ལས་གཞི། མཐོ་རིམ་སློབ་གསོ།
མཐོ་རིམ་སློབ་གསོའི་ལས་གཞི།
མཐོ་རིམ་སློབ་གསོ་མྱོང་ཐུབ་རྒྱུ་ནི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཐད་ཧ་ཅང་གལ་ཆེན་ཡིན། རྒྱུ་མཚན་དེའི་དབང་གིས། མཐོ་རིམ་སློབ་གསོའི་བྱ་གཞག་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཀུན་ཕན་ཐེབས་རྩ་ཚོགས་པས་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། གྲངས་ཉུང་མི་རིགས་དང་འཚམས་པའི་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་སྐྲུན་པར་རོགས་རམ་བྱེད་ཆེད། ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་ལས་གཞིས་སྦྱོང་བརྡར་དང་ཡིག་སྒྱུར།དེ་བཞིན་དཔར་སྐྲུན་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། བོད་ཀྱི་སྐད་ཡིག་ལམ་གྱི་སློབ་གསོ་དེ་ད་ཡོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སྦྱོང་ཚན་ཙམ་ལས་བརྒལ་བར་འབད་ཀྱི་ཡོད།དེ་དང་ཆབས་ཅིག་ད་དུང་ཀུན་ཕན་ཐེབས་རྩ་ཚོགས་པས་མ་འོངས་པར་རེ་བ་ཅན་གྱི་བོད་རིགས་སློབ་མ་དང་རང་ཉིད་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བར་ལྷག་བསམ་ཡོད་པའི་སློབ་ཆེན་དང་ཞིབ་འཇུག་སློབ་མའི་ཐོབ་ཐང་ལེན་འདོད་མཁན་གྱི་ཆེད་ལས་པ་སོགས་ལ་སྦྱིན་བདག་ཀྱང་བྱེད་ཀྱི་ཡོད། དམིགས་ཡུལ་འདི་དག་འགྲུབ་ཆེད་ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་ལས་གཞིས་གཤམ་གྱི་ཐབས་ཇུས་ཁག་གཙོ་གནད་དུ་འཛིན་གྱི་ཡོད།
- བོད་ཀྱི་སྐད་ཡིག་ལམ་ནས་འཁྲིད་པའི་སྦྱོང་ཚན་གྱི་ཁ་གྲངས་ཇེ་མང་དུ་གཏོང་བ།
- གཙོ་གནད་སྦྱོང་ཚན་ཁག་གི་སློབ་དེབ་བོད་ཡིག་ཏུ་བསྒྱུར་པ་དང་དཔར་སྐྲུན་བྱེད་པ།
- སློབ་ཆེན་སློབ་མ་དང་ཞིབ་འཇུག་སློབ་མ། དེ་བཞིན་བོད་ཡིག་ལ་བྱང་ཆ་ལྡན་ལ་བོད་ཀྱི་སྐད་ཡིག་ལམ་གྱི་སློབ་གསོའི་མ་ལག་སྲ་བརྟན་གཏོང་བར་ཆོད་སེམས་ཡོད་པའི་ཆེད་ལས་པ་བཅས་ལ་བྱ་དགའི་སློབ་དངུལ་སྤྲོད་པ།
ཀུན་ཕན་ཐེབས་རྩ་ཚོགས་པའི་ད་ལྟའི་མཐོ་རིམ་སློབ་གསོའི་ལས་གཞི་ཁག་ནི།
ཀུན་ཕན་ཐེབས་རྩ་ཚོགས་པའི་འདས་པའི་མཐོ་རིམ་སློབ་གསོའི་ལས་གཞི་ཁག་ནི།