སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།

ལས་གཞིའི་སྤྱི་དོན།  མཚོ་སྔོན་ཕྱུགས་སྨན་ལས་གཞི།chinese version tibetan version


ལས་གཞིའི་དམིགས་ཡུལ་དང་ནང་དོན།


delivering raw milk

ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་རིག་གཞུང་དང་གོམས་སྲོལ་ལ་བརྩི་སྲུང་བྱེད་པའི་ཐོག་ནས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་གནས་སྟངས་ཡར་རྒྱས་སུ་གཏོང་བའི་ཞིང་འབྲོག་ཡར་རྒྱས་ལས་གཞི་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སྤྱི་ལོ་༢༠༠༤ལོར། དེ་སྔ་སྤྱི་ལོ་༢༠༠༡ལོར་ཀུན་ཕན་ཐེབས་རྩ་ཚོགས་པ་དང་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་གཉིས་ཀྱིས་མགོ་ལོག་ཁུལ་དུ་ཐུན་མོང་མ་ཡིན་པའི་ཡོང་སྒོ་བཙལ་འཚོལ་ཆེད་བཙུགས་པའི་གངས་ལྗོངས་ནོར་ཕྱུར་བཟོ་གྲྭར་རྒྱབ་སྐྱོར་བྱེད་ཆེད་དུ། བོད་ཀྱི་ནོར་ཕྱུར་ལས་གཞི་སྤེལ། ས་གནས་འབྲོག་པ་མང་ཚོགས་ཀྱི་ལག་ནས་འོ་མ་རྫོགས་མེད་ཉོས་ཏེ་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་ཚོང་རར་དམིགས་པའི་ཕྱུར་རིགས་སྣ་ཚོགས་ཐོན་སྐྱེད་བྱས། ཐོན་རྫས་བཙོངས་པའི་རིན་འབབ་ཀྱིས་ས་གནས་སློབ་གྲྭ་གཉིས་ཏེ། འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་དང་རྩྭ་ཐང་བུ་མོའི་འཇོན་ནུས་སློབ་གྲྭ་གཉིས་ཀྱི་འགྲོ་སོང་ཁེབས་པར་བྱེད་ཀྱི་ཡོད། སློབ་གྲྭ་འདི་གཉིས་ཀྱིས་འབྲོག་པའི་བྱིས་པ་རྣམས་ལ་གནའ་དེང་བོད་ཀྱི་བསླབ་གཞི་ཁག་གི་ཐོག་རིན་མེད་ཀྱིས་སློབ་སྦྱོང་སྤྲོད་ཀྱི་ཡོད། བོད་ཀྱི་ནོར་ཕྱུར་ལས་གཞིའི་དམིགས་ཡུལ་ཞིག་སྟེ། བཟོ་གྲྭས་རང་སྟོབས་རང་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་དམིགས་ཡུལ་དེ་འགྲུབ་ཆེད། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ནོར་ཕྱུར་ཕྱུགས་སྨན་ལས་གཞིའི་མགོ་བརྩམས།

ལས་གཞིའི་འགྲེལ་བཤད།


first vaccine

དུས་ཀྱི་འཁོར་འགྲོས་༢༠༠༦ལོར་སླེབས་དུས། གངས་ལྗོངས་ནོར་ཕྱུར་བཟོ་གྲྭས་ཀྲུང་གོའི་ནང་ཁུལ་དུ་མཚན་སྙན་གཞི་ནས་བསྐྲུན་ཟིན་ཡོད་པ་མ་ཟད་རྒྱལ་སྤྱིའི་ཁྲོམ་རར་ཡང་སིམ་འཛུལ་བྱེད་འགོ་ཚུགས་ཡོད། ཡིན་ན་ཡང་། ཡིན་ན་ཡང་། ཕྱུར་བ་འདི་རྒྱལ་སྤྱིའི་གཙང་སྦྲའི་ཚད་ཐིག་ལ་སླེབས་པར་ད་དུང་འཕྲོད་བསྟེན་དང་བདེ་འཇགས་མ་ལག་ཐད་སྔར་ལས་ཡར་རྒྱས་གཏོང་དགོས། དེར་བརྟེན། བོད་ཀྱི་ནོར་ཕྱུར་ཕྱུགས་སྨན་ལས་གཞིས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་སུ་ནོར་ཁྱུའི་གཙང་སྦྲ་དང་འཕྲོད་བསྟེན་ཐོག་འགན་ལེན་བྱས་ཏེ་བཟོ་གྲྭས་གཙང་སྦྲ་ལྡན་པའི་ཐོན་རྫས་སྐྲུན་པར་རམ་འདེགས་བྱས། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཕྱུགས་སྨན་ལྷན་ཚོགས་དང་མཉམ་འབྲེལ་ཐོག་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་པའི་འབྲོག་སྡེ་རྣམས་ལ་ཕྱུགས་རིགས་བདེ་ཐང་འཕྲོད་བསྟེན་སྦྱོང་བརྡར་འགོ་འཛུགས་བྱས། ལས་གཞི་འདིས་ཐོན་སྐྱེད་འཁོར་སྐྱོད་ཐོག་གི་གཙང་སྦྲའི་སྦྱོང་བརྡར་དང་ཐོན་རྫས་ཉམས་ཞིབ་བྱེད་སའི་ཚོད་ལྟ་ཁང་། དེ་བཞིན་ཚོང་ལས་འཆར་འགོད་བཅས་བཀོད་སྒྲིག་བྱས་པ་བརྒྱུད་ནས་བཟོ་གྲྭ་འདིས་ཐོན་སྐྱེད་དང་ཕྱིར་ཚོང་ཐོག་རང་བརྟེན་བྱེད་ཐུབ་པར་རོགས་རམ་བྱས་ཡོད། བྱ་འགུལ་གྱི་རྩ་གནད་ཁག་ནི།

ལས་སྒོ་དང་གྲུབ་འབྲས།



washing cheese

ཕྱུགས་སྨན་པ་སྦྱོང་བརྡར་དང་མཐུན་རྐྱེན།:

ཐོན་སྐྱེད་སྦྱོང་བརྡར།:

བཟོ་གྲྭའི་རང་སྟོབས་རང་སྤེལ།:

བོད་ཀྱི་ནོར་ཕྱུར་ལས་གཞི་དང་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་གཉིས་ཀྱི་སྐོར་ཁ་གསབ་གནས་ཚུལ་དགོས་ན་དྲ་ཚིགས་འདིར་གཟིགས་རོགས། www.tibetancheese.org

ལས་གཞིའི་གནས་ཚུལ་སྙིང་སྡུས།

དུས་ཡུན།  ༢༠༠༦ལོའི་སྤྱི་ཟླ་༤བ་ནས་སྤྱི་ཟླ་༡༢པའི་བར།

དངུལ་རྩིས། ཨ་སྒོར་70,093.88
༼ཀུན་ཕན་རོགས་དངུལ་ཨ་སྒོར་34,902.13ཡོད་པ་དེས་སྤྱིའི་བརྒྱ་ཆ་50ཟིན་ཡོད།༽

ས་གནས། མཚོ་སྔོན་ཞིང་ཆེན།  མགོ་ལོག་ཁུལ་ ར་རྒྱ་ཞང་།

Map of Project Location

བོད་ཕྱུར་དང་ཕྱུགས་སྨན་ལས་གཞིའི་མཉམ་འབྲེལ་སྡེ་ཁག