You are here

དེང་དུས་གོ་ལའི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་པོད་༡དང་༢པ།

གོ་ལ་གཅིག་འགྱུར་ཅན་དུ་འགྲོ་བའི་དུ་ཚོད་འདིར། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་དག་སྟོང་ཉེན་ཇེ་ཆེར་འགྲོ་བཞིན་པ་འདི་མངོན་གསལ་དོད་དུ་ཕྱིན་ཡོད། སྐད་བརྡ་རིག་པ་དང་། དམངས་བཙུགས་ཚོགས་པ། ས་གནས་སྤྱི་ཚོགས། སྲིད་གཞུང་། དེ་བཞིན་རྒྱལ་སྤྱིའི་ཚོགས་པ་ཁག་གིས་སྟོང་ཉེན་ཅན་དུ་འགྱུར་བའི་སྐད་ཡིག་དེ་དག་བདག་སྐྱོང་དང་ཉེན་སྐྱོབ་བྱེད་པ་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་། གདོད་མའི་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་འབོད་སྐུལ་བྱེད།
དེང་དུས་གོ་ལའི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་པོད་༡དང་༢པའི་ནང་གི་རྩོམ་ཡིག་དེ་དག་ཐོག་མར་༢༠༠༨ནས་༢༠༡༠ལོའི་བར་ལ་གཉེར་བའི་དེང་དུས་གོ་ལའི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཞེས་པའི་འཕྲེང་རྒྱུད་གཏམ་ཚོགས་ཐོག་ལ་སྤེལ་བའི་གཏམ་བཤད་ཁག་ཡིན། ཕྲེང་རྒྱུད་གཏམ་ཚོགས་དེས་བོད་ཀྱིི་གལ་ཆེའི་ཆེད་ལས་མཁས་པ་སྐོར་ཞིག་ཚུད་པའི་ཆེད་ལས་པ་དང་། མཁས་པ། སྐད་བརྡ་རིག་པའི་ཐད་ཀྱི་ཆེད་ལས་པ་རྣམས་གླིང་ཆེན་གསུམ་ནས་གདན་འདྲེན་ཞུས་ཏེ། དེང་རབས་འཛམ་གླིང་ཐོག་ཏུ་ཡུལ་མིའི་སྐད་ཡིག་ལ་འཕྲད་བཞིན་པའི་དཀའ་གནད་རྣམས་སྤྱི་ཡོངས་ངང་ནས་གྲོས་བསྡུར་བྱས་ཡོད།
ངེད་ཚོས་༢༠༡༢ལོའི་ཟླ་བ་༧པའི་ནང་ལ་དེང་དུས་གོ་ལའི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་པོད་༡དེ་པར་སྐྲུན་བྱས་ནས་གོང་དུ་བརྗོད་པའི་སྤྱི་ཡོངས་ཀྱི་བརྗོད་གཞིའི་ཐོག་ལ་དམིགས་ནས་ཕུལ་པའི་ཞལ་འདེབས་ཆུང་ཆུང་ཞིག་ཡིན། པོད་འདིའི་ནང་ལ། སྤྱིར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། ཡང་སྒོས་སུ་བོད་ཀྱི་སྐད་ཡིག་དང་དེའི་ཡུལ་སྐད་དང་འབྲེལ་ཡོད་ཀྱི་གནས་ཚུལ་དང་གནད་དོན་རྣམས་ཀྱི་ཐད་ལ་བརྟག་དཔྱད་བྱས་ཡོད། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་། དེ་བཞིན་སྐད་ཡིག་སྐྱར་གསོའི་སྐོར་གྱི་ཐབས་ཇུས་ཐད་དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ལའང་ཞིབ་འཇུག་བྱས་ཡོད།
ད་ཆ་ངེད་ཚོས་དེང་དུས་གོ་ལའི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་པོད་༢པ་དེ་པར་སྐྲུན་བྱས་ཡོད་པ་དང་། དེབ་འདིའི་ནང་ལ་གཙོ་བོ་ནི་ཚན་རྩལ་གྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་། སྲ་བརྟན། རྒྱུན་གནས་འོང་པའི་ཐད་ལ་ཐོན་པའི་ནུས་ཤུགས་སྤྱི་དང་། བྱེ་བྲག་བོད་ཀྱི་སྐད་ཡིག་དེ་ཌི་ཇི་ཌོལ་ཅན་དུ་བཟོས་པའི་གནས་ཚུལ་སྐོར་གྲོས་མོལ་བྱས་ཡོད་པ་དང་། གཞན་ཡང་། གྲངས་ཉུང་མི་རིགས་ཀྱི་སྤྱི་སྐད་བཟོས་པའི་དགེ་མཚན་དང་སྐྱོན་ཆ། དེ་བཞིན་སྲོལ་རྒྱུན་གྱི་ས་ཞིང་བེད་སྤྱོད་བྱེད་སྟངས་དང་། འཚོ་བ་རོལ་སྟངས། ཡུལ་མིའི་ཤེས་བྱ་བཅས་ཀྱི་ལྟ་གྲུབ་ཐོག་ནས་སྐད་བརྡ་དང་། རིག་གཞུང་། སྐྱེ་དངོས་ལ་སོགས་བར་གྱི་སྣ་མང་རང་བཞིན་གྱི་འབྲེལ་བར་དབྱེ་ཞིབ་བྱས་ཡོད།
 

Section: