ང་ཚོའི་ལས་གཞི་ཁག་གི་སྐོར།
སྤྱི་ ལོ་༢༠༠༤ལོ་ནས་འགོ་བརྩམས་ཏེ། ཀུན་ཕན་ཐེབས་རྩ་ཚོགས་པས་ཕྱིའི་རོགས་དངུལ་ཁོ་ན་སྤྲོད་པའི་ལམ་ལུགས་ནས་ཚོགས་པ་ རང་ངོས་ནས་ཐད་ཀར་ལས་གཞི་སྤེལ་བའི་ཕྱོགས་སུ་བསྐྱོད་ཡོད།
ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་སྒེར་གཉེར་དང་གཞུང་གཉེར་ཚོགས་ཁག་དང་མཉམ་འབྲེལ་སྒོ་ནས། ས་གནས་རིག་གནས་སྲུང་བརྩི་བྱེད་པ་དང་ཆབས་ཅིག་ཕུ་ཐག་རིང་བོའི་སྒོ་ནས་རང་ཉིད་ཀྱི་དགོས་མཁོ་སྐོང་ཐུབ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་འབད་ཀྱི་ཡོད།
སྤྱི་ལོ་༢༠༠༤ལོ་ནས་ད་བར། ཀུན་ཕན་ཐེབས་རྩ་ཚོགས་པས་ཀྲུང་གོའི་བོད་ཀྱི་ས་ཁུལ་ཁག་ཏུ་ལས་གཞི་ཁག་༡༤སྤེལ་ཡོད། ལས་གཞི་ཁག་ནི་གཤམ་གྱི་ཁྱབ་ཁོངས་ཁག་གི་ནང་དུ་ཚུད་ཡོད།