སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།

ལས་གཞིའི་སྤྱི་དོན། དབྱིན་ཡིག་དགེ་རྒན་སྦྱོང་བརྡར་གྱི་ལས་གཞི། chinese version tibetan version




ལས་གཞིའི་དམིགས་ཡུལ་དང་ནང་དོན།

teacher conference

དབྱིན་ཡིག་དགེ་རྒན་གྱི་སྦྱོང་བརྡར་ལས་གཞི་འདི་ནི་ཀུན་ཕན་ཐེབས་རྩ་ཚོགས་པས་ ༢༠༠༤ ལོ་ནས་འགོ་བརྩམས་པའི་ལོ་ལྔ་ཚན་གྱི་ལས་གཞི་ཤིག་ཡིན། ལས་གཞི་འདིས་བོད་ཀྱི་ས་ཁུལ་ཁག་ཏུ་དབྱིན་ཡིག་དར་སྤེལ་དང་ཡར་རྒྱས་གཏོང་བའི་ཆེད་དུ་དབྱིན་ཡིག་དགེ་རྒན་གྱི་སྦྱོང་བརྡར་སྤྲོད་པ་དང་སློབ་ཁྲིད་རྒྱུ་ཆ་མཁོ་སྤྲོད་བཅས་བྱེད་བཞིན་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་སྐྱོར་ལས་གཞིའི་ཁྱབ་ཁོངས་ཆེ་ཤོས་ནི་བོད་ཡིག་སློབ་གྲྭ་ཁག་ཡིན་ཞིང་། དེས་སློབ་གསོ་ནི་ས་གནས་ཀྱི་སྐད་ཡིག་དང་རིག་གཞུང་ལ་འབྲེལ་ཆགས་པར་བྱེད་དུ་འཇུག མཐོ་རིམ་སློབ་གསོ་དང་ཆེད་ལས་ཀྱི་གོ་སྐབས་འཐོབ་རྒྱུར་དབྱིན་ཡིག་གི་ནུས་པ་ཇེ་ཆེར་སོང་བས། དབྱིན་ཡིག་སློབ་ཁྲིད་ཀྱི་སྦྱོང་བརྡར་ནི་བོད་སྐད་ཀྱིས་སློབ་ཁྲིད་བྱེད་པའི་སློབ་གསོའི་ལམ་ལུགས་ཁྲོད་དུ་དོ་སྣང་བྱེད་ས་གལ་ཆེན་ཞིག་ཏུ་གྱུར། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་སློབ་མ་རེ་བ་ཅན་ཚོ་དབྱིན་ཡིག་དགེ་རྒན་དུ་འགྱུར་བར་ ༡༩༩༩ ལོ་ནས་བཟུང་རོགས་སྐྱོར་བྱས་ཡོད།



ལས་གཞིའི་འགྲེལ་བཤད།

sharing educational techniques

དབྱིན་ཡིག་ནི་ཀྲུང་གོའི་རྒྱལ་ཡོངས་གཏན་འབེབས་ཀྱི་སློབ་གཞིའི་གཙོ་གནད་དང་ཀྲུང་གོའི་སློབ་གྲྭ་ཆེན་མོའི་ཚུད་རྒྱུགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། དབྱིན་ཡིག་གི་ཤེས་ཚད་བཟང་བའི་སློབ་མ་ཚོར་བོད་རིགས་ས་ཁུལ་ཡར་རྒྱས་སུ་གཏོང་བར་མེད་ཐབས་མེད་པའི་སློབ་ཚན་ཚུད་པའི་མཐོ་རིམ་སློབ་གསོའི་སློབ་ཚན་འདྲ་མིན་གྱི་ཐོག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ལྡན་ཡོད་པ་མ་ཟད། དབྱིན་ཡིག་ནི་ཆེད་ལས་ཀྱི་གོ་སྐབས་མང་པོ་ཞིག་ལ་མེད་ན་མི་འགྲིག་པ་ཞིག་ཏུ་འགྱུར་བཞིན་ཡོད། ཡིན་ནའང་བོད་ཀྱི་ས་ཁུལ་ཁག་ཏུ་དབྱིན་ཡིག་དགེ་རྒན་གྱིས་འདང་གི་མེད། ཀུན་ཕན་ཐེབས་རྩ་ཚོགས་པའི་དབྱིན་ཡིག་དགེ་རྒན་སྦྱོང་བརྡར་གྱི་ལས་གཞི་འདིས་གཤམ་གསལ་ལས་སྒོ་ཁག་བརྒྱུད་དེ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་ཡིག་སློབ་གྲྭ་ཁག་ཏུ་དབྱིན་ཡིག་དར་སྤེལ་དང་ཡར་རྒྱས་གཏོང་བའི་འབད་པ་བྱེད་བཞིན་ཡོད།



འཆར་འགོད་བྱས་ཟིན་པའི་ལས་སྒོ་ཁག

compiling a textbook

སློབ་གྲྭ་ཆེན་མོའི་ཤེས་ཚད་ཀྱི་ལས་རིམ།

དབྱིན་ཡིག་དགེ་རྒན་སྦྱོང་བརྡར་གྱི་ལས་གཞི་འདིས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་བཅས་ཀྱི་སློབ་མ་ཚོར་དབྱིན་ཡིག་གི་ལོ་ གསུམ་གྱི་མཐོ་རིམ་ཆེད་ལས་ཀྱི་ཤེས་ཚད་དང་ལོ་བཞིའི་སློབ་གྲྭ་ཆེན་མོའི་དངོས་གཞི་སློབ་མའི་ཤེས་ཚད་ཀྱི་འཛིན་ཡིག་བཅས་ལེན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཚད་གཞི་རིམ་པ་གཉིས་ཀའི་ལས་རིམ་གྱིས་གཙོ་བོ་དབྱིན་ཡིག་གི་བྱང་ཚད་དང་། སློབ་མ་གཙོར་འཛིན་གྱི་སློབ་ཁྲིད་བྱེད་ཐབས། བོད་སྐད་ཀྱིས་དབྱིན་ཡིག་སློབ་ཁྲིད་བྱེད་ཐབས་བཅས་ཀྱི་ཐོག་ལ་དམིགས་ཡོད།

སློབ་ཁྲིད་དང་སློབ་སྦྱོང་གི་མཐུན་རྐྱེན།

ལས་གཞི་འདིས་དམིགས་བཀར་གྱི་བོད་ཡིག་སློབ་གྲྭ་ཁག་ཅིག་ཏུ་སྤུས་ཚད་མཐོ་བའི་དབྱིན་ཡིག་གི་སློབ་ཁྲིད་དང་སློབ་སྦྱོང་གི་མཐུན་རྐྱེན་མཁོ་སྤྲོད་བྱེད་བཞིན་ཡོད།

ས་སྐྱེས་རྡོ་སྐྱེས་ཀྱི་ཕྱི་རྒྱལ་དབྱིན་ཡིག་དགེ་རྒན་བཀོད་སྒྲིག

དབྱིན་ཡིག་དགེ་རྒན་གྱི་སྦྱོང་བརྡར་སྤུས་ཚད་གོང་མཐོར་གཏོང་ཆེད། ལས་གཞི་འདིས་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་ཕྱི་རྒྱལ་དབྱིན་ཡིག་དགེ་རྒན་ཚོས་སློབ་ཁྲིད་བྱེད་པར་རོགས་རམ་བྱེད་པ།



ད་ཕན་གྱི་གྲུབ་འབྲས།



སློབ་གྲྭ་ཆེན་མོའི་ཤེས་ཚད་ཀྱི་ལས་རིམ།

སློབ་སྦྱོང་གི་མཐུན་རྐྱེན།:

ས་སྐྱེས་རྡོ་སྐྱེས་ཀྱི་ཕྱི་རྒྱལ་དབྱིན་ཡིག་དགེ་རྒན་གདན་ཞུ།:

 

ལས་གཞིའི་གནས་ཚུལ་སྙིང་སྡུས།

དུས་ཡུན།  ༢༠༠༤ ལོའི་སྤྱི་ཟླ་དང་པོ་ནས་ ༢༠༠༩ ལོའི་སྤྱི་ཟླ་བཅུ་གཉིས།

དངུལ་རྩིས། ཨ་སྒོར་ ༧༣༥།༡༤༦ (དངུལ་གྲངས་འདིའི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་དངུལ་ཨ་སྒོར་ ༦༨༩།༢༧༨ འདུས)

ས་གནས། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་ཞིང་ཆེན།

Map of Project Location

དབྱིན་ཡིག་དགེ་རྒན་གྱི་སྦྱོང་བརྡར་ལས་གཞིའི་མཉམ་འབྲེལ་ལས་རོགས་ཁག་གི་མཚན་ཐོ།

སྔོན་ཆད་ཀྱི་ལས་རོགས་ཁག

ད་ལྟའི་ལས་རོགས་ཁག