མདུན་ཤོག
ཀུན་ཕན་གྱི་སྐོར།
ལས་གཞི།
རོགས་དངུལ།
རོགས་རམ་ལེན་སྟངས།
རྒྱུ་ཆ།
གསར་འགྱུར།
ཕྱིར་གཏོང་རོགས་དངུལ།
|
སློབ་ཡོན།
|
ཞིབ་འཇུག་གི་རོགས་རམ་བྱ་དགའ།
མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ཞུ་ཡིག་འབུལ་བའི་རྒྱུན་མཐོང་གནད་དོན་སྐོར་གྱི་དྲི་བ་དྲིས་ལན།
གཉིས། ཞུ་ཡིག་གི་གོ་རིམ་དང་ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་སྐོར།
དྲི་བ།
ངས་རྒྱུགས་སྐར་ཁྱབ་བསྒྲགས་མ་བྱས་གོང་དང་སློབ་བསྡུ་བྱེད་མིན་མ་ཤེས་སྔོན་ལ་ཞུ་ཡིག་འབུལ་རྩིས་བྱས་ན་ཆོག་གམ།
ལན།
ཆོག སྤྱིར་ང་ཚོའི་རེ་བ་ནི་ཞུ་ཡིག་འབུལ་མཁན་གྱིས་ང་ཚོར་ཞུ་ཡིག་འབུལ་བའི་དུས་ཚོད་ཅི་ཙམ་སྔ་ན་དེ་ཙམ་བཟང་། གལ་ཏེ་ཚད་རྒྱུགས་ཀྱི་སྐར་འབྲས་དྲིལ་བསྒྲགས་བྱས་ཏེ་རྒྱུགས་ཚད་འཕྲོད་པ་ཤེས་རྗེས་ད་གཟོད་ཞུ་ཡིག་འབུལ་བའི་འགོ་བརྩམས་ན། དུས་ཚོད་ཀྱི་དབང་གིས་ལོ་དེའི་ཞིབ་དཔྱད་གཏོང་བའི་གོ་སྐབས་འཆོར་ངེས་ཆེ་བ་རེད། བྱ་དགའི་དངུལ་གྱི་ཞུ་ཡིག་དང་དུས་ཚོད་རེའུ་མིག་ནི་“ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་མཚམས་སྦྱོར་མདོར་བསྡུས་”ཀྱི་ཡིག་ཆ་ལ་ལྟ་རོགས་ཞུ།
དྲི་བ།
ཅི་ཞིག་ལ་《སློབ་སྦྱོང་གི་དམིགས་ཡུལ་》ཟེར།
ལན།
ལན། 《སློབ་སྦྱོང་གི་དམིགས་ཡུལ་》ཞེས་པའི་ཡིག་ཆ་དེ་ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་ནང་གི་ནང་དོན་གལ་ཆེན་ཞིག་ཡིན། གཙོ་བོ་ཁྱེད་ཀྱི་སློབ་སྦྱོང་གི་འཆར་གཞི་དང་བྱ་བའི་དམིགས་འབེན་གསལ་བཤད་བྱེད་པར་བཀོལ་བ་ཡིན་ལ། ཚན་པ་འདིའི་ནང་དོན་ནི་ཁྱོད་ཚང་གི་དཔལ་འབྱོར་གནས་ཚུལ་ལ་འབྲེལ་བ་མེད། དོན་དངོས་ཀྱི་འགྲེལ་བཤད་དང་རེ་འདུན་ནི“ཞུ་ཡིག་གི་ྱོགས་སྟོན་”གྱི་ཡིག་ཆར་ལྟ་རོགས་ཞུ།
དྲི་བ།
《སློབ་སྦྱོང་གི་དམིགས་ཡུལ་》དེ་ཡིག་རིགས་གང་ཞིག་བཀོལ་ནས་འབྲི་དགོས།
ལན།
བོད་ཡིག་དང་རྒྱ་ཡིག་སྤེལ་མ། ཡང་ན་བོད་ཡིག་དང་དབྱིན་ཡིག་སྤེལ་མ་སོ་སོ་གཅིག་རེ་འབྲི་དགོས། བྱ་དགའི་དངུལ་གྱི་རིགས་མི་མཐུན་པ་དང་བསྟུན་ནས་ཞུ་ཡིག་རྒྱུ་ཆའི་ཡིག་རིགས་ལས་ནང་གསེས་ཀྱི་རྒྱུ་ཆ་ཞིག་ལ་སྐད་བརྡ་མི་འདྲ་བ་རེ་སྤྱོད་པའི་རེ་བའང་འདོན་སྲིད་(“སློབ་སྦྱོང་གི་དམིགས་ཡུལ་”ལྟ་བུ།) གནས་ཚུལ་ཞིབ་ཆ་“ཞུ་ཡིག་གི་ཕྱོགས་སྟོན་”ཞེས་པའི་ཡིག་ཆ་དང་ཞུ་ཡིག་གི་རེའུ་མིག་ནང་གི་འབྲེལ་ཡོད་ཀྱི་མཆན་དང་གསལ་བཤད་ལ་ལྟ་རོགས་ཞུ།
དྲི་བ།
《སློབ་སྦྱོང་གི་དམིགས་ཡུལ་》ནི་ལག་བྲིས་བྱེད་དགོས་སམ་ཡང་ན་གློག་ཀླད་ཀྱིས་ཡིག་བཏགས་བྱས་ཆོག།
ལན།
བོད་ཡིག་ལག་པས་གཟབ་བྲིས་བྱེད་དགོས། རྒྱ་ཡིག་དང་དབྱིན་ཡིག་གློག་ཀླད་ཀྱིས་ཡིག་བཏགས་
བྱས་ཆོག།
དྲི་བ།
དཔེར་ན་རང་ཉིད་ཀྱི་《སློབ་སྦྱོང་གི་དམིགས་ཡུལ་》དང་། ཡང་ན་ཞུ་ཡིག་གི་རེའུ་མིག་ནང་དུ་རང་གི་ལོ་རྒྱུས་བརྒྱུད་རིམ་ཞིག་ཞུ་འབུལ་བྱས་ཟིན་པས། ཞུ་ཡིག་གི་དཔྱད་གཞིའི་རྒྱུ་ཆ་ཡར་འབུལ་བྱེད་སྐབས་《རང་ཉིད་ངོ་སྤྲོད་མདོར་བསྡུས་》དེ་མ་ཕུལ་ན་ཨེ་ཆོག
ལན།
མི་ཆོག ནང་དོན་འདི་གཉིས་ཕན་ཚུན་གཅིག་འཚབ་གཅིག་བྱེད་མི་ཆོག་པར་ངེས་པར་དུ་ཁ་ཁ་སོ་སོ་བྱས་ནས་འབྲི་དགོས།
དྲི་བ།
རྒྱལ་སྤྱིའི་བྱ་དགའི་དངུལ་གྱི་ཞུ་ཡིག་འབུལ་མཁན་གྱིས་ཡིག་རིགས་གང་དག་བཀོལ་ནས་ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་ཡར་འབུལ་བྱེད་དགོས།
ལན།
སྤྱིའི་བྱ་དགའི་དངུལ་གྱི་ཞུ་ཡིག་འབུལ་མཁན་གྱིས་ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་ཡར་འབུལ་བྱེད་སྐབས། བོད་ཡིག་དང་རྒྱ་ཡིག་བཀོལ་དགོས་པ་ལས་གཞན་ད་དུང་དབྱིན་ཡིག་ཀྱང་སྣོན་དགོས། གནས་ཚུལ་ཞིབ་ཆ་“ཞུ་ཡིག་གི་ཕྱོགས་སྟོན་”ཞེས་པའི་ཡིག་ཆ་དང་ཞུ་ཡིག་རེའུ་མིག་ནང་གི་འབྲེལ་ཡོད་ཀྱི་མཆན་དང་གསལ་བཤད་ལ་ལྟ་རོགས་ཞུ།
དྲི་བ།
སློབ་དུས་འདིའི་དངོས་གཞི་ཚན་ཁག་མཐར་ཕྱིན་སློབ་མའི་བྱ་བའི་ལོ་རྒྱུས་བརྒྱུད་རིམ་གྱི་རེའུ་མིག་ནང་དུ། རང་ཉིད་ཀྱི་དངོས་སྦྱོང་སྐབས་དང་དབྱར་དགུན་གནང་སྐབས་ཀྱི་སྤྱི་ཚོགས་བྱ་འགུལ་སྐོར་གྱི་གནས་ཚུལ་འབྲི་ཨེ་ཆོག
ལན།
འབྲི་ཆོག
དྲི་བ།
རྒྱུགས་འབྲས་ཤོག་བྱང་ཇི་འདྲ་ཞིག་ནི་ཞུ་ཡིག་གི་དཔྱད་གཞིའི་ཡིག་རིགས་ཀྱི་རེ་འདུན་དང་འཚམ་པ་ཡིན།
ལན།
སློབ་ གྲྭ་རིམ་པའི་འབྲེལ་ཡོད་སྡེ་ཁག་(སློབ་གཙོ་ཁང་དང་། ཡིག་ཚགས་ཁང་། ཞིབ་འཇུག་སློབ་མའི་དོ་དམ་ཁང་སོགས)ལས་ཐད་ཀར་ཐོབ་པ་ཡིན་དགོས་པ་མ་ཟད། སྡེ་ཁག་དེས་ཐམ་ཀ་བརྒྱབ་ཡོད་པའི་ཚད་ལྡན་གྱི་རྒྱུགས་འབྲས་ཤོག་བྱང་ཡིན་དགོས། རིམ་པ་གཉིས་པའི་སྡེ་ཁག་གིས་གནང་བའི་བསླབ་འབྲས་ཤོག་བྱང་ལ་ནུས་པ་མེད།
> མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ཞུ་ཡིག་འབུལ་བའི་རྒྱུན་མཐོང་
གནད་དོན་སྐོར་གྱི་དྲི་བ་དྲིས་ལན།
> བྱ་དགའི་དངུལ་སྐོར་གྱི་རིགས་དབྱེ་བ།
>《ཞབས་ཞུ་ལག་བསྟར་གྱི་འཆར་གཞི་》དང་ཞབས་ཞུའི་ལས་གཞིའི་སྐོར།
> ངོ་སྤྲོད་ཡི་གེའི་སྐོར།
རོགས་སྐྱོར་འཚོལ་བ།
> ཕྱིར་གཏོང་རོགས་དངུལ།
རོགས་དངུལ་གྱི་ལམ་སྟོན།
ཞུ་ཡིག་གི་གོ་རིམ།
རོགས་དངུལ་གྱི་རེའུ་མིག་ཕབ་ལེན།
> སློབ་ཡོན།
དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ།
དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་
དངུལ།
ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་
དགའི་དངུལ།
ཡང་ཡང་འདོན་པའི་འདྲི་བ།
ད་ལྟ་ཞུ་ཡིག་གཏོང་བ།
ཞུ་ཡིག་གི་རྒྱུ་ཆ་ཕབ་ལེན་པ།
> ཞིབ་འཇུག་གི་རོགས་རམ་བྱ་དགའ།
རོགས་རམ་ཞུ་བ་དང་ཞུ་ཡིག་འབེབ་པ།