You are here

"ཐོད་རྒལ་གྱི་བོད་"ཅེས་པའི་འགྲེམ་སྟོན་གྱི་དཀར་ཆག

སྒྱུ་རྩལ་བ་༣༠ཡིས་གསར་དུ་བཞེངས་པའི་བརྩམས་ཆོས་ལས་གྲུབ་པའི་བོད་ཀྱི་ཕྱི་ནང་གསང་གསུམ་ལེགས་པར་མངོན་པའི་འགྲེམས་སྟོན་ཕུལ་བྱུང་ཞིག   

༢༠༡༥ལོར་ཀུན་ཕན་ཐེབས་རྩའི་ཐོད་རྒལ་གྱི་བོད་ ཅེས་པའི་འགྲེམས་སྟོན་དང་སྟབས་བསྟུན་ནས་རྩོམ་བསྒྲིགས་བྱས་པའི་དཀར་ཆག་འདི་ལ་ཤོག་གྲངས་༢༦༠ཡོད་པ་དང་། དེའི་ནང་བོད་ཀྱི་སྒྱུ་རྩལ་སྐོར་ལ་ཞིབ་འཇུག་བྱེད་མཁན་ལེ་མི་ལར་དང་། མར་ཊིན་སྦ་རྭ་ཨན། དེ་བཞིན་སྒྱུ་རྩལ་འཆར་འགོད་པ་ཌ་བྷི་ཌེ་ཁྭ་ཌ་རིའོ་། ཕའོ་ལ་ཝན་ཛུ་བཅས་ཀྱི་རྩོམ་ཡིག་བཀོད་ཡོད་པ་མ་ཟད།  དེ་བཞིན་སྒྱུ་རྩལ་བ་གྲགས་ཅན་དགའ་བདེ་དང་། སྤེན་ཆུང་གི་རྩོམ་ཡིག་དང་། དེ་བཞིན་སྤུས་ཀ་ཤིན་དུ་ལེགས་པའི་འགྲེམ་སྟོན་གྱི་བརྩམས་ཆོས་རྣམས་ཀྱི་བརྙན་པར་བཅས་ལས་གྲུབ་པ་ཞིག་ཡིན། རྩོམ་ཡིག་ཚང་མ་བོད་རྒྱ་དབྱིན་གསུམ་ནང་བྲིས་ཡོད། 

 

Catalog price with shipping

མཉམ་ཞུགས་གནང་མཁན་སྒྱུ་རྩལ་བ།

སྤེན་ཆུང་། དགའ་ཆེན་ལྷ་མོ། དགའ་བདེ། གོང་དཀར་རྒྱ་མཚོ། འཇམ་སངས། སྐལ་བཟང་ལམ་བྲག ལི་བྷི་ཡ་ལི་བྷར་རན་ནི། བློ་བཟང་རྒྱ་མཚོ། མི་ཁེལ་མར་ཊེ་ལོ། མེ་རི་ལ་བྷར་ཇིལ་ལི། ནོར་ཚེ། ཉི་མ་དོན་གྲུབ། པད་མ་རིག་འཛིན། སྤེན་པ། ཕུན་ཚོགས་ཚེ་རིང་། རབ་དཀར་དབང་ཕྱུག རི་མ་ཧྥུ་ཇི་ཐ། བསོད་དོན། སྦ་ར་ཨན་བསོད་ནམ་ས་སྒྲོལ་མ། བཀྲ་ཤིས་ནོར་བུ། ༼ཨམ་སེ་ཌར་ཀྲམ། ༽བཀྲ་ཤིས་ནོར་བུ། ༼ལྷ་ས།༽ བཀྲ་ཤིས་ཕུན་ཚོགས། བསྟན་འཛིན་ནོར་བུ། བསྟན་འཛིན་འཕགས་མོ། བསྟན་འཛིན་རིག་གྲོལ། ཚེ་སྐལ། ཚེ་རིང་དོན་གྲུབ། ཚེ་རིང་སྒྲོལ་མ། ཚེ་རིང་སྙན་གྲགས། སྤྲུལ་སྐུ་འཇམ་དབྱངས།   

 

Section: