གསར་འགྱུར།
> གསར་འགྱུར་བང་མཛོད།
> དཔ
ར་སྐྲུན།
> གསར་འགྱུར་ལས་ཁུངས་ལ་སྤྲོད་རྒྱུ།
> དམིགས་བསལ་གསར་འགྱུར།
དམིགས་བསལ་པར་སྐྲུན།
![]()
ཉེ་བའི་གསར་འགྱུར། | གསར་འགྱུར་གྱི་བང་མཛོད། | དཔར་སྐྲུན། | གསར་འགྱུར་ལས་ཁུངས་ལ་སྤྲོད་རྒྱུ། | དམིགས་བསལ་གསར་འགྱུར།
ཀུན་ཕན་ཐེབས་རྩ་ཚོགས་པས་ཉོ་སྒྲུབ་བྱས་པའི་འཕྲལ་སེལ་རོགས་རམ་གྱི་དངོས་པོ་རྣམས་ས་ཡོམ་ཕོག་པའི་ས་གནས་སུ་དབོར་བཞིན་ཡོད།
ཀུན་ཕན་ཐེབས་རྩ་ཚོགས་པས་ས་ཡོམ་གྱི་གོད་ཆགས་ཕོག་པའི་ས་གནས་སུ་རོགས་སྐྱོར་གྱི་བྱ་བར་ཧུར་བརྩོན་ཆེན་པོས་བཞུགས་བཞིན་ཡོད། ཐེངས་དང་པོའི་འཕྲལ་སེལ་རོགས་རམ་གྱི་དངོས་པོ་རྣམས་གནོད་ཚེ་ཕོག་ཡུལ་གྱི་ས་གནས་ལ་དབོར་བཞིན་ཡོད།ཀུན་ཕན་གྱིས་སྦྱིན་པའི་རོགས་རམ་དངོས་པོའི་ནང་མི་གྲངས་༨༠༠ལ་ལྡང་བའི་ཉེར་མཁོའི་ཟས་རིགས་དང་གཙང་སྤྱོད་ཀྱི་མཁོ་ཆས་ཡོད།
སྤྱི་ཟླ་བཞི་པའི་ཚེས་༡༤ཉིན།
རིམ་པ་༧.༡ཡིན་པའི་ས་ཡོམ་ཞིག་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་བརྒྱབ་ནས། མི་གྲངས་སྟོང་འགའ་ཤས་ལ་སྲོག་སྐྱོན་དང་། ས་ཁུལ་དེའི་འཛུགས་བསྐྲུན་གྱི་ཁང་པའི་བརྒྱ་ཆ་༨༠ ལ་ཉེ་བར་གཏོར་བཤིག་ཕོག་ཡོད། ས་ཡོམ་གྱི་གོད་ཆགས་བྱུང་རྗེས། ས་གནས་ཀྱི་མི་དམངས་ལ་ཟས་རིགས་དང་། སྡོད་ཁང་། དེ་བཞིན་སྨན་བཅོས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། དེའི་སྟེང་ལ། གཙང་སྤྱོད་ཀྱི་མཐུན་རྐྱེན་མེད་པས། ནད་རིམས་བྱུང་བའི་ཉེན་ཁ་འཕར་མ་འཕྲད་བཞིན་ཡོད།
ཀུན་ཕན་ཐེབས་རྩ་ཚོགས་པས་ཐོག་མར་ཨ་སྒོར་འབུམ་གཅིག་༼༡༠༠༠༠༠༽ས་གནས་སུ་འཕྲལ་སེལ་རོགས་རམ་ཆེད་དུ་དམིགས་བསལ་བཏོན་ཡོད། རོགས་རམ་གྱི་དངོས་པོ་དབོར་ཐེངས་དང་པོའི་ནང་གཙོ་བོ་ས་གནས་ཀྱི་མིས་རྒྱུས་སྟོན་བྱས་པའི་ཉེར་མཁོའི་དངོས་པོ་རྣམས་བསྐུར་ཡོད། བགོ་བཤའ་རྒྱག་རྒྱུའི་དངོས་པོ་རྣམས་ངོ་གྲངས་རེ་རེ་བཞིན་རྡོག་རྡོག་བཟོས་ནས་འཚོ་སྡོད་ཀྱི་མི་རྣམས་ལ་སྤྲོད་བདེ་བཟོས་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་ཟི་ལིང་དང་ཁྲེན་ཏུའུ་ལ་ཡོད་པའི་ལས་བྱེད་རྣམས་ཀྱིས་སྨན་ཁང་ནང་སྐད་སྒྱུར་དང་དེ་བཞིན་ལམ་གཞན་གྱི་ཐོག་ནས་མྱུར་སྐྱོབ་བྱ་བར་རོགས་རམ་བྱེད་བཞིན་ཡོད། ངེད་ཚོ་ད་ལྟ་ས་ཡོམ་གྱི་གོད་ཆགས་བྱུང་ཡུལ་ལ་རིང་མིན་དངོས་པོ་ཐེངས་རྗེས་མ་དེ་བསྐུར་བའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེའི་ཆེད་དུ་ས་གནས་ལ་དགོས་མཁོ་གཙོ་བོ་གང་ཡིན་ལ་བརྟག་དཔྱད་བྱེད་བཞིན་ཡོད།
ཀུན་ཕན་ཐེབས་རྩ་ཚོགས་པས་དངོས་སུ་ཞལ་འདེབས་སློང་གི་མེད་རུང་། ཞལ་འདེབས་འབུལ་ཡུལ་གྱི་ཚོགས་པ་ཁག་གཅིག་བཙལ་ཡོད་པ་དང་། དེ་དག་ལ་ཞལ་འདེབས་བསྐུར་བའི་དངུལ་གཏོང་འདྲེན་གྱི་མཐུན་རྐྱེན་སྒྲུབ་བཞིན་ཡོད། ཀུན་ཕན་ལ་བསྐུར་བའི་ཞལ་འདེབས་ཀྱི་བརྒྱ་ཆ་༡༠༠%འཕྲལ་སེལ་གྱི་རོགས་རམ་ཐོག་ལ་གཏོང་གི་ཡོད། གནས་ཚུལ་འཕར་མ་དགོས་ཚེ་ངེད་ཚོ་ལ། pressroom@trace.org ཡང་ན་ ཁ་པར་ཨང་གྲངས་+1 212 367 7380 ཐོག་འབྲེལ་བ་གནང་རོགས།
ཀུན་ཕན་ཐེབས་རྩ་ཚོགས་པ་ལ་ས་ཡོམ་གྱི་གོད་ཆགས་བྱུང་སའི་ཁུལ་ལ་ལོ་ངོ་༡༧ཙམ་གྱི་རིང་བྱ་བ་སྒྲུབ་པའི་ཉམས་མྱོང་ཡོད། ང་ཚོས་ད་ལྟ་གནོད་ཚེ་ཕོག་པའི་འཚོ་སྡོད་ཀྱི་མི་རྣམས་ལ་འཕྲལ་སེལ་གྱི་རོགས་རམ་བྱ་རྒྱུ་ཡིན་ལ། ད་དུང་ཕུགས་ལ་ཞིག་གསོའི་འཛུགས་བསྐྲུན་གྱི་བྱ་བར་རོགས་རམ་བྱེད་རྒྱུའི་ཆོད་སེམས་ཡོད།
![]()
![]()
པར་དབང་ཡོད་ཚད་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་བར་དབང་བས་གཞན་གྱིས་རང་དགར་སྤྱོད་མི་ཆོག