སློབ་གསོ། | ཞིང་འབྲོག་ཡར་རྒྱས། | འཕྲོད་བསྟེན། | རིག་གནས།








ལས་གཞི། ཞིང་འབྲོག་ཡར་རྒྱས།chinese version tibetan version

མདོ་དབུས་མཐོ་སྒང་གི་ཞིང་འབྲོག་རུ་སྡེ་རྣམས་དབུལ་ཕོངས་ཀྱི་གནས་ལས་ཐར་དཀའ་བར་རྒྱུ་རྐྱེན་མང་བོ་ཞིག་འདུས་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིང་འབྲོག་ཡར་རྒྱས་ལས་གཞི་ཡིས་སློབ་གསོ་དང་ཡོང་སྒོ་བཙལ་འཚོལ། དེ་བཞིན་འཕྲོད་བསྟེན་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནད་དོན་འདི་དག་ལ་དོ་སྣང་བྱེད་པའི་སྒོ་ནས། ཀྲུང་གོའི་བོད་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་གནས་སྟངས་ཀྱི་དབང་གིས་བྱུང་བའི་དཀའ་ངལ་རྣམས་ཁྱད་སེལ་དང་གོ་སྐབས་དག་དམ་འཛིན་བྱེད་པའི་འབད་བརྩོན་བྱེད་བཞིན་ཡོད།

ལས་དོན་རིགས་འདིའི་ཐད་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་ཐབས་ཇུས་གཙོ་བོ་ནི་ལས་རིགས་ལག་རྩལ་གྱི་སྦྱོང་བརྡར་སྤྲོད་རྒྱུ་དང་། ས་གནས་རིག་གཞུང་དང་ཁོར་ཡུག་ལ་གནོད་འགལ་མེད་པའི་འཕྲུལ་ཆས་ཀྱི་རིགས་ངོ་སྤྲོད་བྱེད་རྒྱུ་བཅས་ཡིན། ང་ཚོའི་ལས་གཞི་དག་གིས་རུ་སྡེ་འདི་དག་ལ་ཕྱི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དབང་གིས་བྱུང་བའི་གནད་དོན་ལ་གདོང་ལེན་བྱེད་པའི་ཞོར་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རིག་གཞུང་འདིའི་ཁོར་ཡུག་ཕུན་སུམ་ཚོགས་པ་དེ་རྒྱུན་འཛིན་བྱེད་ཐུབ་པའི་ནུས་པ་སྐྱེད་སྲིང་བྱེད་ཀྱི་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་རུ་སྡེ་རྣམས་ལ་སྲོལ་རྒྱུན་གྱི་འཚོ་བ་རྒྱུན་འཛིན་བྱེད་པ་ནི་ཁྲལ་ལྟ་བུ་ཞིག་གི་ཐོག་ནས་མིན་པར་སོ་སོའི་འདོད་དོན་ངོ་མའི་ཐོག་ནས་ཐག་གཅོད་བྱེད་དུ་འཇུག་པར་འབད་བརྩོན་བྱེད་བཞིན་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ད་ལྟའི་ཞིང་འབྲོག་ཡར་རྒྱས་ཀྱི་ལས་གཞི་ཁག

ཀུན་ཕན་ཐེབས་རྩ་ཚོགས་པའི་སྔོན་ཆད་ཀྱི་ཞིང་འབྲོག་ཡར་རྒྱས་ཀྱི་ལས་གཞི་ཁག།

> ལས་གཞིའི་གནས་ཡུལ་ཁག་ལ་བལྟ་བ།

 


tibetan woman sowing wheat winter landscape with yaks and farm