མདུན་ཤོག
ཀུན་ཕན་གྱི་སྐོར།
ལས་གཞི།
རོགས་དངུལ།
རོགས་རམ་ལེན་སྟངས།
རྒྱུ་ཆ།
གསར་འགྱུར།
ཕྱིར་གཏོང་རོགས་དངུལ།
|
སློབ་ཡོན།
|
ཞིབ་འཇུག་གི་རོགས་རམ་བྱ་དགའ།
ཞིབ་འཇུག་གི་རོགས་རམ་བྱ་དགའ།
ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།
ཀུན་ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་གི་རོགས་རམ་བྱ་དགའ།
ཀུན་ཕན་ཐེབས་རྩ་ཚོགས་པས་དགའ་སྤྲོའི་ངང་༢༠༠༩ནས་༢༠༡༠ལོའི་ཞིབ་འཇུག་གི་རོགས་རམ་བྱ་དགའ་གསལ་བསྒྲགས་བྱེད་རྒྱུ་ཡིན། དེ་ནི་ཀྲུང་གོའི་བོད་ཁུལ་དུ་མུ་མཐུད་དེང་རབས་ཅན་དུ་འགྱུར་བཞིན་པའི་རྒྱུད་རིམ་སྣ་ཚོགས་ཀྱི་རིག་གནས་ཡར་རྒྱས་ཐད་ལ་རྒྱབ་སྐྱོར་བྱེད་པ་དམིགས་སུ་བཟུང་སྟེ་ཆེད་ལས་པ་དང་སློབ་གཉེར་བ། སྒྱུ་རྩལ་བ་སོགས་གསོ་སྐྱོང་བྱེད་པའི་ལས་གཞི་ཞིག་ཡིན། ཡུན་གནས་ཐུབ་པ་དང་ས་ཁུལ་གྱི་རིག་གནས་དང་འབྲེལ་བའི་འཕེལ་རྒྱས་དཔེ་དབྱིབས་ཀྱི་གསལ་འབྱེད་ལ་ཞལ་འདེབས་གཏོང་དུ་འཇུག་པ་དེ་ཡིན།
ང་ཚོས་ལོ་རེར་ཟླ་༡༢ཀྱི་ཞིབ་འཇུག་རོགས་རམ་གྱི་བྱ་དགའ་འབུལ་གྱི་ཡོད། ཞིབ་འཇུག་བྱ་དགའ་འདི་ཞིབ་འཇུག་སྐབས་ཀྱི་འགྲིམ་འགྲུལ་དང་། སྨན་བཅོས་གྱོང་སྐྱིན་དང་ཉེན་བྱོལ་གྱོང་སྐྱིན། འཚོ་བའི་ཕོགས་སྣོན་སོགས་ཀྱི་འགྲོ་སོང་གཏོང་ཆེད་ཡིན། ༼ཆེད་ལས་འཕེལ་རྒྱས་ཀྱི་གོ་སྐབས་ལ་ཞུགས་རྒྱུ་དེ་ཀུན་ཕན་ཐེབས་རྩ་ཚོགས་པའི་ཆོག་འཆན་ཐོབ་རྗེས་ད་གཟོད་རྒྱབ་སྐྱོར་བྱེད་རྒྱུ་རེད༽
ཞིབ་འཇུག་བརྗོད་གཞི་དག་ངེས་པར་དུ་ཞིབ་འཇུག་བྱ་དགའི་དམིགས་ཡུལ་དང་འབྲེལ་བ་ཡོད་དགོས་ལ་། གཤམ་དུ་མཚམས་སྦྱོར་བྱས་ཡོད་པའི་ཞིབ་འཇུག་གི་བརྗོད་གཞི་དང་འཚམས་པ་དག་ལ་དམིགས་བསལ་གྱི་བསམ་གཞིགས་བྱ་རྒྱུ་ཡིན།
༢༠༠༩ནས་༢༠༡༠ལོར་མཚམས་སྦྱོར་བྱས་པའི་ཞིབ་འཇུག་བརྗོད་གཞི།
གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་གནད་དོན།
འཕེལ་རྒྱས་དཔེ་དབྱིབས། ༼གཞུང་ལུགས་དང་ལག་ལེན།༽
སློབ་གསོའི་ལམ་ལུགས།
ཤུལ་བཞག་གི་རིག་གནས་སྲུང་སྐྱོབ།
དེང་རབས་དང་སྲོལ་རྒྱུན་གྱི་རིག་གནས།
དཔལ་འབྱོར་སློབ་སྦྱོང་།
རིག་གནས་སྣ་ཚོགས་དང་སྐད་རིགས་སྣ་ཚོགས། སྐྱེ་དངོས་སྣ་ཚོགས།
ཁོར་ཡུག་སྲུང་སྐྱོབ།
ཡུལ་སྐོར་སྤྲོ་འཆམ།
འཕྲོད་བསྟེན་དང་ས་གནས་ཀྱི་སྨན་བཅོས་རིག་གནས།
ཕྱུགས་ལས་དང་ཞིང་ལས་སྲིད་ཇུས།
ཞིབ་འཇུག་གི་མཇུག་ཏུ་སློབ་གཉེར་བ་ཚོས་ཞིབ་འཇུག་གི་ཕྱོགས་སྡོམ་སྙན་ཞུ་རེ་བྲིས་ནས་ཀུན་ཕན་ཐེབས་རྩ་ཚོགས་པར་སྤྲོད་དགོས། ཕྱོགས་སྡོམ་སྙན་ཞུ་དེའི་ནང་རོགས་སྐྱོར་མ་དངུལ་བཏང་ནས་ཞིབ་འཇུག་བྱས་པའི་ནང་དོན་གཞིར་བཟུང་བའི་རིག་གཞུང་དཔྱད་རྩོམ་ཞིག་ཀྱང་འདུས་དགོས་ལ་དེ་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་དངོས་སུ་ཡོངས་བསྒྲགས་བྱ་དགོས། ཐེབས་རྩ་ཚོགས་པས་བྱ་འགུལ་འདི་བརྒྱུད་དེ་སློབ་གཉེར་བ་ཚོར་ཞིབ་འཇུག་གི་གྲུབ་འབྲས་ཅི་ཞིག་ཐོབ་ཡོད་ངོ་སྤྲོད་བྱ་རྒྱུའི་རེ་བ་འདོན་ཀྱང་སྲིད། སློབ་གཉེར་པ་ཚོས་དངོས་བརྒྱུད་གང་རུང་ནས་རང་ཉིད་ཀྱི་ཞིབ་འཇུག་མ་དངུལ་འདི་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་རོགས་དངུལ་ལས་ཐོབ་པ་ཡིན་པ་ངོས་ལེན་དང་གསལ་བཤད་བྱེད་པར་ང་ཚོས་རེ་ལྟོས་བྱས་ཡོད།
ཞིབ་འཇུག་གི་རོགས་རམ་བྱ་དགའ་དང་འབྲེལ་བའི་ཆ་རྐྱེན་དང་ཞུ་ཡིག་གི་གོ་རིམ་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་སོགས་
ཞུ་ཡིག་གི་ཤོག་ངོས་
ལ་གཟིགས་རོགས།
རོགས་སྐྱོར་འཚོལ་བ།
> ཕྱིར་གཏོང་རོགས་དངུལ།
རོགས་དངུལ་གྱི་ལམ་སྟོན།
ཞུ་ཡིག་གི་གོ་རིམ།
རོགས་དངུལ་གྱི་རེའུ་མིག་ཕབ་ལེན།
> སློབ་ཡོན།
དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ།
དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་
དངུལ།
ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་
དགའི་དངུལ།
ཡང་ཡང་འདོན་པའི་འདྲི་བ།
ད་ལྟ་ཞུ་ཡིག་གཏོང་བ།
ཞུ་ཡིག་གི་རྒྱུ་ཆ་ཕབ་ལེན་པ།
> ཞིབ་འཇུག་གི་རོགས་རམ་བྱ་དགའ།
རོགས་རམ་ཞུ་བ་དང་ཞུ་ཡིག་འབེབ་པ།