དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ།
 
 

undergrads in a brainstrming session

མིག་སྔར་ཀུན་ཕན་ཐེབས་རྩ་ཚོགས་པའི་བྱ་དགའི་དངུལ་ལ་གཙོ་བོ་ཐད་ཀར་གདམ་གསེས་དང་། མཉམ་འབྲེལ་སློབ་ཆེན་དག་དང་མཉམ་སྒྲུབ་ཀྱི་ཐབས་ལམ་རིགས་གཉིས་བརྒྱུད་ནས་སློབ་ཞུགས་དངོས་གཞི་ཚན་ཁག་གི་སློབ་མར་རོགས་སྐྱོར་བྱ་དགའ་གནང་བ་ཡིན། དོན་དངོས་ཀྱི་“སློབ་དུས་དེའི་ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མའི་དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ་”དང་མཐོ་རིམ་སློབ་ཆེན་དུ་ཆེད་དུ་བཙུགས་པའི་“ཀུན་ཕན་ཐེབས་རྩ་ཚོགས་པའི་ཕུལ་བྱུང་སློབ་གྲྭ་ཆེན་མོའི་བྱ་དགའི་དངུལ”རིགས་གཉིས་ཡོད། ཀུན་ཕན་གྱིས་ད་ནས་བཟུང་དངོས་གཞི་ཚན་ཁག་གི་མི་སྒེར་གྱིས་ཐད་ཀར་བྲིས་པའི་རོགས་སྐྱོར་རེ་ཞུ་ལེན་རྒྱུ་མིན།སྒྲིག་སྲོལ་ཞིབ་ཆ་གཤམ་གསལ་ལྟར།

 

 

༡   མཐོ་འབྲིང་མཐར་ཕྱིན་སློབ་མའི་དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ།

“སློབ་དུས་དེའི་ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མའི་དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ་”གྱི་རོགས་སྐྱོར་དམིགས་ཡུལ་ནི་ས་གནས་སོ་སོའི་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་གསོའི་ལས་གཞིའི་་སློབ་འབྲིང་གི་ལོ་དེའི་མཐར་ཕྱིན་མཐོ་འབྲིང་སློབ་མ་དག་ལས་སློབ་ཆེན་དག་གིས་བསྡུས་པའི་སློབ་མ་ཕུལ་བྱུང་ཅན་ལ་དམིགས་པ་ཡིན། “སློབ་དུས་དེའི་ཕུལ་བྱུང་མཐོ་འབྲིང་མཐར་ཕྱིན་སློབ་མའི་དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ་”དེས་༢༠༠༧ལོར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་མ་༢༩༤དང་། ༢༠༠༦ལོར་སློབ་མ་༡༦༢། ༢༠༠༥ལོར་སློབ་མ་༩༩། ༢༠༠༤ལོར་སློབ་མ་༢༩བཅས་ལ་རོགས་སྐྱོར་གནང་བ་ཡིན། འདམ་ཐོན་བྱུང་བའི་མི་རེར་སྟེར་ཐེངས་གཅིག་གི་ནང་བྱ་དགའ་དམངས་སྒོར་༣༠༠༠ གནང་བ་ཡིན། བྱ་དགའི་གཞི་འཛིན་ས་ནི་མཐོ་འབྲིང་སློབ་སྦྱོང་སྐབས་དང་མཐོ་རྒྱུགས་སྐབས་ཀྱི་རྣམ་འགྱུར་ལེགས་པའི་སློབ་བསྡུས་བྱུང་བའི་སློབ་གྲྭ་ཆེན་མོའི་སློབ་མའི་སློབ་ལོ་ཐོག་མའི་སློབ་ཡོན་ཐག་གཅོད་བྱེད་པ་དེ་ཡིན། བྱ་དགའ་ཐོབ་མཁན་ཀུན་ཕན་ཐེབས་རྩ་ཚོགས་པའི་དཔྱད་ཞིབ་ཨུ་ཡོན་ཚོགས་པས་ཐད་ཀར་དུ་འདམ་གསེས་བྱ་རྒྱུ་མ་ཟད། ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་ལས་གཞི་ཁང་གིས་ཐད་ཀར་དུ་དོ་དམ་བྱ་རྒྱུ་ཡིན། མ་དངུལ་ལ་ཚད་ཡོད་པའི་རྐྱེན་གྱིས་བྱ་དགའི་དངུལ་འདི་མིག་སྔར་གཤམ་དུ་སྟར་བའི་ལས་གཞིའི་སློབ་གྲྭ་ལས་སློབ་གྲྭ་གཞན་རྣམས་ཀྱི་སློབ་མའི་ཞུ་ཡིག་ཡར་ལེན་མི་བྱེད། བྱ་དགའི་དངུལ་གྱི་བརྡ་འཕྲིན་ཞིབ་ཆ་འཆར་གཞི་ལྟར་ཐད་ཀར་གཤམ་གྱི་འབྲེལ་ཡོད་ཀྱི་ལས་གཞིའི་སློབ་གྲྭ་སོ་སོར་བཏང་བ་ཡིན།

མིག་སྔར་ས་གནས་སོ་སོའི་ང་ཚོའི་ལས་གཞིའི་སློབ་གྲྭ་གཤམ་གསལ།

མཚོ་སྔོན་ཞིང་ཆེན།

ཀན་སུའུ་ཞིང་ཆེན།

སི་ཁྲོན་ཞིང་ཆེན།

 

 

༢   མཐོ་རིམ་སློབ་ཆེན་དུ་ཆེད་བཙུགས་བྱས་པའི་“ཀུན་ཕན་ཐེབས་རྩ་ཚོགས་པའི་ཕུལ་བྱུང་སློབ་གྲྭ་ཆེན་མོའི་བྱ་དགའི་དངུལ”། (IMISA)

མཐོ་རིམ་སློབ་ཆེན་དུ་ཆེད་བཙུགས་བྱས་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ཕུལ་བྱུང་སློབ་གྲྭ་ཆེན་མོའི་བྱ་དགའི་དངུལ་ནི་ཀུན་ཕན་ཐེབས་རྩ་ཚོགས་པས་འབྲེལ་ཡོད་ཀྱི་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་གྱིས་བཙུགས་པའི་བྱ་དགའི་དངུལ་ཡིན། རོགས་སྐྱོར་དམིགས་ཡུལ་ནི་སློབ་གྲྭ་རུ་དངོས་སུ་སློབ་གཉེར་གནང་བཞིན་པའི་དངོས་གཞིའི་ཚན་ཁག་གི་ཕུལ་བྱུང་བོད་རིགས་སློབ་ཆེན་སློབ་མ་ཡིན། ༢༠༠༧ལོར་བསྡོམས་པས་ཕུལ་བྱུང་སློབ་ཆེན་སློབ་མ་༡༧༦གིས་འགྲན་རྩོད་བརྒྱུད་ནས་བྱ་དགའི་དངུལ་འདི་ཐོབ་པ་ཡིན། བྱ་དགའི་མ་དངུལ་ལོ་དེར་དཔྱད་སྡུར་བྱེད་པ་དང་། བྱ་དགའི་མ་དངུལ་གྱི་ཚད་གཞི་སློབ་གྲྭ་མི་འདྲ་བའི་དོན་དངོས་ཀྱི་གནས་ཚུལ་དང་བསྟུན་ནས་མི་མཐུན། ཡིན་ནའང་མི་རེར་ལོ་རེ་ལ་དམངས་སྒོར་༡༠༠༠ནས་༣༠༠༠བར་ཡིན། རིགས་འདིའི་དངོས་གཞི་ཚན་ཁག་བྱ་དགའི་དངུལ་གྱི་དཔྱད་བསྡུར་འདེམ་བསྐོ་དང་དོ་དམ་ནི་འབྲེལ་ཡོད་སློབ་ཆེན་ཚོས་འགན་ཁུར་བྱས་ཏེ་སྒྲུབ་པ་ཡིན། མིག་སྔར་བྱ་དགའི་དངུལ་དང་འབྲེལ་བའི་སློབ་ཆེན་ཆེ་ཆུང་ནི་གཤམ་གསལ་ལྟར།

མ་དངུལ་ལ་ཚད་ཡོད་པའི་རྐྱེན་གྱིས་བྱ་དགའི་དངུལ་འདི་མིག་སྔར་གོང་དུ་སྟར་བའི་ལས་གཞིའི་སློབ་གྲྭ་ལས་སློབ་གྲྭ་གཞན་རྣམས་ཀྱི་སློབ་མའི་རེ་ཞུ་ཡར་ལེན་མི་བྱེད། ཀུན་ཕན་ཐེབས་རྩ་ཚོགས་པས་ཕྱིན་ཆད་ཀྱི་ལོ་འགའི་ནང་དུ་བྱ་དགའི་དངུལ་འདི་བོད་རིགས་སློབ་མ་འདུས་སྡོད་ཀྱི་ཆ་རྐྱེན་འཚམ་པའི་སློབ་ཆེན་ལ་རྒྱ་བསྐྱེད་བྱེད་རྒྱུ་ཡིན།

 


རོགས་སྐྱོར་འཚོལ་བ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།

 

 

རོགས་དངུལ་དང་རྒྱབ་སྐྱོར་དྲ་ཤོག་གི་མདུན་ཤོག་ཏུ་ཕྱིར་སྐྱོད།