You are here

བོད་པའི་སློབ་མ་ཚོས་དམིགས་ཡུལ་ཆེན་པོ་བཟུང་བ།

༢༠༡༢ལོའི་ཟླ་༡༢པའི་ནང་དུ་ང་ཚོས་འཛམ་གླིང་རགས་རམ་ལས་གཞི་GlobalGiving campaignབརྒྱུད་ཞལ་འདེབས་བསྡུ་བའི་ལས་འགུལ་སྤེལ་ཏེ་བོད་རིགས་ན་གཞོན་༣༠ལ་རབ་ འབྱམས་དང་འབུམ་རམས་པའི་སློབ་གསོ་མྱོང་པའི་ཐད་ལ་རྒྱབ་སྐྱོར་བྱས་ལ།ཞལ་འདེབས་པ་རྣམས་ཀྱིས་ཕངས་སེམས་མེད་པར་རོགས་སྐྱོར་གནང་བ་དེས་ང་ཚོ་ལ་སེམས་གཏིང་ནས་ཡིད་འགུལ་ཐེབས་ཏུ་བཅུག་ཡོད། ཟླ་གཅིག་གི་རིང་ལ་ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་ཨ་སྒོར་ཁྲི་གཉིས་ལྷག་འབྱོར་སོང་ལ། དེ་ལས་ཨ་སྒོར་ཆིག་ཁྲི་ལྔ་སྟོང་འཛམ་གླིང་རོགས་རམ་ལས་གཞི་བརྒྱུད་ལས་འགུལ་སྤེལ་ནས་བསྡུས་པ་ཡིན་ལ། ལྷག་མའི་རོགས་དངུལ་དག་ཞལ་འདེབས་ཁུངས་གཞན་ནས་རྙེད་པ་རེད། ང་ཚོའི་སྤྱིའི་དམིགས་ཡུལ་ནི་ཞལ་འདེབས་མ་དངུལ་ཨ་སྒོར་བདུན་ཁྲི་བརྒྱད་སྟོང་བཙལ་རྒྱུ་དེ་ཡིན་ལ། དམིགས་ཡུལ་འདི་ལེགས་འགྲུབ་ཡོང་བར་ད་དུང་བར་ཐག་ངེས་ཅན་ཞིག་ཡོད་མོད། མིག་སྔར་ངེད་ཅག་གིས་ཤེས་རྟོགས་བྱུང་ཡོད་པ་ནི་མི་རྣམས་ཀྱིས་སྟོབས་ཤུགས་མཉམ་སྒྲིལ་བྱས་ཚེ་ཞལ་འདེབས་ཉུང་ངུ་ཙམ་གྱིས་ཀྱང་རྒྱང་རིང་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་འཇོག་སྲིད། ང་ཚོར་སློབ་གསོ་མྱོང་བའི་གོ་སྐབས་ཐད་ལ་རོགས་སྐྱོར་གནང་ནས་མི་རབས་ཞིག་ལ་འཕོ་འགྱུར་གཏོང་རོགས།

ང་ཚོའི་ལས་གཞི་དངོ་སུ་འགོ་བཙུགས་ནས་ཉིན་འགའ་འགོར་རྗེས་ངེད་དཔེ་མཛོད་ཁང་གི་བདག་གཉེར་བའི་གྲོགས་པོ་ཚེ་རིང་དབང་རྒྱལ་ནས་ འཕྲིན་ཡིག་ཅིག་འབྱོར་ཡོད་ལ།འཕྲིན་ཡིག་དེའི་ནང་དུ་ཁོང་གིས་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་རྒྱབ་སྐྱོར་ཐོབ་མྱོང་བའི་གྲོགས་པོ་ཞིག་གི་སྐད་ཆ་བྲིས་ཡོད་དེ། ལས་གཞི་འདི་དག་ལ་དོན་སྙིང་ལྡན་ཞིང་ཡོད་ཚད་ཀྱིས་ཐད་ཀར་དུ་ཆེས་གཞི་རིམ་ལ་ཕན་ཁེ་བསྐྲུན་ནས་ཤུགས་རྐྱེན་ བཟོ་བཞིན་ཡོད། ཁོས་ད་དུང་བཤད་རྒྱུར་ “ང་ཚོ་ཁྱོད་ཀྱི་ལས་གཞི་ལ་བྱས་རྗེས་ཕྲན་ཙམ་ཡིན་ཡང་འཇོག་པར་དགའ་སྤྲོ་སྐྱེས་བཞིན་ཡོད།” དེ་ལས་ཀྱང་ལྷག་ཏུ་གླེང་རིན་ཡོད་པ་ཞིག་ལ།ཉིན་ཞིག་དགོང་ཟས་ཟ་བའི་སྐབས་སུ་ཁོ་བོས་རོགས་སྐྱོར་མ་དངུལ་གནང་བར་སྐུལ་སློང་གཏོང་བའི་བྱ་འགུལ་སྐོར་གྱི་གནས་ཚུལ་ཁོང་གི་བུ་མོ་ཚོར་བཤད་པ་ན། བུ་མོ་ཚོ་ཡང་ལས་དོན་དེས་རྩ་བ་ནས་ཡིད་འགུལ་ཐེབས་ཏུ་བཅུགབོད་རིགས་སྐྱེ་བོ་ ཞིག་གིས་སྐྱེ་བོ་གཞན་ཞིག་ལ་རོགས་སྐྱོར་གནང་ཐུབ་པ་བྱུང་ན།་ཁོ་ཚོའི་ཨ་མ་ལ་(རྨོ་བོ་)ཡིས་སྒྲུབ་པ་བཞིན་རང་ཉིད་ཀྱི་ཁུག་མའི་ནང་གི་སྒོར་ལྡོག་ཉུང་ངུ་དེ་ལས་ཕྲན་ཙམ་རེ་བླང་ནས་གཞན་ལ་བྱས་རྗེས་བཞག་པ་ལྟར།

ལོ་གསར་གྱི་རྗེས་ནས་ངེད་ཚོགས་པའི་ནེའུ་ཡོ་གཞུང་སྒྲུབ་ཁང་དུ་མགྲོན་པོ་ཞིག་ཕེབས་ཡོང་ལ། མོ་ནི་རྒྱལ་སྤྱིའི་གསབ་སྦྱོང་སློབ་གྲྭའི་ཞིབ་འཇུག་སྡེ་ཁག་གི་སློབ་མ་གསར་བ་ཞིག་རེད། ཁོ་མོས་མོ་རང་ཉིད་ཀྱི་ཨ་རི་ན་ཡོད་པའི་འཚོ་བའི་སྐོར་གླེང་དུས་གདོང་ཧྲིལ་བོར་དགའ་སྤྲོའི་འཛུམ་མདངས་ ཀྱིས་ཁེངས་འདུག

མཚོ་སྔོན་ནས་དབྱིན་ཡིག་དགེ་རྒན་གསོ་སྐྱོང་གི་ལས་གཞི་གསར་འཛུགས་དང་འབྲེལ་ཡོད་བྱ་འགུལ་སྤེལ་བའི་ཐད་ལ་ལོ་ངོ་དུ་མར་རོགས་སྐྱོར་ཐོབ་རྗེས།ཁོ་མོས་ང་ཚོར་རྒྱལ་སྤྱིའི་གསབ་སྦྱོང་སློབ་གྲྭའི་ཞིབ་འཇུག་སྡེ་ཁག་ནས་དབྱིན་ཡིག་སྐད་རིགས་ཨང་གཉིས་བའི་སློབ་གསོའི་རབ་འབྱམས་ཐོབ་ཐང་ལ་སློབ་གཉེར་བྱ་བའི་སློབ་ཡོན་རོགས་སྐྱོར་མ་དངུལ་སློང་བར་སྙན་ཞུ་འཕུལ་ཡོད། སྙན་ཞུའི་ནང་དུ་བོད་རིགས་ན་གཞོན་ཚོའི་འཚོ་བའི་ཁྲོད་དུ་གནས་བའི་སྤྱི་ཚོགས་ཀྱི་གནད་དོན་འགའ་སྟེ། སློབ་གསོ་རྗེས་ལུས་དང་འཕྲོད་བསྟེན་ཞབས་ཞུ་མི་འདང་བ། ཕྱོགས་ཡོངས་ཀྱི་དབུལ་ཕོངས་སྐོར་གྱི་ གནད་དོན་འདི་དག་ཐག་གཅོད་བྱེད་འདོད་སྐོར་གྱི་བསམ་ཚུལ་བྲིས་ཡོད།

སྐབས་དེར་མོས་འབྲི་རྒྱུར་“ཟླ་བ་འགའི་ནང་དུ།བདག་གིས་གསོ་སྐྱོང་བྱས་པའི་འཛིན་གྲྭ་དང་པོ་མི་འགྱངས་བར་མཐར་ཕྱིན་རྒྱུ་རེད་ལ་ཁོ་ཚོ་ཡང་མ་འོངས་བ་ན་སྔོན་ཆད་ཁོ་ཚོ་རང་ཉིད་རོལ་མྱོང་བའི་འཚོ་བའི་ཆ་རྐྱེན་དང་འདྲ་བ་སྟེ། དཔེར་ན།ཟས་གོས་མི་འདང་བ་དང་། དཔེ་ཆ་དང་སྨྱུ་གུ་ཡིས་མི་འདང་བ་ལ་སོགས་པའི་གནད་དོན་མང་བ་ལྟ་བུའི་གནས་ཚུལ་འོག་སློབ་གཉེར་བྱེད་བཞིན་པའི་སློབ་མ་དེ་དག་གི་དགེ་རྒན་ལ་འགྱུར་ངེས། མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་བྱ་བཞག་ལ་བྱས་རྗེས་བཞག་ཡོད་པའི་མི་སྣ་མིང་གྲགས་ཅན་མང་པོ་དེ་དག་དང་འདྲ་བར་སློབ་མ་འདི་དག་ཡང་བློ་རིག་ཤིན་ཏུ་ལྡན་ཞིང་སྤྱང་གྲུང་འཛོམས་པས། ཁོ་ཚོས་ཡང་སྔར་ལས་ལེགས་པའི་སློབ་གསོ་མྱོང་བ་དང་འཚོ་བ་རོལ་བའི་གོ་སྐབས་ ཡོད་ཆོག་ཆོག་རེད།”

མོ་རང་ནར་སོན་སའི་གནས་ནི་བྱིས་པ་ཚོ་སློབ་གྲྭར་འགྲིམས་པ་ལས་ཕྱུགས་ཟོག་གི་ལྕི་བ་བཏུས་ནས་འབུ་ཤིང་བྱེད་པ་སོགས་ཀྱི་ལས་ལ་གཙིགས་ཆེན་བྱ་བའི་ཉམས་ཆུང་གི་གྲོང་སྡེ་ཆུང་ཆུང་ཞིག་ཡིན་ལ། སྐབས་དེ་ནས་ད་ལྟའི་བར་དུ་མོ་རང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དུས་དེར་སློབ་མ་རྣམས་ལ་དབྱིན་ཡིག་བསླབ་བྱ་བཀོད་སྒྲིག་མེད་ལ། རྩིས་རིག ས་ཁམས་རིག་པ་དང་རྫས་འགྱུར་རིག་པ་བཅས་ནི་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱས་པ་རེད། མོ་ལ་མཚོན་ན་རྒྱ་ཡིག་གི་གོ་བ་ལེན་པར་དཀའ་ཁག་ཆེན་པོ་འདུག རྗེས་སུ་མོ་རང་ལ་ABCསོགས་དབྱིན་ཡིག་གི་གསལ་བཤད་ཐོག་མར་ངོ་སྤྲོད་བྱེད་མཁན་ཀྱི་དབྱིན་ཡིག་དགེ་རྒན་དང་པོ་དང་འཕྲལ་དུས་ཡོད་ཚད་ལ་འགྱུར་བ་བྱུང་སོང་། དགེ་རྒན་དེ་ཡིས་མོ་ལ་ཡིད་འགུལ་ཐེབས་ཏུ་བཅུག་ནས་མོ་ཡིས་བོད་རིགས་ན་གཞོན་གཞན་དག་གི་མི་ཚེ་ལ་འཕོ་འགྱུར་གཏོང་བའི་བྱ་བཞག་ལ་འབད་པར་སྐུལ་ལྕག་བཏང་།

ན་གཞོན་སྐྱེས་མ་འདི་ནི་ཨ་རིའི་བྭི་མོན་ཐུ་ཁུལ་འབུ་རྭ་ཐུལ་པྭོ་རོ་ས་ཁུལ་ན་གནས་བའི་རྒྱལ་སྤྱིའི་གསབ་སྦྱོང་སློབ་གྲྭའི་ཞིབ་འཇུག་སྡེ་ཁག་གི་༢༠༡༡ལོར་ཀུན་ཕན་གྱིས་རྒྱབ་སྐྱོབ་བྱས་པའི་རྒྱལ་སྤྱིའི་ཞིབ་འཇུག་པ་ཞིག་རེད་ལ། ཁོ་མོས་སློབ་གླིང་དེ་ནས་དབྱིན་ཡིག་སྐད་རིགས་ཨང་གཉིས་བའི་ལམ་གྱི་སློབ་གསོའི་རབ་འབྱམས་པའི་ཐོབ་ཐང་བླང་ཡོད།ཀུན་ཕན་ཐེབས་རྩ་ཚོགས་པས་ཀྲུང་གོ་ནང་ཁུལ་དང་ཡང་ན་ཕྱི་རྒྱལ་དུ་ལོ་རེར་མི་སྣ་༥༠༠ལྷག་གི་སློབ་ཡོན་དང་། འཚོ་བའི་འགྲོ་སོང་གི་ཐད་ལ་རོགས་དངུལ་གཏོང་གིན་ཡོད། ང་ཚོས་སྐྱེས་མ་འདི་ལྟ་བུའི་སློབ་མ་ཉུང་ངུ་ལ་ཕྱི་རྒྱལ་ནས་སློབ་གྲྭ་འགྲིམས་པའི་གོ་སྐབས་བསྐྲུན་ཏེ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་མོད། ངེད་ཐེབས་རྩ་ཚོགས་པའི་མ་དངུལ་གཏོང་ཡུལ་གཙོ་བོ་རྒྱལ་ནང་གི་སློབ་མ་དག་ཡིན་ལ། དེ་ནི་རོགས་སྐྱོར་གྱི་ནུས་པ་ཆེས་མངོན་སུམ་དུ་ཐོན་ཐུབ་པའི་ཡུལ་ཡང་ཡིན་པ་རེད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་བྱེད་མི་སྣ་ཡོངས་ཀྱིས་ཞལ་འདེབས་མཁན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།