོག  རོགས་སྐྱོར་གྱི་དུས་ཡུན་སྤྱིར་བཏང་དུ་ལོ་གསུམ་ལས་མི་བརྒལ། བྱ་དགའི་དངུལ་གྱི་ཚད་གཞི་སྤྱིར་བཏང་དུ་ཆེས་མཐོ་ན་ལོ་རེར་དམངས་སྒོར་ཁྲི་ལས་མི་བརྒལ། “ཆེད་ལས་ཤེས་ལྡན་མི་སྣའི་རྒྱལ་ནང་བྱ་དགའི་དངུལ་”གྱི་རེ་ཞུའི་ཆ་རྐྱེན་གཤམ་གསལ་ལྟར།

༢ ཆེད་ལས་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་བྱ་དགའི་དངུལ།

“ཆེད་ལས་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་བྱ་དགའི་དངུལ་”གྱི་རོགས་སྐྱོར་ཁ་ཕྱོགས་ནི། ཕྱི་རྒྱལ་དུ་མཐོ་རིམ་སློབ་གསོའི་སློབ་གླིང་ནས་མུ་མཐུད་དུ་ཁྱབ་ཁོངས་མི་མཐུན་པའི་ཆེད་ལས་ཤེས་ལྡན་མི་སྣ་ཟབ་སྦྱོང་བྱེད་རྒྱུ་དེ་ཡིན། རིགས་འདིའི་བྱ་དགའི་དངུལ་གྱི་མི་གྲངས་བལྟོས་བཅས་ཀྱིས་ཧ་ཅང་ཉུང་། ཆེད་ལས་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་རོགས་སྐྱོར་དུས་ཡུན་ནི་སྤྱིར་བཏང་དུ་ལོ་གསུམ་ལས་མི་བརྒལ།རམ་འབྱམས་པ་དང་འབུམ་རམས་པ་གཏོགས།བྱ་དགའི་དངུལ་གྲངས་དོན་དངོས་ཀྱི་གནས་ཚུལ་ལ་བལྟས་ཏེ་གཏན་འཁེལ་བྱེད་རྒྱུ་ཡིན་མོད། རྩ་དོན་ལྟར་ན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འབྲེལ་ཡོད་ཀྱི་འགྲོ་གྲོན་ཚང་མ་འབུལ་དགོས་ལ་སྤྱིར་བཏང་དུ་ཨ་སྒོར་ཁྲི་གསུམ་ཡས་མས་ཡིན། རྒྱལ་ནང་གི་འགྲོ་སོང་སྐོར་ལམ་གླ་དང་མགྲོན་ཁང་གླ། སློབ་སྦྱོང་སྐབས་ཀྱི་ཟླ་ཕོགས་ལྟ་བུ།རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས། རེ་ཞུའི་ཆ་རྐྱེན་དང་དཔྱད་བསྡུར་གྱི་ཚད་གཞི་གཤམ་གསལ་ལྟར།

༣ ལས་ཐོག་དགེ་རྒན་གྱི་རྒྱལ་སྤྱིའི་བྱ་དགའི་དངུལ།

“ལས་ཐོག་དགེ་རྒན་གྱི་རྒྱལ་སྤྱིའི་བྱ་དགའི་དངུལ་”ནི་༢༠༠༧ལོ་ནས་མགོ་བརྩམས་པ་ཡིན། “ལས་ཐོག་དགེ་རྒན་གྱི་རྒྱལ་སྤྱིའི་བྱ་དགའི་དངུལ་”འདིས་སློབ་འབྲིང་དགེ་རྒན་དཔུང་སྡེ་ནང་ཁག་གི་མི་རིགས་སློབ་གསོའི་ལས་བྱེད་ཕུལ་བྱུང་ཅན་ལ་དམིགས་པ་ཡིན། དམིགས་འབེན་དངོས་ནི་ཕྱི་རྒྱལ་གྱི་ཟབ་སྦྱོང་བརྒྱུད་དེ་ཚད་ལྡན་གྱི་མི་རིགས་སློབ་གསོའི་ལས་བྱེད་པ་བསླབ་ཚན་ཆེད་ལས་ཅན་དང་། སྔོན་ཐོན་གྱི་སློབ་གསོའི་བསམ་བློ་དང་བྱེད་ཐབས། སློབ་གསོ་དོ་དམ་སོགས་ཕྱོགས་ཡོངས་ཀྱི་ནུས་ཚད་བརྟན་པོ་ཆགས་སུ་བཅུག་ནས། རིམ་བཞིན་མི་རིགས་སློབ་གསོའི་མ་ལག་སྲ་བརྟན་དང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་དང་བྱེད་ནུས་འདོན་སྤེལ་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། བྱ་དགའི་དངུལ་གྱི་རོགས་སྐྱོར་འདིའི་སློབ་སྦྱོང་ནི་ཤེས་ཡོན་ཐོབ་ཐང་དང་ཤེས་ཡོན་གྱི་ཐོབ་ཐང་མ་ཡིན་པའི་གསབ་སྦྱོང་བྱས་ཆོག སློབ་སྦྱོང་དང་གསབ་སྦྱོང་གི་ནང་དོན་གྱི་གཙོ་གནད་ནི་སློབ་འབྲིང་དང་ཡང་ན་སློབ་གྲྭ་ཆེ་འབྲིང་གི་ཕ་སྐད་སློབ་གསོའི་མ་ལག་འཕེལ་རྒྱས་ཁྲོད་མྱུར་བར་ཤུགས་སྣོན་རྒྱག་དགོས་པའི་བསླབ་ཚན་དང་ཆེད་ལས་དེ་ཡིན། དཔེར་ན་དབྱིན་ཡིག་དང་རྩིས་ཚན་ལྟ་བུ། སློབ་གསོ་རིག་པ་དང་སློབ་གསོའི་སྲིད་འཛིན་དོ་དམ་ཡང་གཙོ་གནད་དུ་གཏོགས། བྱ་དགའི་དངུལ་གནང་པའི་དུས་ཡུན་ནི་སྤྱིར་བཏང་དུ་ལོ་གསུམ་ལས་མི་བརྒལ། རམ་འབྱམས་པ་དང་འབུམ་རམས་པའི་ཤེས་ཡོན་ཐོབ་ཐང་ཡང་གཏོགས། བྱ་དགའི་དངུལ་གྲངས་དོན་དངོས་ཀྱི་གནས་ཚུལ་ལ་བལྟས་ཏེ་གཏན་འཁེལ་བྱེད་རྒྱུ་ཡིན་མོད། རྩ་དོན་ལྟར་ན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འབྲེལ་ཡོད་ཀྱི་འགྲོ་གྲོན་ཚང་མ་འབུལ་རྒྱུ་ཡིན། རྒྱལ་ནང་གི་འགྲོ་སོང་སྐོར་ལམ་གླ་དང་མགྲོན་ཁང་གླ། སློབ་སྦྱོང་སྐབས་ཀྱི་ཟླ་ཕོགས་ལྟ་བུ།མི་སྒེར་དང་ལས་ཁུངས། ས་གནས་ཀྱི་འབྲེལ་ཡོད་སྲིད་གཞུང་སློབ་གསོ་སྡེ་ཁག་གིས་མཉམ་དུ་སྐབས་དང་བསྟུན་ནས་ཐག་གཅོད་བྱེད་དགོས།

བྱ་དགའི་དངུལ་འདི་༢༠༠༧ལོར་མགོ་བརྩམས་རྗེས་ལོ་དེར་ཞུ་ཡིག་འབུལ་མཁན་གསུམ་ལ་ཆོག་མཆན་ཐོབ། ༢༠༠༨ལོར་ཡང་ལས་ཐོག་དགེ་རྒན་གསུམ་ལ་རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་ཆོག་མཆན་ཐོབ།

“ཕུལ་བྱུང་ལས་ཐོག་དགེ་རྒན་གྱི་བྱ་དགའི་དངུལ་”འཐོབ་མཁན་ཀུན་ཕན་ཐེབས་རྩ་ཚོགས་པའི་དཔྱད་ཞིབ་ཨུ་ཡོན་ཚོགས་པས་ཐད་ཀར་དུ་གདམ་གསེས་བྱ་རྒྱུ་མ་ཟད། ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་ལས་གཞི་ཁང་གིས་ཐད་ཀར་དུ་དོ་དམ་བྱ་རྒྱུ་ཡིན། “ཕུལ་བྱུང་ལས་ཐོག་དགེ་རྒན་གྱི་བྱ་དགའི་དངུལ་”གྱི་ཞུ་ཡིག་གི་ཆ་རྐྱེན་དང་དཔྱད་བསྡུར་གྱི་ཚད་གཞི་གཤམ་གསལ་ལྟར།

༤ རིག་གནས་སྲུང་སྐྱོབ་ཕྱོགས་ཀྱི་རྒྱལ་སྤྱིའི་བྱ་དགའི་དངུལ། (PTS-ISCPP)

ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་ཁྲོད་ཀྱི་རིག་གནས་སྲུང་སྐྱོབ་ཕྱོགས་ཀྱི་རྒྱལ་སྤྱིའི་བྱ་དགའི་དངུལ་ནི་༢༠༠༨ལོར་གསར་དུ་ཁ་གསབ་བྱས་པའི་རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་རྣམ་གྲངས་ཤིག་ཡིན། ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་རིག་གནས་སྲུང་སྐྱོབ་ཕྱོགས་ཀྱི་རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་བསྐྱེད་སྲིང་གི་དམིགས་ཕྱོགས་ནི་རིག་གནས་སྲུང་སྐྱོབ་བྱ་བ་སྒྲུབ་པའི་ཆེད་ལས་མི་སྣ་ཡིན། དམིགས་འབེན་དངོས་ནི་ཕྱི་རྒྱལ་གྱི་ཟབ་སྦྱོང་བརྒྱུད་དེ་བྱ་དགའ་ཐོབ་མཁན་དེ་རིག་གནས་སྲུང་སྐྱོབ་མངའ་ཁོངས་སུ་རིམ་པ་མཐོ་བའི་ཆེད་ལས་གཞུང་ལུགས་པ་དང་ལག་རྩལ་ཤེས་ལྡན་མི་སྣ། ཡང་ན་སྣ་འདྲེན་པ་ཞིག་ལ་འགྱུར་དུ་བཅུག་ནས། རིམ་བཞིན་མི་རིགས་རིག་གནས་ཀྱི་རྒྱུན་སྐྱོང་དང་། སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་དང་བྱེད་ནུས་འདོན་སྤེལ་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། ཟབ་སྦྱོང་བྱེད་དགོས་པའི་སློབ་སྦྱོང་གི་ནང་དོན་གཙོ་གནད་ནི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འབྲེལ་བའི་ཆེད་ལས་ཡིན། དེར་འཛུགས་སྐྲུན་དང་དམངས་ཁྲོད་སྒྱུ་རྩལ། ལག་ཤེས་བཟོ་རིག་བཅས་ཀྱི་འཚོལ་སྡུད། ལེགས་སྒྲིག སྲུང་སྐྱོབ། ཉམས་པ་སླར་གསོ་སོགས་གང་ཡིན་ཡང་རུང་། བྱ་དགའི་དངུལ་གྱི་རོགས་སྐྱོར་འདིའི་སློབ་སྦྱོང་ནི་ཤེས་ཡོན་ཐོབ་ཐང་དང་ཤེས་ ཡོན་གྱི་ཐོབ་ཐང་མ་ཡིན་པའི་གསབ་སྦྱོང་བྱས་ཆོག བྱ་དགའི་དངུལ་གནང་པའི་དུས་ཡུན་ནི་སྤྱིར་བཏང་དུ་ལོ་གཅིག་ནས་གཉིས་ཡིན། བྱ་དགའི་དངུལ་གྲངས་དོན་དངོས་ཀྱི་གནས་ཚུལ་ལ་བལྟས་ཏེ་གཏན་འཁེལ་བྱེད་རྒྱུ་ཡིན་མོད། རྩ་དོན་ལྟར་ན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འབྲེལ་ཡོད་ཀྱི་འགྲོ་གྲོན་ཚང་མ་འབུལ་རྒྱུ་ཡིན། རྒྱལ་ནང་གི་འགྲོ་སོང་སྐོར་ལམ་གླ་དང་མགྲོན་ཁང་གླ། སློབ་སྦྱོང་སྐབས་ཀྱི་ཟླ་ཕོགས་ལྟ་བུ།མི་སྒེར་དང་ལས་ཁུངས། ས་གནས་ཀྱི་འབྲེལ་ཡོད་སྲིད་གཞུང་སློབ་གསོ་སྡེ་ཁག་གིས་མཉམ་དུ་སྐབས་དང་བསྟུན་ནས་ཐག་གཅོད་བྱེད་དགོས། བྱ་དགའི་དངུལ་འདི་ནི་ལོ་རེར་མི་༡ནས་༢ཀྱི་འཆར་གཞི་ཡིན། བྱ་དགའི་དངུལ་འདི་༢༠༠༧ལོར་མགོ་བརྩམས་རྗེས་ལོ་དེར་རེ་ཞུ་འབུལ་མཁན་གསུམ་ལ་ཆོག་མཆན་ཐོབ། ༢༠༠༨ལོར་ཡང་ལས་ཐོག་དགེ་རྒན་གསུམ་ལ་རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་ཆོག་མཆན་ཐོབ། ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་“རིག་གནས་སྲུང་སྐྱོབ་ཕྱོགས་ཀྱི་རྒྱལ་སྤྱིའི་བྱ་དགའི་དངུལ་” འཐོབ་མཁན་ཀུན་ཕན་ཐེབས་རྩ་ཚོགས་པའི་དཔྱད་ཞིབ་ཨུ་ཡོན་ཚོགས་པས་ཐད་ཀར་དུ་གདམ་གསེས་བྱ་རྒྱུ་མ་ཟད། ཀུན་ཕན་ཐེབས་རྩ་ཚོགས་པི་སློབ་ཡོན་བྱ་དགའི་ལས་གཞི་ཁང་གིས་ཐད་ཀར་དུ་དོ་དམ་བྱ་རྒྱུ་ཡིན། དགོས་ངེས་སྐབས་སུ་ཀུན་ཕན་ཐེབས་རྩ་ཚོགས་པས་ཕྱི་རྒྱལ་གྱི་སློབ་གྲྭར་འབྲེལ་གཏུག་གི་རོགས་རམ་བྱེད་ངེས་ཡིན།

 


རོགས་སྐྱོར་འཚོལ་བ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།

 

 

རོགས་དངུལ་དང་རྒྱབ་སྐྱོར་དྲ་ཤོག་གི་མདུན་ཤོག་ཏུ་ཕྱིར་སྐྱོད།