You are here

བོད་ཀྱི་ལོ་རྒྱུས།

བོད་ཀྱི་ལོ་རྒྱུས།

ལོ་རྒྱུས་སྨྲ་བ་པོ་དང་། བོད་རིག་པའི་མཁས་དབང་ཕུལ་དུ་བྱུང་བ་ཨེ་ལི་ཊི་སེ་པར་ལིང་གི་མུ་འབྲེལ་གསུང་བཤད་གསན་པར་ཕེབས་ཤོག ཁོང་གིས་གནའ་རབས་ནས་ད་བར་གྱི་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་གསུང་རྒྱུ་རེད། 

 

 

ཨེ་ལི་ཊི་སེ་པར་ལིང་།

ཨེ་ལི་ཊི་སེ་པར་ལིང་།
ཨིན་ཌི་ཡ་ན་སློབ་ཆེན་གྱི་དབུས་ཡོ་རོབ་ཨེ་ཤེ་ཡའི་ཚན་ཁག
དགེ་རྒན་ཆེན་མོ།

དགེ་རྒན་ཆེན་མོ་སེ་པེ་ལིང་ནི་བོད་ཀྱི་ལོ་རྒྱུས་མཁས་དབང་ཞིག་ཡིན་པ་དང་། ཁོང་གི་ཆེད་ལས་ནི་རྒྱ་བོད་འབྲེལ་བའི་སྐོར་རེད། ༡༩༨༤ལོའི་མག་ཨར་ཐར་"ཕུལ་བྱུང་།"གཟེངས་རྟགས་ཐོབ་མྱོང་མཁན་མཁས་དབང་ཁོང་གི་གསུང་རྩོམ་ཁོངས་སུ་དུས་རབས་༡༤ནས་ད་བར་གྱི་ཨེ་ཤེ་ཡ་དཀྱིལ་མའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་རྩོམ་ཡིག་མི་ཉུང་བ་བཞུགས་ཡོད། ད་བར་པར་སྐྲུན་བྱས་ཟིན་པའི་གསུང་རྩོམ་ཁོངས་སུ། ༢༠༠༩ལོར་པར་བཏབ་པའི། བོད་དང་རྒྱ་ནག་དབར་གྱི་ནང་ཆོས་ཅེས་པའི་དེབ་ནང་ལ། "བོད་ཀྱི་ནང་ཆོས། རྟོག་པ་དང་འཆར་ཡན། མིང་གོང་མའི་དུས་སྐབས་ཀྱི་རྒྱ་བོད་ས་མཚམས་ཁུལ་གྱི་གནས་ཚུལ།"ཞེས་པའི་ཆེད་རྩོམ་ཞིག་དང་། ༢༠༠༤ལོར། "བོད་དང་རྒྱ་ནག་གི་རྩོད་གཞི། ལོ་རྒྱུས་དང་རྩོད་རྙོག"ཅེས་པ་དང་། ༢༠༠༡ལོར། འཆར་ཡན་ནང་ལ་བོད་བཞེངས་པ། འདུ་ཤེས་དང་། དམིགས་པ། འཆར་ཡན་"ཞེས་པའི་དེབ་ནང་ལ། "ཤར་ཕྱོགས་རིང་ལུགས་དང་བོད་ཀྱི་སྲོལ་རྒྱུན་ནང་གི་དྲག་སྤྱོད།"སོགས་སྤེལ་ཡོད།

ཁ་བྱང་དང་འབྲེལ་གཏུགས་གནང་ཡུལ།

TRACE FOUNDATION
132 Perry St., Suite 2B
New York, NY 10014
1 (212) 367-8490
events@trace.org

འགྲིམ་འགྲུལ་གནས་ཚུལ། 

NEAREST SUBWAYS:
A/C/E/B/D/F/M to W. 4th St. – Washington Sq.
L/A/C/E to 8th Ave. – 14th
1 to Christopher St.
PATH to Christopher St.