སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།








3 young students primary school group young child learning english at holiday school

ལས་གཞི། སློབ་ཆུང་དང་སློབ་འབྲིང་།chinese version tibetan version



སློབ་ཆུང་དང་སློབ་འབྲིང་གི་ལས་གཞི།

སྲ་བརྟན་གྱི་སློབ་ཆུང་སློབ་གྲྭའི་སློབ་གསོ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ།རིམ་པ་འདི་ནས་སློབ་མ་ཚོས་རང་ཉིད་ཀྱི་དཔལ་འབྱོར་དང་སློབ་གསོའི་མདུན་ལམ་གྱི་རྨང་གཞི་འདིང་ལ།རིམ་པ་འདིར་ཁོང་ཚོའི་སྣང་ངོར་རང་ཉིད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་བག་ཆགས་རིམ་གྱིས་གྲུབ་ཡོང་།དེ་བཞིན་དུ།སློབ་འབྲིང་སློབ་གྲྭའི་སློབ་གསོས་མཐོ་རིམ་སློབ་གསོ་དང་མ་འོངས་པར་བྱ་བ་འཚོལ་བའི་གོ་སྐབས་བཅས་ཀྱི་རྨང་གཞི་འདིང་།འོན་ཀྱང་།སློབ་ཆུང་སློབ་གསོ་ལ་མཚོན་ན་དགེ་རྒན་དང་དོ་དམ་པ་ལ་འབྲེལ་ཡོད་སྦྱོང་བརྡར་གྱིས་མི་འདང་བ།ཕ་སྐད་སློབ་གསོ་སྤེལ་བར་བཀོལ་རུང་བའི་ཐབས་ལམ་གྱིས་མི་འདང་བ།བོད་ཡིག་ལམ་གྱི་ཟུར་སྣོན་སློབ་ཁྲིད་རྒྱུ་ཆ་དང་སློབ་སྦྱོང་གི་རྒྱུ་ཆས་མི་འདང་བ་བཅས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་མཆིས།ས་གནས་སློབ་གསོ་ཅུས་དང་འབྲེལ་ཡོད་སློབ་གསོའི་སྡེ་ཁག་དང་མཉམ་འབྲེལ་སྒོས།ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་སློབ་ཆུང་དང་སློབ་འབྲིང་ཁག་ཡར་རྒྱས་སུ་བཏང་སྟེ།སློབ་གྲྭ་དེ་དག་རང་ཉིད་ཀྱི་ས་གནས་ཀྱི་གནས་སྟངས་དང་འཚམས་པོ་ཞིག་ཡོང་བར་འབད་པ་བྱེད་ཀྱི་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པས་གཤམ་གྱི་གནད་དོན་ཁག་གཙོ་གནད་དུ་འཛིན་གྱི་ཡོད།

ཀུན་ཕན་ཐེབས་རྩའི་སློབ་ཆུང་དང་སློབ་འབྲིང་ཐད་ཀྱི་ད་ལྟའི་སློབ་གསོའི་ལས་གཞི་ཁག་ནི།

ཀུན་ཕན་ཐེབས་རྩའི་སློབ་ཆུང་དང་སློབ་འབྲིང་ཐད་ཀྱི་འདས་པའི་སློབ་གསོའི་ལས་གཞི་ཁག་ནི།


➢ལས་གཞིའི་གནས་ཡུལ་ལ་བལྟ་བ།