ཕྱིར་གཏོང་རོགས་དངུལ། | སློབ་ཡོན། | ཞིབ་འཇུག་གི་རོགས་རམ་བྱ་དགའ།

དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་དངུལ། chinese version tibetan version

དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་དངུལ་ནི་རབ་འབྱམས་པ་དང་ཡང་ན་འབུམ་རམས་པའི་ཞིབ་འཇུག་དང་འབྲེལ་ཡོད་ཀྱི་སློབ་སྦྱོང་ལ་བཏང་བའི་བྱ་དགའི་དངུལ་ཞིག་ཡིན། དེའི་ནང་ཐོབ་ཐང་མ་ཡིན་པའི་ཟབ་སྦྱོང་གི་སློབ་ཡོན་བྱ་དགའ་ཡང་ཉུང་ཤས་ཞིག་འདུས་ཡོད། རིགས་འདིའི་བྱ་དགའི་དངུལ་གྱི་རོགས་སྐྱོར་ཁ་ཕྱོགས་ནི་བོད་ཀྱི་ཕ་སྐད་སློབ་གསོ་མྱོང་བ་མ་ཟད། ད་དུང་བོད་རིགས་ཀྱི་ཕ་སྐད་སློབ་གསོའི་མ་ལག་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་ཞུགས་པའི་ཤེས་ལྡན་མི་སྣ་ཡིན། མིག་སྔར་ཀུན་ཕན་ཐེབས་རྩ་ཚོགས་པས་ཉེ་སྔོན་གྱི་དངོས་གཞི་ཚན་ཁག་གི་མཐར་ཕྱིན་སློབ་མས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པར་གྲ་སྒྲིག་བྱེད་པར་“ཞིབ་འཇུག་སློབ་མའི་རྒྱུགས་ཀྱི་གསབ་སྦྱོང་བྱ་དགའི་དངུལ་”དང་། སློབ་གྲྭའི་ནང་དུ་དངོས་གཞི་ཚན་ཁག་རྗེས་ཀྱི་ཡོན་ཚད་འདོན་བཞིན་པའི་“ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ”བཅས་དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་དངུལ་རིགས་གཉིས་འདོན་སྤྲོད་བྱས་པ་ཡིན།



 

༡   ཞིབ་འཇུག་སློབ་མའི་རྒྱུགས་ཀྱི་གསབ་སྦྱོང་བྱ་དགའི་དངུལ།(PGBS)

“ཞིབ་འཇུག་སློབ་མའི་རྒྱུགས་ཀྱི་གསབ་སྦྱོང་བྱ་དགའི་དངུལ་”གྱི་རོགས་སྐྱོར་དམིགས་ཕྱོགས་ནི། ཞིབ་འཇུག་སློབ་མའི་ཚད་རྒྱུགས་ལ་ཞུགས་མྱོང་བའི་སློབ་མ་དེ་དག་གིས་ཆེད་གཉེར་མ་ཡིན་པའི་བསླབ་ཚན་གྱི་སྐར་འབྲས་ཚད་གཞིར་མ་སླེབས་པར་སློབ་བསྡུ་མ་བྱུང་བའི་སློབ་མ་དེ་དག་ལ་དུས་ཡུན་ལོ་གཅིག་གི་གསབ་སྦྱོང་བྱེད་པའི་རོགས་སྐྱོར་མཁོ་སྤྲོད་བྱས་ནས་ལོ་རྗེས་མར་རྒྱུགས་འཕྲོད་ཐུབ་པ་བྱེད་རྒྱུ་དེ་ཡིན། ཞུ་ཡིག་མཁན་ནི་ལོ་དེར་དངོས་གཞི་ཚན་ཁག་མཐར་ཕྱིན་སློབ་མ་དང་ཡང་ན་དངོས་གཞི་ཚན་ཁག་མཐར་ཕྱིན་ནས་ལོ་གཉིས་ནང་ཚུན་གྱི་སློབ་མ་ཡིན་དགོས། (དཔེར་ན། ༢༠༠༩ལོར་ཞིབ་འཇུག་སློབ་མའི་རྒྱུགས་ཀྱི་གསབ་སྦྱོང་བྱ་དགའི་དངུལ་ཞུ་ཡིག་བྱེད་མཁན་ནི་༢༠༠༧ལོ་དང་ཡང་ན་༢༠༠༧ལོའི་རྗེས་ཀྱི་སྐབས་སོ་སོའི་དངོས་གཞི་ཚན་ཁག་མཐར་ཕྱིན་སློབ་མ་ཡིན་དགོས།) “ཞིབ་འཇུག་སློབ་མའི་རྒྱུགས་ཀྱི་གས་སྦྱོང་བྱ་དགའི་དངུལ་”གྱི་བྱ་དགའ་འཐོབ་མཁན་ཀུན་ཕན་ཐེབས་རྩ་ཚོགས་པའི་དཔྱད་ཞིབ་ཨུ་ཡོན་ཚོགས་པས་ཐད་ཀར་དུ་གདམ་གསེས་བྱ་རྒྱུ་མ་ཟད། ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་ལས་གཞི་ཁང་གིས་ཐད་ཀར་དུ་དོ་དམ་བྱ་རྒྱུ་ཡིན།



 

༢   ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ། (PGDS)

“ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ་”གྱི་རོགས་སྐྱོར་དམིགས་ཕྱོགས་ནི་ཀྲུང་གོ་རྒྱལ་ནང་གི་ཞིབ་འཇུག་སློབ་མའི་ཤེས་ཡོན་ཐོབ་ཐང་སློབ་གཉེར་བྱེད་མཁན་ཡིན(རམ་འབྱམས་པ་དང་འབུམ་རམས་པ་འདུས།) ཞུ་ཡིག་མཁན་ནི་ལོ་དེར་དངོས་གཞི་ཚན་ཁག་དང་ཡང་ན་རབ་འབྱམས་པ་མཐར་ཕྱིན་པ་དང་ཡང་ན་དངོས་གཞི་ཚན་ཁག་དང་རམ་འབྱམས་པ་མཐར་ཕྱིན་ནས་ལོ་གཉིས་ནང་ཚུན་གྱི་སློབ་མ་ཡིན་དགོས། (དཔེར་ན། ༢༠༠༩ལོའི་བྱ་དགའི་དངུལ་ཞུ་ཡིག་འབུལ་མཁན་ནི་༢༠༠༧ལོ་དང་༢༠༠༧ལོའི་རྗེས་ཀྱི་སྐབས་སོ་སོའི་དངོས་གཞི་ཚན་ཁག་དང་རབ་འབྱམས་པའི་མཐར་ཕྱིན་སློབ་མ་ཡིན་དགོས།) ༢༠༠༧ལོར་སློབ་ཞུགས་ཕུལ་བྱུང་ཞིབ་འཇུག་སློབ་མ་༢༠ལ་བྱ་དགའི་དངུལ་འདི་ཐོབ་པ་ཡིན། ༢༠༠༨ལོར་མི་གྲངས་ཇེ་མང་དུ་བཏང་སྟེ་༢༥ལ་ཐོབ་པ་ཡིན། བྱ་དགའི་དངུལ་འདི་བྱ་དགའ་ཐོབ་མཁན་ལ་ཆེས་མང་ན་ལོ་ངོ་གསུམ་རིང་གི་ཞིབ་འཇུག་སློབ་མ་འདོན་བྱེད་ཀྱི་ཆེད་དུ་མཁོ་སྤྲོད་བྱས་པ་ཡིན། བྱ་དགའི་དངུལ་གྲངས་དོན་དངོས་གནས་ཚུལ་དང་བསྟུན་ནས་མི་མཚུངས་མོད། འོན་ཀྱང་ལོ་རེར་སྤྱིར་བཏང་དུ་དམངས་སྒོར་བརྒྱད་སྟོང་ལས་མི་བརྒལ།

ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ་གྱི་ཞུ་ཡིག་མཁན་ནི་ལོ་དེར་ཞིབ་འཇུག་སློབ་མའི་ཚད་རྒྱུགས་ལ་ཞུགས་པ་དང་ཡང་ན་ཞུགས་རྒྱུའི་འཆར་གཞི་ཡོད་པ་ཞིག་ཡིན་དགོས་པ་མ་ཟད། བྱ་དགའི་དངུལ་དཔྱད་བསྡུར་མ་བྱས་པའི་ཡར་སྔོན་ལ་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་པའི་སྐར་འབྲས་དང་། རང་ཉིད་ཀྱི་མིང་བཀོད་བྱེད་སའི་སློབ་གྲྭ་དང་ཆེད་ལས་ཀྱི་རྒྱུགས་ནང་གི་ཨང་རིམ་ག་ཚོད་ཟིན་པ་བཅས་མཁོ་སྤྲོད་བྱེད་ཐུབ་མཁན་ཡིན་དགོས། གལ་ཏེ་ཞུ་ཡིག་གི་སྐབས་སུ་རྒྱུགས་སྤྲད་པའི་སྐར་འབྲས་དང་འབྲེལ་ཡོད་ཀྱི་བརྡ་འཕྲིན་ད་དུང་འབྱོར་མེད་ན། ཞུ་ཡིག་མཁན་གྱིས་སྐར་འབྲས་གསལ་བསྒྲགས་བྱས་རྗེས་མྱུར་དུ་ཀུན་ཕན་ཐེབས་རྩ་ཚོགས་པར་ཡར་འབུལ་གཏོང་དགོས། ནན་ཞུ་བྱེད་དགོས་པ་ཞིག་ལ་སྙན་ཞུ་འབུལ་མཁན་གྱིས་ཚད་རྒྱུགས་ཀྱི་སྐར་འབྲས་དྲིལ་བསྒྲགས་མ་བཏང་བའི་ཡར་སྔོན་ལ་ཞུ་ཡིག་ཕུལ་དགོས་པ་ལས་ཚད་རྒྱུགས་ཀྱི་སྐར་འབྲས་དྲིལ་བསྒྲགས་བྱས་རྗེས་ཞུ་ཡིག་ཕུལ་ན་ལོ་དེའི་ཞུ་ཡིག་གི་དུས་བཅད་འཆོར་ངེས་ཡིན། བོད་སྐད་(ཡིག་ཐོག་དང་ཁ་སྐད)ལ་བྱང་ཆུང་པ་དང་བོད་ཀྱི་ཕ་སྐད་སློབ་གསོ་དང་འབྲེལ་ཡོད་ཀྱི་ཆེད་ལས་སློབ་སྦྱོང་ལ་རྒྱུགས་སྤྲོད་མཁན་ཚོར་དམིགས་བསལ་གྱིས་ཐོག་མར་བསམ་གཞིགས་གཏོང་རྒྱུ་ཡིན། བྱ་དགའི་དངུལ་གྲངས་དོན་དངོས་ཀྱི་གནས་ཚུལ་དང་བསྟུན་ནས་མི་མཚུངས་མོད། འོན་ཀྱང་ལོ་རེར་སྤྱིར་བཏང་དུ་དམངས་སྒོར་བརྒྱད་སྟོང་ལས་མི་བརྒལ།

“ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ་”ལ་ཞུ་ཡིག་འབུལ་མཁན་གྱི་ཆ་རྐྱེན་གཤམ་གསལ།

“ཕུལ་བྱུང་ཞིབ་འཇུག་སློབ་མའི་བྱ་དགའི་དངུལ་”གྱི་དམིགས་ས་ནི་“སློབ་གྲྭ་ནས་སློབ་གྲྭ་”དང་ཡང་ན་བྱ་བའི་ཉམས་མྱོང་ལོ་ངོ་གསུམ་ལས་མི་ལོངས་མཁན་དག་ཡིན། “ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་དགའི་དངུལ་”གྱི་དམིགས་ས་ནི་ལས་གནས་དངོས་སུ་ལོ་ངོ་གསུམ་ཡན་གྱི་བྱ་བའི་བརྒྱུད་རིམ་ཕུན་སུམ་ཚོགས་པ་ཡོད་མཁན་དག་ཡིན། གནས་ཚུལ་ཞིབ་ཆ་གཤམ་གྱི་ཡིག་ཆ་རུ་གསལ།

 


རོགས་སྐྱོར་འཚོལ་བ།

> ཕྱིར་གཏོང་རོགས་དངུལ། > སློབ་ཡོན། > ཞིབ་འཇུག་གི་རོགས་རམ་བྱ་དགའ།