མདུན་ཤོག
ཀུན་ཕན་གྱི་སྐོར།
ལས་གཞི།
རོགས་དངུལ།
རོགས་རམ་ལེན་སྟངས།
རྒྱུ་ཆ།
གསར་འགྱུར།
ཕྱིར་གཏོང་རོགས་དངུལ།
|
སློབ་ཡོན།
|
ཞིབ་འཇུག་གི་རོགས་རམ་བྱ་དགའ།
རོགས་དངུལ་འདྲི་རྩད་སྐོར་གྱི་ལམ་སྟོན།
ཀུན་ཕན་ཐེབས་རྩ་ཚོགས་པ་ནི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་ཤིང་ཀྲུང་གོའི་ནང་དུ་ཡན་ལག་གཞུང་ལས་ཁང་ཡོད་པའི་ཁེ་གཉེར་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་རིག་གནས་དང་སྐད་ཡིག་རྒྱུན་འཛིན་གྱི་ལས་དོན་ལ་རོགས་སྐྱོར་བྱེད་པ་དང་། ཀྲུང་གོའི་ནང་ཁུལ་གྱི་བོད་ཀྱི་སྤྱི་ཚོགས་ཀྱི་ནུས་པ་གོང་མཐོར་བཏང་སྟེ་ཁོང་ཚོས་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བར་རམ་འདེགས་བྱེད་ཀྱི་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་རིག་གནས་དང་ཡར་རྒྱས་ཀྱི་དམིགས་ཡུལ་ཁ་ཐོར་ཏུ་མ་སོང་ཞིང་རང་བྱུང་ཁོར་ཡུག་གི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་ལས་གཞི་ཁག་ལག་བསྟར་བྱེད་ལ་རོགས་དངུལ་གཏོང་།
སྤྱི་ཚོགས་དང་ཁོར་ཡུག་གཉིས་ཐད་ལ་ཕུགས་རྒྱང་རིང་བའི་ཁེ་ཕན་སྒྲུབ་ཆེད་ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་ལས་རོགས་སྡེ་ཁག་རྣམས་དང་མཉམ་འབྲེལ་གྱི་སྒོ་ནས་ལས་ཀ་བྱས་ཏེ། ས་གནས་སྤྱི་ཚོགས་ནི་ཡར་རྒྱས་ལས་ཀའི་བརྒྱུད་རིམ་ཀྱི་ལྟེ་བར་འགྱུར་བར་ཁག་ཐེག་བྱེད་ཀྱི་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པ་ཆབ་སྲིད་དང་ཆོས་ལུགས་གང་གི་སྒྲིག་འཛུགས་སུའང་ཚུད་མེད་ལ་ཚོགས་པའི་གྲོན་དངུལ་ཚང་མ་མི་སྒེར་གྱི་ཞལ་འདེབས་ཁོ་ན་ཡིན།
སྤྱིའི་གནས་ཚུལ།
ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་པའི་ལས་གཞི་ཁག་གིས་ང་ཚོའི་ལམ་སྟོན་རྩ་འཛིན་མཚོན་གྱི་ཡོད་ལ། ལས་གཞི་དག་ད་སྔ་རིག་གནས་དང་སློབ་གསོ། འཕྲོད་བསྟེན་དང་ཞིང་འབྲོག་ཡར་རྒྱས་བཅས་སྡེ་ཚན་བཞིའི་ཁོངས་སུ་འདུས་ཡོད།
ཀུན་ཐེབས་རྩ་ཚོགས་པས་རོགས་དངུལ་མི་སྤྲོད་ས་ཁག་ནི།
ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་ལས་འཆར།
ཆོས་ལུགས་དད་པ་སྒྱུར་པར་རྩོམ་པའི་ཚོགས་པ།
རོགས་དངུལ་ཞུ་བའི་སྐབས་སུ་ལས་ཀ་ཡོངས་སུ་གྲུབ་ཟིན་པའི་ལས་གཞི།
འགོ་ཡོངས་སུ་བརྩམས་ཟིན་པའི་ལས་གཞི།
སྤྱིར་བཏང་ཀུན་ཕན་ཐེབས་རྩ་ཚོགས་པས་རྨང་གཞིའི་འཛུགས་སྐྲུན་ཐོག་རོགས་དངུལ་གཏོང་བ་གལ་ཆེན་དུ་མི་འཇོག
ཐེབས་རྩ་ཚོགས་པས་རོགས་དངུལ་གྱི་ཚད་ལ་སྔོན་རྩིས་མི་བྱེད། རོགས་དངུལ་ཞུ་མཁན་གྱིས་ལས་གཞིའི་དགོས་མཁོ་དང་འཚམས་པའི་རོགས་དངུལ་ཞུ་དགོས། ས་གནས་ཀྱི་ཞལ་འདེབས་འོས་འཚམས་ཡོད་མཁན་གྱི་ལས་འཆར་རྣམས་གལ་ཆེན་དུ་བརྩི། གནས་སྟངས་དམིགས་བསལ་བ་རེའི་འོག་ནས་ཐེབས་རྩ་ཚོགས་པས་མ་དངུལ་མཉམ་འདོན་གྱི་དགོས་འདུན་ཡང་འདོན་སྲིད།
ལོ་གཅིག་ཅན་ནམ་ལོ་འགའ་ཅན་གང་རུང་གི་རོགས་དངུལ་ཞུས་ཆོག ཐེབས་རྩ་ཚོགས་པ་དང་རོགས་དངུལ་ཐོབ་ མཁན་གཉིས་བར་གྱི་གན་རྒྱ་གཞིར་བཟུང་ནས་རོགས་དངུལ་རྣམས་དུས་མཚམས་དུས་མཚམས་སུ་འདོན་སྤྲོད་བྱེད།
ཀུན་ཕན་ཐེབས་རྩ་ཚོགས་པས་སྤྲད་ཟིན་པའི་རོགས་དངུལ་གྱི་ཐོ་གཞུང་དགོས་ན་དྲ་ཚིགས་འདིའི་ཐོག་གི་
རོགས་དངུལ་
སྡེ་ཚན་དུ་ཕེབས་རོགས།
རོགས་སྐྱོར་འཚོལ་བ།
> ཕྱིར་གཏོང་རོགས་དངུལ།
རོགས་དངུལ་གྱི་ལམ་སྟོན།
ཞུ་ཡིག་གི་གོ་རིམ།
རོགས་དངུལ་གྱི་རེའུ་མིག་ཕབ་ལེན།
> སློབ་ཡོན།
དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ།
དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་
དངུལ།
ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་
དགའི་དངུལ།
ཡང་ཡང་འདོན་པའི་འདྲི་བ།
ད་ལྟ་ཞུ་ཡིག་གཏོང་བ།
ཞུ་ཡིག་གི་རྒྱུ་ཆ་ཕབ་ལེན་པ།
> ཞིབ་འཇུག་གི་རོགས་རམ་བྱ་དགའ།
རོགས་རམ་ཞུ་བ་དང་ཞུ་ཡིག་འབེབ་པ།