རོགས་དངུལ་དང་རྒྱབ་སྐྱོར་གྱི་སྐོར།
 
 

woman inputing tradition tibetan text into a computer

ཀུན་ཕན་ཐེབས་རྩ་ཚོགས་པས་ཚོགས་པ་རང་ངོས་ནས་ལས་གཞི་ཁག་སྤེལ་བ་ཕུད། ད་དུང་ཀྲུང་གོའི་བོད་ཁུལ་དུ་གཞན་པས་སྒྲུབ་བཞིན་པའི་ལས་ཀ་ལ་ཡང་རོགས་སྐྱོར་བྱེད་ཀྱི་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པས་ཕུགས་འཕེར་རང་བཞིན་ལྡན་པའི་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བའི་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་སྤྱི་ཚོགས་སྒྲིག་འཛུགས། ས་གནས་སྲིད་གཞུང་དང་ཤེས་ཡོན་སྡེ་ཁག དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་སྒེར་བཅས་ལ་ཕྱིར་གཏོང་རོགས་དངུལ་སྤྲོད་ཀྱི་ཡོད་ལ། བོད་ཡིག་ཐོག་གི་དཔར་སྐྲུན་དང་སྒྱུ་རྩལ་མཛེས་བཟོ་སོགས་ལའང་རོགས་སྐྱོར་བྱེད་ཀྱི་ཡོད། དེ་མིན་ད་དུང་མི་སྒེར་ངོས་ནས་ཞིབ་འཇུག་ལས་ཀ་གཉེར་བ་དང་ཚོགས་འདུར་འཛུལ་ཞུགས། དེ་བཞིན་ཚོགས་འདུ་བསྡུ་སྐོང་སོགས་ང་ཚོའི་ལས་གཞིའི་རྣམ་གྲངས་ཁོངས་སུ་ཚུད་པ་དག་ལ་ཡང་རོགས་དངུལ་སྤྲོད་ཀྱི་ཡོད། ཕྱིར་གཏོང་རོགས་དངུལ་ལ་སྙན་ཞུ་འབུལ་སྟངས་སྐོར་མང་ཙམ་མཁྱེན་འདོད་ན་འདིར་ནོན་རོགས།

ད་སྔ་ཀུན་ཕན་ཐེབས་རྩ་ཚོགས་པའི་བོད་ཁུལ་གྱི་ལས་ཀ་གཙོ་བོ་སློབ་གསོའི་ཁྱབ་ཁོངས་ཡིན་ལ། བོད་ཁུལ་དུ་སློབ་གསོའི་མ་ལག་སྲ་བརྟན་དུ་གཏོང་བ་ཕུད། ད་དུང་ཀུན་ཕན་ཐེབས་རྩ་ཚོགས་པས་རེ་བ་ངེས་ཅན་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་རིམ་པ་ཡོངས་ཀྱི་སློབ་གསོའི་གོ་སྐབས་ཐོབ་ཆེད་བྱ་དགའི་སློབ་དངུལ་ཡང་སྤྲོད་ཀྱི་ཡོད། ཞིབ་འཇུག་སློབ་མ་དང་ཆེད་སྦྱོང་སློབ་མའི་བྱ་དགའི་སློབ་དངུལ་དེ་ཀུན་ཕན་ཐེབས་རྩ་ཚོགས་པའི་བོད་སྐད་ཡིག་མཐོ་རིམ་སློབ་གསོའི་སློབ་དངུལ་ལས་གཞིའི་ལས་ཁུངས་ཀྱིས་སྤྲོད་ཀྱི་ཡོད། བྱ་དགའི་སློབ་དངུལ་ལ་ཞུ་ཡིག་འབུལ་སྟངས་སྐོར་མང་ཙམ་མཁྱེན་འདོད་ན་འདིར་ནོན་རོགས

མཛའ་འབྲེལ་རོགས་སྐྱོར་ནི་བོད་ཀྱི་སྤྱི་ཚོགས་ནང་དུ་སློབ་གསོ་དང་རིག་གནས། འཕྲོད་བསྟེན་དང་ཞིང་འབྲོག་ཡར་རྒྱས་བཅས་ལ་རྒྱབ་སྐྱོར་དུ་འགྲོ་བའི་ཞིབ་འཇུག་གི་ལས་ཀ་བྱེད་བཞིན་པའི་ཞིབ་འཇུག་སློབ་མ་དང་སློབ་གསོ་པ། དེ་བཞིན་ལས་ཐོག་ཆེད་ལས་པ་བཅས་ལ་སྤྲོད་པ་ཞིག་ཡིན། མཛའ་འབྲེལ་ཞུ་ཡིག་གི་ལམ་སྟོན་དེ་འབྱུང་འགྱུར་གྱི་ཟླ་ངོ་ཤ་ཁས་ཀྱི་ནང་དུ་སླེབས་ཡོང་།

ཀུན་ཕན་ཐེབས་རྩ་ཚོགས་པས་སྤྲད་པའི་རོགས་དངུལ་གྱི་ཐོ་གཞུང་ལ་གཟིགས་འདོད་ན། དྲ་ཚིགས་འདིའི་ཐོག་གི་རོགས་དངུལ་ཚན་པ་ལ་ཕེབས་རོགས།

 

 

རོགས་དངུལ་དང་རྒྱབ་སྐྱོར།

> ཕྱིར་གཏོང་རོགས་དངུལ།

> སློབ་ཡོན།

> ཞིབ་འཇུག་གི་རོགས་རམ་བྱ་དགའ།