སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།

ལས་གཞིའི་སྤྱི་དོན། བ་ཡན་རྫོང་གི་ཞིང་འབྲོག་ཡར་རྒྱས་མཉམ་འབྲེལ་ལས་གཞིའི་ལས་རིམ་སྙིང་བསྡུས།

chinese version tibetan version

ལས་གཞིའི་དམིགས་ཡུལ་དང་ནང་དོན།


running water comes only now t these older women

ཀུན་ཕན་ཐེབས་རྩ་ཚོགས་པས་གཞི་རིམ་སྤྱི་ཚོགས་ཀྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་མ་བརླགས་པའི་སྒོ་ནས་ཀྲུང་གོའི་འགྲོས་མགྱོགས་པའི་འཕོ་འགྱུར་ལས་བྱུང་བའི་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་རྣམས་དམ་འཛིན་བྱེད་ཐུབ་པར་རོགས་སྐྱོར་བྱེད་པར་སེམས་ཐག་བཅད་ཡོད། བ་ཡན་རྫོང་སྟེ་མཚོ་སྔོན་ཞིང་ཆེན་ནང་དུ་རྒྱལ་ཁབ་རིམ་པས་དབུལ་བོར་ངོས་འཛིན་བྱས་པའི་རྫོང་ཁག་འདིར། བོད་ཀྱི་གཞི་རིམ་མང་ཚོགས་རྣམས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྟེ། ཕན་ཚུན་གཅིག་ནང་གཅིག་འདྲེས་པའི་དཀའ་ངལ་ཁག་སེལ་ཆེད། སྤྱི་ལོ་༢༠༠༤ལོར། ཀུན་ཕན་ཐེབས་རྩ་ཚོགས་པས་རྫོང་འདིའི་གྲོང་བརྡལ་གསུམ་དུ་མཚོ་སྔོན་ཞིང་འབྲོག་ཡར་རྒྱས་མཉམ་འབྲེལ་ལས་གཞི་སྤེལ།

ལས་གཞིའི་འགྲེལ་བཤད།


satellite dish

མདོ་དབུས་མཐོ་སྒང་གི་གནམ་གཤིས་སྡུག་པོ་འདིའི་འོག་ཏུ་ཞིང་འབྲོག་ཁྱིམ་ཚང་རྣམས་དབུལ་བོར་འགྱུར་བར་རྒྱུ་རྐྱེན་མང་བོ་ཞིག་འདུས་ཡོད། ཞིང་འབྲོག་རུ་སྡེ་ཁག་གི་ཁྲོད་དུ་འཕྲོད་བསྟེན་དང་སློབ་གསོའི་སྤུས་ཀ་ཞན་པ་མ་ཟད་དེ་དག་ཐོབ་དཀའ། འཐུང་ཆུའི་དཀའ་ངལ་ཆེ་ཞིང་། བུད་མེད་ལ་ངལ་རྩོལ་གྱི་འགན་འཁུར་ཧ་ཅང་ལྕི། བུ་ལོན་ལེན་པར་སྐྱེད་ཀ་མཐོ་ལ། ཞིང་ལས་ཀྱི་གནས་སྟངས་ཁག་པ་བཅས་ཀྱི་གནས་སྟངས་རྣམས་སྤྱི་མཚུངས་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིང་འབྲོག་ཡར་རྒྱས་མཉམ་འབྲེལ་ལས་གཞིས་ཚང་མ་མཉམ་ཞུགས་ཀྱི་ཐབས་ལམ་ལག་བསྟར་བྱས་པ་བརྒྱུད། བ་ཡན་རྫོང་གི་ཆུ་དམར་དང་གསེར་གྲོང་། རྟ་རྒྱ་བཅས་གྲོང་བརྡལ་གསུམ་གྱི་སྡེ་བ་༡༢སུ་ལས་གཞི་སྤེལ་ཏེ། ཁོང་ཚོའི་སྲོལ་རྒྱུན་གྱི་འཚོ་བ་རོལ་ཐབས་དེ་རྒྱུན་འཛིན་བྱས་པའི་སྒོ་ནས་ཁོང་ཚོའི་ཉིན་རེའི་འཚོ་བའི་དགོས་མཁོ་སྐོང་བར་རོགས་འདེགས་བྱས་ཡོད། སྤྱི་ཚོགས་ཀྱིས་སྣེ་ཁྲིད་པའི་བྱ་འགུལ་བརྒྱུད་ནས་རང་རེ་ཚོགས་པའི་ཞིང་འབྲོག་ཡར་རྒྱས་ལས་གཞིས་ཁྱབ་ཁོངས་མི་འདྲ་བ་དྲུག་གི་དཀའ་ངལ་སེལ་ཐབས་ལ་འབད་ཡོད་པ་ནི།

ལས་སྒོ་དང་གྲུབ་འབྲས།


water piped in to a village

འཐུང་ཆུ་དང་ཡུར་ཆུའི་མ་ལག་གི་ཐད།མཉམ་ལས་པ་སྡེ་བ་ཁག་གིས་འཐུང་ཆུ་དངཡུར་ཆུའི་མ་ལག་གསར་སྐྲུན་ནམ་ཡང་ན་ཡར་རྒྱས་བཏང་བའི་རྐྱེན་གྱིས། ཡུལ་མིའི་འཕྲོད་བསྟེན་གྱི་ཉེན་ཁ་ཆུང་དུ་ཕྱིན་པ་དང་ཞིང་ལས་ཐོན་སྐྱེད་ལ་འཕར་སྣོན་བྱུང་བ། བུད་མེད་ཀྱིས་ཆུ་ལེན་པའི་ལས་ཀའི་ཁུར་བོ་ཇེ་ཡང་དུ་བཏང་བ་བཅས་སོ།།

སློབ་གསོ་འཐོབ་པ་དང་ཐོབ་པའི་སྤུས་ཀའི་ཐད།

སྔོན་ཆད་སློབ་གྲྭ་ནས་སློབ་བྱོལ་དུ་སོང་བའི་བྱིས་པ་དང་དར་མ་རྣམས་ལ་གོ་སྐབས་གསར་པ་འབུལ་རྒྱ་དང་སྤྱིའི་སློབ་གསོའི་མ་ལག་ཡར་རྒྱས་སུ་གཏོང་ཆེད། སློབ་ཆུང་སློབ་གསོ་དང་བུད་མེད་ཀྱི་ཡིག་རྨོངས་སེལ་བའི་ཐོག་ལ་ཤུགས་སྣོན་བྱས།

ནུས་ལྡན་ཟས་སྐོལ་འཕྲུལ་རྩལ་གྱི་ཐད།

བསྐྱར་སྤྱོད་མི་ཐུབ་པའི་འབུད་རྫས་འབྱུང་ཁུངས་ལ་བརྟེན་པ་ཇེ་ཉུང་དང་བུད་མེད་ཀྱི་འབུད་ཤིང་བསྡུ་བའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། འབུད་རྫས་གྲོན་ཆུང་ངམ་འབུད་རྫས་བསྐྱར་སྤྱོད་ཐུབ་པའི་ཐབ་ཀ་ངོ་སྤྲོད་བྱས།

བུད་མེད་ཡར་རྒྱས་ལས་ཀའི་ནང་འཛུལ་ཞུགས་ཀྱི་ཐད།

བུད་མེད་ཀྱི་རང་སྟོབས་རང་སྤེལ་ཚོགས་ཆུང་གསར་འཛུགས་དང་བུ་ལོན་ཕོན་ཆུང་གི་ལས་གཞི་བརྒྱུད། མཚོ་སྔོན་ཞིང་འབྲོག་ཡར་རྒྱས་མཉམ་འབྲེལ་ལས་གཞིས་བུད་མེད་རྣམས་ལ་ཡོང་སྒོ་བཙལ་འཚོལ་དང་ཡར་རྒྱས་བྱ་འགུལ་དུ་ཞུགས་པར་སྐུལ་འདེད་བཏང་།

ཁྱིམ་གྱི་ཡོང་སྒོ་བཙལ་འཚོལ་ཐད།

ཚོང་ལས་སྦྱོང་བརྡར་དང་ཞིང་ཕྱུགས་ཀྱི་ཐོན་ཁུངས་ཡར་རྒྱས་སུ་བཏང་སྟེ་སྡེ་བ་རིམ་པ་ནས་ཡོང་སྒོ་བཙལ་འཚོལ་གྱི་བྱ་འགུལ་ལ་སྐུལ་འདེད་བཏང་།

འཕྲོད་བསྟེན་ལས་འགུལ་གྱི་ཐད།

ལས་གཞིའི་དམིགས་འབེན་ཁུལ་དུ་འཕྲོད་བསྟེན་སློབ་གསོ་དང་བདེ་ཐང་ལག་བསྟར་མ་ལག་ཡར་རྒྱས་སུ་གཏོང་ཆེད། མཚོ་སྔོན་ཞིང་འབྲོག་ཡར་རྒྱས་མཉམ་འབྲེལ་ལས་གཞིའི་ཆ་ཤས་སུ་མཚོ་སྔོན་རྨང་གཞིའི་འཕྲོད་བསྟེན་ལས་གཞི་ཞེས་པ་འདི་སྤེལ།

ལས་གཞིའི་གནས་ཚུལ་སྙིང་སྡུས།

དུས་ཡུན།  ༢༠༠༥ཟླ་བ་དང་པོ་ནས། ༢༠༠༧ཟླ་བ་བཞི་པ་བར།

དངུལ་རྩིས།  ཨ་སྒོར་༦༧༥༠༠༠(ཀུན་ཕན་གྱི་འགྲོ་སོང་། ཨ་སྒོར་༥༧༠༠༠༠། བརྒྱ་ཆ་༨༠)

ས་གནས། མཚོ་སྔོན་ཞིང་ཆེན།   ཆུ་དམར་གྲོང་ཚོ་དང་། སེར་གཞོང་གྲོང་ཚོ།རྟ་བརྒྱ་ གྲོང་ཚོ་བཅས། བ་ཡན་ རྫོང་། མཚོ་ཤར་ས་ཁུལ།

Map of Project Location

ཞིང་འབྲོག་ཡར་རྒྱས་མཉམ་འབྲེལ་ལས་གཞིའི་མཉམ་འབྲེལ་སྡེ་ཁག