You are here

ངེད་ཚོའི་ལས་ཀར་རོགས་མཛོད།

ངེད་ཚོའི་ལས་ཀར་རོགས་མཛོད།

སློབ་གསོ།  

བོད་ཀྱི་ས་ཁུལ་མང་པོ་ཞིག་ལ། དགེ་རྒན་སྦྱོང་བརྡར་མི་ལྡང་བ་དང་། མཐུན་རྐྱེན་ཞན་པ། སྐད་ཡིག་གི་གོ་བརྡ་མི་འཕྲོད་པའི་དབང་གིས་སློབ་མ་རྣམས་ལ་དཀའ་ངལ་མང་པོ་འཕྲད་པ་དང་། དེས་སློབ་མ་ཙམ་མ་ཟད། བོད་སྐད་ཡིག་གི་སློབ་གསོའི་མ་ལག་ཆ་ཚང་ལ་འགོག་རྐྱེན་སྤྲོད་བཞིན་ཡོད། 

ཁྱེད་ཀྱི་ཞལ་འདེབས་དེ་བོད་ཕྱི་ནང་གཉིས་ཀར་སློབ་གྲྭ་འགྲིམ་བཞིན་པའི་བོད་རིགས་སློབ་མ་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་གྱི་ཆེད་དུ་དམིགས་གཏོང་བྱེད་བཞིན་ཡོད། 

Give to Traceཞལ་འདེབས་སྐྱོན་རོགས།

 

 

སྤྱིར་ཏང་གི་རོགས་རམ།

 

ངེད་ཚོས་ལས་ཀ་ཚང་མར་ས་གནས་ཀྱི་མི་དམངས་མཉམ་དུ་འཆར་གཞི་གདིང་བ་དང་། གྲོས་བསྡུར་བྱས་ནས་ལས་ཀའི་གོ་རིམ་ཚང་མར་སྔོན་ལ་མི་དམངས་མཉམ་ཞུགས་ཡོང་བ་བྱེད་པ་དང་། ཁོང་ཚོའི་བསམ་ཚུལ་དང་དགོས་མཁོར་དོ་སྣང་བྱེད་བཞིན་ཡོད། 

 

ཁྱེད་ཀྱི་ཞལ་འདེབས་དེ་དག་གིས་བོད་རིགས་སློབ་མ་དག་ལ་ཁོང་ཚོ་རང་ཉིད་ཀྱི་མེས་པོའི་རིག་གནས་ཤེས་པར་མཐུན་རྐྱེན་བྱེད་པ་མ་ཟད། བོད་དབྱིན་རྒྱ་གསུམ་གྱི་རིག་གནས་རྒྱུ་ཆ་མཁོ་སྤྲོད་བྱེད་པ། དེ་བཞིན་གློག་རྡུལ་གྱི་དེང་དུས་ཀྱི་འཕྲུལ་ཆས་རྣམ་པའི་ཐོག་ལ་རྒྱུ་ཆའི་གསོག་མཛོད་བཟོ་བ་དང་། ཡུན་གནས་ཐུབ་པའི་རྒྱུ་ཆ་དང་ཁོར་ཡུག་སྲུང་སྐྱོབ་ལ་སོགས་བསྐྲུན་པར་མཐུན་རྐྱེན་བྱེད། 


ཀུན་ཕན་ཐེབས་རྩ་ཚོགས་པ་ནི་ཨ་རིའི་ནང་གི་ཐེབས་རྩ་ཚོགས་པའི་ཚོང་གཉེར་མིན་པའི་དེབ་སྐྱེལ་གྱི་་ལག་ཁྱེར་501(c)(3)ཡོད་ཅིང་། ཞལ་འདེབས་དེ་དག་ལ་ཁྲལ་རྒྱག་མི་དགོས། 


ཞལ་འདེབས་སྤྲོད་སྟངས་གཞན་པ། 
 

མཉམ་ལས་བྱེད་པ།
 

ཁྱེད་རང་གི་ཚོང་ཁང་དེ་སྤྱི་ཚོགས་ཞབས་ཞུའི་ནང་ལ་བཞུགས་འདོད་དམ། ང་ཚོའི་ལོ་ངོ་༢༠དགའ་སྟོན་མཛད་སྒོ་གྲ་སྒྲིག་བྱེད་པའི་སྐབས་ལ། ང་ཚོས་ཚོང་ལས་དང་ཚོང་ཁང་སོགས་ང་ཚོ་དང་མཉམ་འབྲེལ་ཡོང་བའི་ཐབས་ཤེས་འཚོལ་བཞིན་ཡོད། ང་ཚོའི་ལས་ཁུངས་ལ་གཟིགས་སྐོར་ལ་ཕེབས་པ་དང་ཁྱེད་ཀྱི་མཉམ་ལས་སྐོར་ལ་གྲོས་བསྡུར་གནང་འདོད་ན་ང་ཚོར་འབྲེལ་བ་གནང་རོགས 


 

ཞལ་འདེབས་ཕྱེད་ཀ།

 

ཁྱེད་ཀྱི་ལས་ཀའི་ལས་བྱེད་བདག་གཉེར་ལས་ཁུངས་ལ་འབྲེལ་བ་བྱས་ནས་ཞལ་འདེབས་ཕྱེད་ཀའི་གོ་སྐབས་ཡོད་མེད་འདྲི་བརྩད་གནང་རོགས། གལ་ཏེ་ཡོད་ན། ང་ཚོར་ཞལ་འདེབས་དང་འབྲེལ་ཡོད་ཀྱི་ཡིག་ཆ་རྣམས་སྤྲོད་རོགས། ང་ཚོས་ཁྱེད་ཀྱི་ལས་ཀར་འབྲེལ་བ་བྱས་ནས་ཞལ་འདེབས་ཕྱེད་ཅག་གི་སྐོར་ལ་འབྲེལ་བ་ཞུས་ཆོག 

 

དངུལ་འཛིན།  

ཁྱེད་རང་གི་ཞལ་འདེབས་གནང་བའི་སྐབས་ལ་དངུལ་འཛིན་ཐོག་ལ། ཞལ་འདེབས་སྤྲོད་ཡུལ་"Trace Foundation "ཞེས་འབྲི་བ་དང་། དེ་ང་ཚོའི་ཁ་བྱང་། Trace Foundation, 132 Perry st #2B, 10014, New York, NY, USAཐོག་ལ་སྐུར་རོགས།