སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།

ལས་གཞིའི་སྤྱི་དོན། མཚོ་སྔོན་ཞིང་ཆེན་ཚན་རིག་དགེ་རྒན་སྦྱོང་བརྡར་ལས་གཞི།chinese version tibetan version




ལས་གཞིའི་དམིགས་ཡུལ་དང་ནང་དོན།

science mtg

ཀུན་ཕན་ཐེབས་རྩ་ཚོགས་པས་ཀྲུང་གོའི་མངའ་ཁོངས་ཀྱི་བོད་ཀྱི་ས་ཁུལ་ཁག་གི་སློབ་གསོའི་སྤུས་ཚད་འཕེལ་རྒྱས་སུ་གཏོང་བར་འབད་པ་བྱེད་བཞིན་ཡོད། ཡིན་ནའང་བོད་སྐད་བཤད་མཁན་གྱི་དགེ་རྒན་ཚོས་གཙོ་བོ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཐོག་ལ་སློབ་སྦྱོང་བྱས་ཡོད་པར་བརྟེན། འདིས་སློབ་ཚན་གཞན་དག་གི་ཁྱབ་ཁོངས་སུ་བོད་ཀྱི་ཕ་སྐད་སློབ་གསོ་འཕེལ་རྒྱས་གཏོང་བར་འགོག་རྐྱེན་ཐེབས་བཞིན་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་གནད་འགག་འདི་ངོས་ཟིན་ཏེ་ ༢༠༠༧ ལོར་མཚོ་ སྔོན་ཚན་རིག་དགེ་རྒན་སྦྱོང་བརྡར་ལས་གཞི་ཞེས་པ་ཞིག་མགོ་བརྩམས་པ་ཡིན། དུས་ཡུན་ལོ་གསུམ་རིང་གི་ལས་གཞི་འདི་ནི་བོད་ཀྱི་ཕ་སྐད་སློབ་གསོའི་ཁོངས་ཀྱི་སློབ་ཚན་ལྔ་སྟེ། རྩིས་རིག་དང་། དངོས་ལུགས། རྫས་འགྱུར། སྐྱེས་དངོས། ས་རྒྱུས་བཅས་ཀྱི་སྤུས་ཚད་གོང་འཕེལ་དུ་གཏོང་ཆེད་བཟོས་པ་ཞིག་ཡིན།



ལས་གཞིའི་འགྲེལ་བཤད།

science mtg

ཀུན་ཕན་ཐེབས་རྩ་ཚོགས་པའི་མཚོ་སྔོན་ཚན་རིག་དགེ་རྒན་སྦྱོང་བརྡར་ལས་གཞི་འདིས་མཚོ་ལྷོ་དང་རྨ་ལྷོ། མཚོ་ཤར་ས་ཁུལ་བཅས་ཀྱི་ས་གནས་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ས་ཁུལ་འདི་དག་ཏུ་ནམ་རྒྱུན་ནས་བསླབ་འབྲས་ཞན་པའི་རང་བྱུང་ཚན་རིག་གི་རྒྱུགས་འབྲས་རྣམས་ཡིག་ཚགས་སུ་ཉར་འགོད་ཀྱིས། སྤུས་ཚད་མཐོ་བའི་སློབ་ཁྲིད་བྱེད་ཐབས་ཀྱི་མ་དཔེ་གཞན་འགེབས་བྱེད་རུང་བ་ཞིག་བཟོ་འགོད་བྱེད་པར་དམིགས་ཡོད། གཞན་ཡང་ལས་གཞི་འདིས་ད་ལྟ་སྒྲུབ་བཞིན་པའི་མཚོ་ལྷོའི་ དམའ་འབྲིང་སློབ་གྲྭའི་ལས་གཞི་ཞེས་པ་དེ་དང་མཉམ་འབྲེལ་གྱིས་མཐུན་རྐྱེན་གཅིག་སྡུད་དང་ནུས་ཤུགས་གཅིག་སྒྲིལ་བྱེད་པའི་འཆར་གཞི་ཡང་བཟོས་ཡོད། ལས་གཞི་འདིས་སློབ་གྲྭ་ ༢༠ དང་། རྫོང་དང་ས་ཁུལ་རིམ་པའི་སློབ་གསོའི་ལས་ཁུངས་ཁག་དང་མཉམ་འབྲེལ་གྱིས་གཙོ་ཆེར་གཤམ་གསལ་དོན་ཚན་ཁག་གི་ཐོག་ནས་སློབ་ཁྲིད་བྱེད་ཐབས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ཡིན།



འཆར་འགོད་བྱས་ཟིན་པའི་ལས་སྒོ་ཁག


science mtg

དགེ་རྒན་སྦྱོང་བརྡར།

བོད་སྐད་ཀྱིས་སློབ་ཁྲིད་བྱེད་ཐབས་ཀྱི་རྒྱུ་ཆ།

དགེ་རྒན་གྱི་བརྩོན་སེམས།

ལས་གཞིའི་གནས་ཚུལ་རྣམས་ཐོ་འགོད་དང་འགྲེམས་སྤེལ་བྱེད་རྒྱུ།



ད་ཕན་གྱི་གྲུབ་འབྲས།



དགེ་རྒན་སྦྱོང་བརྡར།

བོད་སྐད་ཀྱིས་སློབ་ཁྲིད་བྱེད་པའི་རྒྱུ་ཆ།

ལས་གཞིའི་གནས་ཚུལ་སྙིང་སྡུས།

དུས་ཡུན། ༢༠༠༧ ལོའི་སྤྱི་ཟླ་བརྒྱད་པ་ནས་
   ༢༠༡༠ ལོའི་སྤྱི་ཟླ་བརྒྱད་པ།

དངུལ་རྩིས། ཨ་སྒོར་༨༨༧།༡༢༥

ས་གནས། མཚོ་སྔོན་ཞིང་ཆེན་
   མཚོ་ལྷོ་ཁུལ་ (ཧེ་ནན་) རྨ་ལྷོ་ཁུལ་ (ཧོང་
   ནན་) མཚོ་ཤར་ས་ཁུལ་ (ཧེ་ཏུང་)

མཚོ་སྔོན་ཚན་རིག་དགེ་རྒན་སྦྱོང་བརྡར་ལས་གཞིའི་ལས་རོགས་ཁག་གི་མཚན་ཐོ།