ཉེ་བའི་གསར་འགྱུར། | གསར་འགྱུར་གྱི་བང་མཛོད། | དཔར་སྐྲུན། | གསར་འགྱུར་ལས་ཁུངས་ལ་སྤྲོད་རྒྱུ། | དམིགས་བསལ་གསར་འགྱུར།                         

ཉེ་བའི་གསར་འགྱུར།
 
 

image description

༢༠༠༩ལོའི་སྤྱི་ཟླ་གསུམ་པའི་ཚེས་༡༩ཉིན། ༼གསར་འགྱུར་གསལ་བསྒྲགས།༽

ཀུན་ཕན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ལྕམ་ཨན་ཊེ་ཡ་སོ་རོ་སི་མཆོག་གིས་ཐེངས་དང་པོར་ཀྲུང་གོའི་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲི་དང་ལེན་གནང་།

ཀུན་ཕན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ལྕམ་ཨན་ཊེ་ཡ་སོ་རོ་སི་མཆོག་གིས་ཐེངས་དང་པོར་ཀྲུང་གོའི་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲི་དང་ལེན་གནང་། དེ་ཡང་ཀུན་ཕན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་མཆོག་པེ་ཅིན་དུ་ཡོད་པའི་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་དམངས་སྲིད་ལྷན་ཁང་གིས་རྩ་འཛུགས་བྱས་པའི་༢༠༠༨ལོའི་ཀྲུང་གོའི་བྱམས་བརྩེ་ཐེབས་རྩའི་གསོལ་སྟོན་དུ་ཞུགས་ཆེད་པེ་ཅིན་དུ་ཕེབས་སྐབས་བཅར་འདྲི་འདི་དང་ལེན་གནང་བ་ཡིན་ལ་ཐོག་མར་སྤྱི་ཟླ་གསུམ་པའི་ཚེས་༡༣ཉིན་གྱི་ལྷོ་ཕྱོགས་མི་སྣའི་གཟའ་དེབ་ཏུ་བཅར་འདྲི་ཕུད། བཅར་འདྲིའི་སྐབས་སུ་གནས་སྟངས་ལ་བསྟུན་མཁས་རང་བཞིན་དང་ས་གནས་ཆ་རྐྱེན་ལ་བལྟ་མཁས་རང་བཞིན་གྱི་ཐེབས་རྩ་ཚོགས་པའི་རྩ་བའི་ལས་ཀའི་རྣམ་འགྱུར་གྱི་ཐོག་ལ་ཤུགས་སྣོན་གྱིས་གསལ་བཤད་བྱེད་པ་བརྒྱུད་ལྕམ་སོ་རོ་སི་མཆོག་གིས་ཀུན་ཕན་ཐེབས་རྩ་ཚོགས་པའི་བྱ་གཞག་དང་བྱེད་ཐབས་ཀྱི་གལ་ཆེན་རང་བཞིན་ཐོག་ནན་བརྗོད་གནང་། ཁོ་མོས་མུ་མཐུད་དུ་གསུང་རྒྱུར། ཁོ་མོའི་བསམ་པར་ཀུན་ཕན་ཐེབས་རྩ་ཚོགས་པ་ནི་བྱམས་བརྩེ་ཐེབས་རྩ་ཁང་ཞིག་མ་ཡིན་པར། མི་རྣམས་ཀྱིས་སྔར་ལས་མཛེས་ཤིང་ཕྱུག་པའི་མ་འོངས་པར་ཕྱོགས་པའི་ལས་ཀ་བྱེད་ཆེད་མི་དམངས་རྣམས་མཉམ་ལས་ཀྱི་ཕྱོགས་ལ་ནུས་ཤུགས་འབུལ་བའི་ཡར་རྒྱས་རྩ་འཛུགས་ཤིག་ཡིན་ལ། ང་ཚོ་ཚང་མ་ཕན་ཚུན་དྲ་བ་ལྟར་འབྲེལ་བའི་དེ་རིང་གི་འཛམ་གླིང་འདིར་ང་ཚོས་མཉམ་ལས་བྱེད་མིན་དེས་ང་ཚོའི་མ་འོངས་པར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད་ཐད་ཀར་གཞན་གྱི་ཚེ་སྲོག་ལའང་ཤུགས་རྐྱེན་ཐེབས། སྤྱི་ཚོགས་ཤིག་ལ་མཚོན་ན་ང་ཚོས་རང་རྒྱུད་ན་གནས་པའི་བསམ་པ་རྒྱ་སྐྱེད་དང་ཚོ་ཁག་ཁག་གི་བར་དུ་མཐུན་སྒྲིལ་གྱི་གསེར་ཟམ་སྐྲུན་པའི་འདུ་ཤེས་ཀྱི་ཆ་དེ་གསོ་སྐྱོང་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ཟེར།

 

>རྩོམ་ཐུང་འདི་དབྱིན་ཡིག་གི་ཐོག་ནས་ཀློགས།
>འདིར་མནན་ཏེ་༼ལྷོ་ཕྱོགས་མི་སྣ་གཟའ་དེབ་༽ཏུ་བཀོད་པའི་རྩོམ་ཐུང་ལ་གཟིགས།
^ ཀླད་དུ་ཕྱོག་ལོག

 

 

 

 

གསར་འགྱུར།

> གསར་འགྱུར་བང་མཛོད།

> དཔར་སྐྲུན།

> གསར་འགྱུར་ལས་ཁུངས་ལ་སྤྲོད་རྒྱུ།

> དམིགས་བསལ་གསར་འགྱུར།

 

དམིགས་བསལ་པར་སྐྲུན།

Trace 2007 Annual Report