མདུན་ཤོག
ཀུན་ཕན་གྱི་སྐོར།
ལས་གཞི།
རོགས་དངུལ།
རོགས་རམ་ལེན་སྟངས།
རྒྱུ་ཆ།
གསར་འགྱུར།
ཕྱིར་གཏོང་རོགས་དངུལ།
|
སློབ་ཡོན།
|
ཞིབ་འཇུག་གི་རོགས་རམ་བྱ་དགའ།
ཀུན་ཕནཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་ངོ་སྤྲོད་མདོར་བསྡུས།
ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་གྱི་ལས་གཞིའི་དགོངས་དོན་ནི། ཀྲུང་གོའི་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ནུས་ཤུགས་དང་བྱས་རྗེས་འབུལ་བའི་མི་སྒེར། སྒྲིག་གཞི་ལ་རོགས་སྐྱོར་དང་བསྐྱེད་སྲིང་བྱེད་རྒྱུ་དེ་ཡིན། སྔོན་འགྲོའི་ཆ་རྐྱེན་འདིའི་འོག་ཏུ། ང་ཚོའི་བྱ་དགའི་དངུལ་གྱི་དམིགས་ཡུལ་དངོས་ནི་བོད་རིགས་ཀྱི་ཕ་སྐད་སློབ་གསོའི་མ་ལག་ཆ་ཚང་བ་དང་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཡིན། ང་ཚོའི་རོགས་སྐྱོར་གྱི་དམིགས་ཕྱོགས་གཙོ་བོ་ནི་བོད་རིགས་ཀྱི་ཕ་སྐད་སློབ་གསོ་དང་འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་ལ་རོགས་སྐྱོར་བྱེད་རྒྱུ་དེ་ཡིན་པས། ང་ཚོར་ཞུ་ཡིག་འབུལ་མཁན་ཚོ་བོད་སྐད་ལ་བྱང་ཆུབ་དགོས་པ་(ཡུལ་སྐད་ལ་ཚད་གཞི་མེད་)དང་། བོད་ཡིག་ནི་ཞུ་ཡིག་མཁན་གྱི་ཐོབ་ཐང་དང་འཚམ་པ་བྱས་ཆོག ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་གྱི་ལས་གཞི་འདི་༡༩༩༩ལོའི་ལོ་འཇུག་ནས་དངོས་སུ་མགོ་བརྩམས་པ་ཡིན། བྱེད་སྟངས་རིགས་གང་མང་བརྒྱུད་ནས་༢༠༠༧ལོའི་བར་དུ་སློབ་གྲྭ་ཆེན་མོའི་ཕུལ་བྱུང་སློབ་མ་དང་། ལས་ཐོག་ཆེད་ལས་མི་སྣ་ཕུལ་བྱུང་ཅན་བསྡོམས་པས་༡༣༧༠ལྷག་ལ་བྱ་དགའི་རོགས་སྐྱོར་གནང་བ་ཡིན།
དེའི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་མཐོ་རིམ་སློབ་གསོའི་བྱ་དགའི་དངུལ་གྱི་ལས་གཞི་བརྒྱུད་ནས་ཐད་ཀར་དུ་འདམ་གསེས་བྱས་ཏེ་རོགས་སྐྱོར་གནང་བའི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡོམས་པས༥༢༠ཡོད། (མི་༤༣ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཡིན)འབྲེལ་ཡོད་ཀྱི་མི་རིགས་སློབ་གྲྭ་ཆེན་མོར་བཙུགས་པའི་དངོས་གཞི་ཚན་ཁག་གི་ཕུལ་བྱུང་སློབ་མའི་བྱ་དགའི་དངུལ་གྱི་རྣམ་པ་བརྒྱུད་དེ། བསྡོམས་པས་གདམ་གསེས་བྱུང་བའི་དངོས་གཞི་ཚན་ཁག་གི་ཕུལ་བྱུང་སློབ་ཞུགས་སློབ་མ་༤༠༠ལ་བྱ་དགའ་གནང་བ་ཡིན། ༢༠༠༤ནས་༢༠༠༧ལོའི་ལོ་འགའི་ནང་དུ། འབྲེལ་ཡོད་སློབ་འབྲིང་གི་ཧུར་བརྩོན་མཉམ་འབྲེལ་འོག ལོ་དེར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཕུལ་བྱུང་མཐར་ཕྱིན་སློབ་མ་༥༥༠ ལྷག་ཐད་ཀར་འདམ་གསེས་བྱས་ཏེ་བྱ་དགའ་གནང་བ་ཡིན།
ཀུན་ཕན་ཐེབས་རྩ་ཚོགས་པས་མིག་སྔར་མཁོ་སྤྲོད་བྱས་པའི་བྱ་དགའི་དངུལ་ལ་གཤམ་གྱི་རིགས་ཆེན་པོ་འགའ་ཡོད།
རོགས་སྐྱོར་འཚོལ་བ།
> ཕྱིར་གཏོང་རོགས་དངུལ།
རོགས་དངུལ་གྱི་ལམ་སྟོན།
ཞུ་ཡིག་གི་གོ་རིམ།
རོགས་དངུལ་གྱི་རེའུ་མིག་ཕབ་ལེན།
> སློབ་ཡོན།
དངོས་གཞི་ཚན་ཁག་གི་བྱ་དགའི་དངུལ།
དངོས་གཞི་ཚན་ཁག་རྗེས་ཀྱི་བྱ་དགའི་
དངུལ།
ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣའི་བྱ་
དགའི་དངུལ།
ཡང་ཡང་འདོན་པའི་འདྲི་བ།
ད་ལྟ་ཞུ་ཡིག་གཏོང་བ།
ཞུ་ཡིག་གི་རྒྱུ་ཆ་ཕབ་ལེན་པ།
> ཞིབ་འཇུག་གི་རོགས་རམ་བྱ་དགའ།
རོགས་རམ་ཞུ་བ་དང་ཞུ་ཡིག་འབེབ་པ།