You are here

སྤྱི་ཚོགས་ཡར་རྒྱས།

Title Slide

སྤྱི་ཚོགས་ཡར་རྒྱས།

འཐུང་ཆུ་བཙོག་པ་དང་། བུ་ལོན་འཐོབ་དཀའ་བ། སློབ་གསོ་དང་འཕྲོད་བསྟེན་གྱི་གནས་སྟངས་སྐྱོ་པོ་ལ་སོགས་ལ་བརྟེན་པས། བོད་ཀྱི་སྤྱི་ཚོགས་ཁག་ནང་ལ། དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ཞིང་འབྲོག་ས་ཁུལ་ནང་ལ་ཐད་ཀར་མ་དངུལ་རོགས་རམ་བྱས་ནས། ས་གནས་ཀྱི་འཐོན་ཁུངས་ཀྱི་རིན་ཐང་གོང་མཐོར་གཏོང་ཆེད་དམིགས་བསལ་གྱི་འཆར་གཞི་འདིང་བ་དང་། འཕྲོད་བསྟེན་ཡར་རྒྱས་དང་། སློབ་གསོའི་གོ་སྐབས་རྒྱ་བསྐྱེད་གཏོང་བཞིན་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པས། བོད་མཐོ་སྒང་སྟེང་གི་མི་མང་གི་འཚོ་བ་ཡར་རྒྱས་གཏོང་ཆེད། ས་གནས་ཀྱི་རིག་གཞུང་ལ་རྩི་བཀུར་བྱེད་པའི་ཐོག ས་གནས་ཀྱི་མ་རྩ་དང་ནུས་པའི་སྟེང་རྨང་གཞི་བྱས་ནས། སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པས་རྣམ་གྲངས་མི་འདྲ་བའི་ལས་གཞི་མང་པོ་རྒྱབ་སྐྱོར་བྱེད་ཅིང་། ལྷག་པར་དུ། སློབ་གསོའི་སྤུས་ཚད་དང་དེ་ལ་འཇུག་པའི་གོ་སྐབས་ཡར་རྒྱས་གཏོང་བའི་ལས་གཞི་དང་།  དཔལ་འབྱོར་གྱི་གོ་སྐབས་རྒྱ་བསྐྱེད་གཏོང་བ། དེ་བཞིན་འཕྲོད་བསྟེན་དང་། འཐུང་ཆུ་གཙང་མ་བཟོ་བའི་ལས་ཀར་རོགས་རམ་བྱེད་ཀྱི་ཡོད།