སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།








classroom full of young students two schoolboys young adults in a classroom

ལས་གཞི། སློབ་གསོ།chinese version tibetan version


མི་ཚེའི་སྤུས་ཀ་མཐོར་འདེགས་གཏོང་བར་སློབ་གསོས་ནུས་པ་ཧ་ཅང་གལ་ཆེན་འདོན་གྱི་ཡོད་ལ། སློབ་གསོའི་མ་ལག་སྲ་བརྟན་ཞིག་ཡོད་ན། དེས་དཔལ་འབྱོར་དང་ཆེད་ལས་གོ་སྐབས་ཀྱི་སྒོ་མོ་ཡངས་པོར་འབྱེད་པའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་མ་ཟད། ཉིན་རེའི་འཚོ་བ་ཇེ་ཕྱུག་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྣང་བརྙན་གོང་མཐོར་གཏོང་ཐུབ། ཡིན་ན་ཡང་། བོད་ཀྱི་གཞི་རིམ་ས་ཁུལ་མང་བོར་ས་གནས་སློབ་གྲྭར་རྒྱང་ཐག་རིང་བ་དང་འབྲེལ་ཡོད་དགེ་རྒན་ལ་སྦྱོང་བརྡར་གྱིས་མི་འདང་བ། དེ་བཞིན་དུས་ཚོད་ལས་ཡོལ་བའི་ཆ་རྐྱེན་དང་སྐད་ཡིག་གི་འགོག་རྐྱེན་བཅས་ཀྱིས་སློབ་གསོ་མྱོང་མཁན་རྣམས་ཀྱིས་དཀའ་ངལ་ཚབས་ཆེན་མྱོང་བཞིན་ཡོད། སྤྱི་ལོ་༢༠༠༤ལོ་ནས་བཟུང་། ཀུན་ཕན་ཐེབས་རྩ་ཚོགས་པས་ཀྲུང་གོའི་བོད་ཀྱི་ས་ཁུལ་རྣམས་སུ་སློབ་ཆུང་ནས་ཞིབ་འཇུག་སློབ་མ་བར་གྱི་སློབ་གསོ་མྱོང་བའི་གོ་སྐབས་རྒྱ་ཆེར་གཏོང་ཆེན་ལས་གཞི་མང་བོ་སྤེལ་ཡོད། སློབ་གསོའི་ལས་གཞི་ཁག་ནི་ས་གནས་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་སྤུས་ལེགས་སློབ་ཁྲིད་གོང་མཐོར་གཏོང་བར་དམིགས་ཏེ་ཇུས་འགོད་བྱས་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ས་ཁུལ་ཁག་ཏུ་སློབ་གསོ་མྱོང་བའི་གོ་སྐབས་ཇེ་ལེགས་སུ་གཏོང་བར་ཡུན་གནས་ཀྱི་འཆར་གཞི་བཏིངས་ཡོད་ལ། འདིས་མི་སྒེར་དང་སྤྱི་ཚོགས་བཅས་ལ་འགྱུར་འགྲོས་མགྱོགས་པའི་དཔལ་འབྱོར་གྱི་ཁོར་ཡུག་འདི་རུ་འཚོ་བར་ནུས་པ་གསར་པ་སྤྲོད་ཐུབ།

ཀུན་ཕན་ཐེབས་རྩ་ཚོགས་པས་སློབ་ཆུང་དང་སློབ་འབྲིང་གི་ལས་གཞི་དང་མཐོ་རིམ་སློབ་གསོའི་ལས་གཞི་བཅས་གཉེར་གྱི་ཡོད། དེང་སང་གི་སློབ་ཡོན་མཐོ་བའི་གནད་དོན་འདིས་དཔལ་འབྱོར་གནས་ཚད་ཞན་པའི་ཁྱིམ་ཚང་རྣམས་ལ་བར་ཆད་ཆེན་པོ་བཟོ་ཡི་ཡོད་རྐྱེན། ཀུན་ཕན་ཐེབས་རྩ་ཚོགས་པས་སློབ་མ་རྣམས་ལ་བྱ་དགའི་སློབ་དངུལ་འདྲ་མིན་བརྒྱུད་ནས་རོགས་སྐྱོར་བྱེད་ཀྱི་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ད་ལྟའི་སློབ་གསོའི་ལས་གཞི་ཁག

ཀུན་ཕན་ཐེབས་རྩ་ཚོགས་པའི་འདས་པའི་སློབ་གསོའི་ལས་གཞི་ཁག


> ལས་གཞིའི་གནས་ཡུལ་ལ་གཟིགས།