ཕྱིར་གཏོང་རོགས་དངུལ། | སློབ་ཡོན། | ཞིབ་འཇུག་གི་རོགས་རམ་བྱ་དགའ།

ཞུ་ཡིག་འབུལ་བའི་བརྒྱུད་རིམ།chinese version tibetan version

ཞུ་ཡིག་ཚང་མ་འོག་གི་གོ་རིམ་༡ནས་༥བར་གྱི་ལམ་སྟོན་ལྟར་འགྲོ་དགོས།

གལ་ཏེ་སྡེ་ཚན་བྱེ་བྲག་པ་ཞིག་གི་ཞུ་ཡིག་གི་སྐོར་ལ་གནས་ཚུལ་ལམ། ཡང་ན་ཁ་གསབ་གནས་ཚུལ་དགོས་ཚེ། དེ་འབྲེལ་གྱིས་སྡེ་ཚན་ནང་འཛུལ་རོགས།

སློབ་གསོ། འཕྲོད་བསྟེན། ཞིང་འབྲོག་ཡར་རྒྱས། རིག་གཞུང་། དཔར་སྐྲུན། མཛེས་རྩལ། ཞིབ་འཇུག

གོ་རིམ་༡པོ།  གནས་ཚུལ་འདྲི་རྩད།

གལ་ཏེ་སྐུ་ཉིད་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པ་ནས་རོགས་དངུལ་ཞུ་འདོད་ཡོད་ན། ངེད་ཐེབས་རྩའི་རོགས་དངུལ་དོ་དམ་པར་གློག་འཕྲིན་ཁ་བྱང་grants@trace.orgའདི་བརྒྱུད་ནས་སམ་ཡང་ན་ཁ་པར་ཨང་གྲངས་(+86-28-6654-3245)འདིའི་ཐོག་ཏུ་འབྲེལ་བ་གནང་རོགས། རོགས་དངུལ་དོ་དམ་པས་ཁྱེད་ཀྱི་རྩ་བའི་བསམ་ཚུལ་དེར་ཉན་རྗེས། དེ་གཞི་རྩའི་ཞུ་ཡིག་འབུལ་བའི་ཆ་རྐྱེན་དང་མཐུན་ཡོད་མེད་ཀྱི་ལན་སྤྲོད་ཅིང་། གལ་སྲིད་མཐུན་ཡོད་ན་ཁྱེད་ལ་དངོས་སུ་རོགས་དངུལ་ཞུ་ཡིག་འབུལ་བའི་སྐུལ་མ་བྱེད།

གོ་རིམ་༢པ། རོགས་དངུལ་ཞུ་ཡིག་འབུལ་བ།

རོགས་དངུལ་ཞུ་ཡིག་འབུལ་བར་ཞུ་ཡིག་འབུལ་མཁན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པས་མཁོ་འདོན་བྱས་པའི་འབྲེལ་ཡོད་རོགས་དངུལ་ཞུ་ཡིག་དང་སྔོན་རྩིས་གཉིས་ཀྱི་འགེངས་ཤོག་རེའུ་མིག་དེ་དག་སྤྱོད་དགོས། ཉེར་མཁོའི་འགེངས་ཤོག་རེའུ་མིག་དེ་དག་ལེན་པར་གཡོན་ངོས་ཀྱི་ཕབ་ལེན་ཞེས་པ་འདིའི་སྟེང་དུ་ནོན་རོགས། རེའུ་མིག་དེ་དག་ཁྱེད་དང་ཐག་ཉེ་ཤོས་སུ་ཡོད་པའི་ཐེབས་རྩ་ཚོགས་པའི་གཞུང་ལས་ཁང་ནས་ལེན་ཆོག་ལ་ང་ཚོའི་རོགས་དངུལ་དོ་དམ་པར་འབྲེལ་བ་བྱས་ནས་བླངས་ཀྱང་ཆོག

གོང་གི་རྣམ་པ་མིན་པའི་ཞུ་ཡིག་དག་ཁས་ལེན་མི་བྱེད། འོན་ཀྱང་། ཞུ་ཡིག་འབུལ་མཁན་གྱིས་དགོས་པ་མཐོང་ན་འབྲེལ་ཡོད་གནས་ཚུལ་ཟུར་སྣོན་གྱིས་སྤྲད་ན་ཆོག

ཞུ་ཡིག་དག་གློག་འཕྲིན་དང་། ཡིག་ཟམ། དེ་བཞིན་མྱུར་འཕྲིན་བཅས་བརྒྱུད་ནས་རོགས་དངུལ་དོ་དམ་པར་འབུལ་བའམ། ཡང་ན་ཁྱེད་དང་ཐག་ཉེ་ཤོས་ཀྱི་ངེད་ཐེབས་རྩའི་གཞུང་ལས་ཁང་དུ་ཕུལ་ཡང་ཆོག

རོགས་དངུལ་ཞུ་ཡིག་འབུལ་བའི་དུས་བཅད་ནི་ལོ་རེའི་སྤྱི་ཟླ་༡༠པའི་ཚེས༡ཉིན་ཡིན། ཚེས་གྲངས་འདིའི་རྗེས་ལ་འབྱོར་བའི་ཞུ་ཡིག་དག་ལོ་འཁོར་དེའི་ཞུ་ཡིག་བསྐྱར་ཞིབ་ཀྱི་གྲས་སུ་མི་འཇོག

གོ་རིམ་༣པ། བསྐྱར་ཞིབ་བརྒྱུད་རིམ།

ལོ་ལྟར་ཕུལ་ཟིན་པའི་རོགས་དངུལ་ཞུ་ཡིག་རྣམས་ལ་ལོ་རྗེས་མ་དེའི་ལོ་མགོར་བསྐྱར་ཞིབ་བྱེད་ཀྱི་ཡོད། ༼དཔེར་ན། ༢༠༠༨ལོའི་སྤྱི་ཟླ་༡༠པའི་ཚེས་༡ཉིན་ཚུན་ཆད་དུ་ཕུལ་བའི་ཞུ་ཡིག་རྣམས་༢༠༠༩ལོའི་སྤྱི་ཟླ་༡ནས་སྤྱི་ཟླ་༣བར་བསྐྱར་ཞིབ་བྱེད།༽

སྤྱི་ཟླ་༤ཚེས་༣༠ཚུན་ཆད་དུ་ཀུན་ཕན་ཐེབས་རྩའི་ཐག་གཅོད་གང་ཡིན་དེ་ཞུ་ཡིག་འབུལ་མཁན་རྣམས་ལ་ཡིག་ཐོག་ནས་བརྡ་སྦྱོར་བྱེད། ང་ཚོའི་རོགས་དངུལ་ཞུ་མཁན་རྣམས་ལ་སྟབས་བདེ་ཡོང་ཆེད། སྤྱི་ཟླ་༡༠པའི་ཚེས་༡ནས་སྤྱི་ཟླ་༦པའི་ཚེས་༡བར་འབྱོར་བའི་ཞུ་ཡིག་རྣམས་ལ་སྤྱི་ཟླ་༧པའི་ནང་སྔོན་འགྲོའི་གདེང་འཇོག་ཅིག་བྱེད། གལ་སྲིད་སྔོན་འགྲོའི་གདེང་འཇོག་ཡག་པོ་ཐོབ་ན། ཞུ་ཡིག་འབུལ་མཁན་ལ་ཁོང་གི་ཞུ་ཡིག་དེ་བསྐྱར་ཞིབ་བརྒྱུད་རིམ་ནང་དུ་ཚུད་པའི་བརྡ་གཏོང་བར་བྱེད། སྔོན་འགྲོའི་གདེང་འཇོག་སྐབས་ལམ་ལྷོང་བྱུང་བ་དེས་མཐའ་མར་རོགས་དངུལ་ཐོབ་པར་ཁག་ཐེག་བྱེད་ཀྱི་མེད། སྔོན་འགྲོའི་གདེང་འཇོག་སྐབས་ལམ་ལྷོང་མ་བྱུང་བའི་ཞུ་ཡིག་འབུལ་མཁན་རྣམས་ལ་དེ་དོན་བརྡ་སྦྱོར་གཏོང་བ་ནི་ཁོང་ཚོས་ཚོགས་པ་གཞན་ནས་རོགས་དངུལ་འཚོལ་ཐུབ་ཆེད་ཡིན།

ཕུལ་ཟིན་པའི་རོགས་དངུལ་ཞུ་ཡིག་ལ་འགྱུར་བ་གཏོང་བ།

ཞུ་ཡིག་གང་ཞིག་བསྐྱར་ཞིབ་ཀྱི་བརྒྱུད་རིམ་ནང་ཡོད་སྐབས། དེ་ལ་འགྱུར་བ་ཆེན་པོ་ཐེབས་ཀྱི་ཡོད་ན་ཞུ་ཡིག་འབུལ་མཁན་གྱིས་ངེས་པར་དུ་རོགས་དངུལ་དོ་དམ་པར་དེའི་སྐོར་བརྡ་སྦྱོར་བྱེད་དགོས།

གོ་རིམ་༤བ། རོགས་དངུལ་རྩིས་སྤྲོད།

ཞུ་ཡིག་འབུལ་མཁན་སུ་ཞིག་ལ་རོགས་དངུལ་ཐོབ་པའི་སྐོར་བརྡ་སྦྱོར་བཏང་རྗེས་ཀྱི་ཟླ་བ་གཉིས་ཀྱི་ནང་། ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་དངུལ་འདིའི་རྩ་འཛིན་གྱི་ཆ་རྐྱེན་ཁག་བཏོན་ཏེ་རོགས་དངུལ་གྱི་གན་རྒྱ་ཞིག་གྲ་སྒྲིག་བྱེད། རོགས་དངུལ་ དངོས་སུ་རྩིས་སྤྲོད་མ་བྱས་སྔོན་ལ་ངེས་པར་དུ་རོགས་དངུལ་ཞུ་མཁན་དང་ཀུན་ཕན་ཐེབས་རྩ་ཚོགས་པའི་སྐུ་ཚབ་གཉིས་ཀྱིས་གན་རྒྱ་དེ་ལ་མིང་རྟགས་འགོད་དགོས།

གོ་རིམ་༥བ། ཞུ་ཡིག་འབྲི་དགོས།

ཞུ་ཡིག་ཅི་དགོས་ཚང་མ་གན་རྒྱའི་ནང་དུ་གསལ་པོ་འགོད་ཀྱི་ཡོད་ལ། རོགས་དངུལ་ཞུ་མཁན་ཚང་མས་ལས་ཀའི་འཕེལ་རིམ་ཞུ་ཡིག་དང་འགྲོ་སོང་གི་འགན་ལེན་ཞུ་ཡིག་འབུལ་དགོས།

ལས་ཀའི་འཕེལ་རིམ་ཞུ་ཡིག་ནི། ལས་གཞི་དེའི་བྱ་འགུལ་དང་མཇུག་འབྲས་ཁག་གི་སྤྱི་སྡོམ་ལ་ཟེར། འགྲོ་སོང་གི་འགན་ལེན་ཞུ་ཡིག། རོགས་དངུལ་ཞུ་མཁན་ལ་གན་རྒྱར་མིང་རྟགས་འགོད་སྐབས་སྤྲད་པའི་༼འགྲོ་སོང་འགན་ལེན་ཞུ་ཡིག་གི་རེའུ་མིག༽ཅེས་པ་དེ་སྤྱད་ནས། རོགས་དངུལ་བྱེ་བྲག་པ་འདིར་འབྲེལ་བའི་འགྲོ་སོང་ཚང་མ་ཞིབ་ཚགས་ཀྱིས་འགོད་པའི་འགྲོ་སོང་ཞུ་ཡིག་ལ་ཟེར།

གོང་གི་ཞུ་ཡིག་གཉིས་ཀྱི་སྟེང་། ད་དུང་ཞུ་ཡིག་གཞན་པའི་རིགས་དང་ཆ་རྐྱེན་གཞན་ལ་སོགས་རོགས་དངུལ་གྱི་གྲོས་མཐུན་དུ་འགོད་སྲིད་ལ། གལ་སྲིད་དེ་ལྟར་བཀོད་ཡོད་ཚེ་རོགས་དངུལ་ཞུ་མཁན་གྱིས་ལས་ཀའི་འཕེལ་རིམ་སྙན་ཞུ་དང་དངུལ་རྩིས་འགྲོ་སོང་གི་ཞུ་ཡིག་གཉིས་ཐེབས་རྩ་ཚོགས་པར་ཕུལ་བ་ཕུད། ད་དུང་གོང་གི་ཆ་རྐྱེན་འཕར་མ་རྣམས་རོགས་དངུལ་གྱི་ཞུ་ཡིག་གི་ལས་འགན་གྱི་ཆ་ཤས་སུ་རྩིས་ནས་དེ་དག་ལེགས་པར་སྒྲུབ་དགོས།

རོགས་དངུལ་འཐོབ་མཁན་སུ་ཞིག་ལ་དངོས་ཟོག་གི་ཡོ་ཆས་དང་དངོས་ཟོག་ཉོ་བྱེད་ཀྱི་མ་རྩའི་རོགས་དངུལ་སྤྲད་པ་ཡིན་ན། ཁོའམ་ཁོ་མོས་ཉུང་མཐར་ཡང་ལོ་གསུམ་གྱི་རིང་ལ་ཀུན་ཕན་ཐེབས་རྩ་ཚོགས་པར་ལོ་འཁོར་སྙན་ཞུ་རེ་འབུལ་དགོས།

ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་ངོས་ལེན།

རོགས་དངུལ་འཐོབ་མཁན་རྣམས་ཀྱིས་རོགས་དངུལ་འདི་དང་འབྲེལ་བའི་གནས་ཚུལ་གང་ཞིག་དཔར་སྐྲུན་དང་བརྡ་འཕྲིན་ལ་སོགས་ཀྱི་ནང་འགོད་སྐབས་ལས་གཞི་དེར་ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་དངུལ་ཐོབ་ཡོད་པ་དེ་ངོས་ལེན་བྱ་དགོས། རོགས་དངུལ་བྱེ་བྲག་པ་རེ་ཟུང་ལ་ཆ་རྐྱེན་གཞན་པ་ཚང་དགོས་ཤིང་། དེ་དག་དུས་ལྟར་རོགས་དངུལ་གྲོས་མཐུན་ནང་གསལ་སྟོན་བྱེད་ཀྱི་རེད།

 

 

རོགས་སྐྱོར་འཚོལ་བ།

> ཕྱིར་གཏོང་རོགས་དངུལ། > སློབ་ཡོན། > ཞིབ་འཇུག་གི་རོགས་རམ་བྱ་དགའ།