༢༠༡༣ལོའི་ཟླ་བ་༡༠བའི་ཚེས་༢༤ཉིན། གཟའ་ཕུར་བུ། ཕྱི་དྲོ་ཆུ་ཚོད་༥༔༣༠ནས་༧༔༣༠བར་ཡིན།
བོད་ཀྱི་ཕུན་སུམ་ཚོགས་པའི་འདྲེ་སྒྲུང་གི་སྣང་ཚུལ་དེ་སྟོན་ཆེད། འདི་ལོའི་ཨ་རིའི་སྲོལ་རྒྱུན་གྱི་གདོན་འདྲེའི་དུས་ཆེན་དང་སྟབས་བསྟུན་གྱིས་ང་ཚོས་བོད་་ཕྱི་ནང་གཉིས་ཀ་ནས་འདྲེ་སྒྲུང་ཤེས་མཁན་རྒན་གཞོན་རྣམས་ཀྱིས་ང་ཚོ་ལ་འདྲེ་སྒྲུང་གི་རྩོམ་ཡིག་བསྐུར་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། འདྲེ་སྒྲུང་གི་རྩོམ་ཡིག་རྒྱལ་སྤྱི་ཁྱོན་ནས་བསྡུས་པའི་ནང་ནས་ཕུལ་བྱུང་འདྲེ་སྒྲུང་ལྔ་བདམས་རྗེས་ཡིག་སྒྱུར་ཞུས་ནས་སྤྱི་ཟླ་ ༡༠ བའི་ཚེས་ ༢༤ ཉིན་གྱི་དགོང་མོ་དམིགས་བསལ་གདན་ཞུས་སྐུ་མགྲོན་དང་། རྩོམ་རིག་གི་ཕུལ་བྱུང་བྱ་དགའ་ཐོབ་མྱོང་མཁན་སྐུ་ཞབས་སི་མོན་ཝན་སྦཱུ་དང་ཚོགས་ཁང་ལ་དངོས་ཞུགས་སམ་དྲ་ཐོག་ནས་ཞུགས་པའི་ཉན་པ་པོ་རྣམས་ཀྱིས་འདྲེ་སྒྲུང་ལྔ་བོ་དེ་ལ་འོས་འཕེན་གྱིས་རྩེར་ཕུད་གསུམ་བདམས་པ་ལ་རིམ་པ་གསུམ་གྱི་བྱ་དགའ་འབུལ་རྒྱུ་ཡིན། ༼བྱ་དགའི་ཁོངས་སུ་མི་གཉིས་ཀྱི་དགོང་ཟས་ཀྱི་རིན་བབ་སྤྲོད་པ་དང་། དེ་བཞིན་རྒྱན་ཆ་དང་ལག་རྟགས་ཀྱི་འཛིན་ཤོག་སོགས་ཚུད་ཡོད།༽ འགྲན་བསྡུར་གྱི་གྲས་སུ་ཚུད་པའི་འདྲེ་སྒྲུང་ལྔ་བོ་དེ་དག་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱ་སྟེ། www.trace.orgཐོག་ནས་བོད་དབྱིན་སྐད་གཉིས་ཀྱི་ལམ་ནས་དཔེ་སྐྲུན་བྱེད་རྒྱུ་ཡིན།
འདྲེ་སྒྲུང་རྩོམ་ཡིག་སྐུར་སྐབས་གཤམ་གསལ་གྱི་ལམ་སྟོན་རྣམས་ཡིད་འཇགས་ཞུ།
༡། འདྲེ་སྒྲུང་གི་རྩོམ་ཡིག་སྤྱི་ཟླ་ ༡༠ བའི་ ༡ སྔོན་ཚུད་ལ་info@latse.org བརྒྱུད་ནས་གནང་རོགས།
༢། འདྲེ་སྒྲུང་གི་རྩོམ་ཡིག་ཚང་མ་བོད་ཡིག་དང་ཡང་ན་དབྱིན་ཡིག་ཐོག་ཏུ་འབྲི་དགོས། འདྲེ་སྒྲུང་གསར་རྩོམ་དང་ངག་རྒྱུན་ལས་བཤུས་པ་གང་ཡང་རུང་།
༣། འདྲེ་སྒྲུང་གི་རྩོམ་ཡིག་རྣམས་ངེས་པར་དུ་ཨང་གྲངས་གཅིག་གྱུར་ཅན་གྱི་ཡིག་གཟུགས་སུ་འབྲི་དགོས།
༤། འདྲེ་སྒྲུང་གི་རིང་ཐུང་ཤོག་ངོས་དྲུག་ལས་མ་བརྒལ་བ་བྱེད་དགོས།
༥། འདྲེ་སྒྲུང་གི་རྩོམ་ཡིག་སྐུར་མཁན་རྣམས་ཀྱི་རྩོམ་ཡིག་དང་ལྷན་དུ་རང་གི་དངོས་མིང་། གློག་ཡིག་གི་ཁ་བྱང་། ཡིག་སྐུར་བྱང་། ཁ་པར་ཨང་གྲངས་བཅས་བསྐུར་དགོས།
༦། འདྲེ་སྒྲུང་གང་ཞིག་ལ་ཟུར་རྒྱན་གྱི་རྒྱབ་ལྗོངས་ལྟ་བུ་སྣོན་རྒྱུ་ཡོད་ན་བསྣན་རོགས་གནང་།
སྒོ་འཛིན་གྱི་རིན་པ། སྒོར་༡༠
སློབ་མར་སྒོར་༥
Simon Van Booy
Simon Van Booy is the author of two novels and two collections of short stories, including The Secret Lives of People in Love and Love Begins in Winter, which won the Frank O'Connor International Short Story Award. He is the editor of three philosophy books and has written for the New York Times, the Guardian, NPR, and the BBC. His work has been translated into fourteen languages. He lives in Brooklyn with his wife and daughter.
www.simonvanbooy.com
TRACE FOUNDATION
132 Perry St., Suite 2B
New York, NY 10014
1 (212) 367-8490
events@trace.org
NEAREST SUBWAYS:
A/C/E/B/D/F/M to W. 4th St. –
Washington Sq
L/A/C/E to 8th Ave. – 14th
1 to Christopher St.
PATH to Christopher St.