You are here

དེང་རབས་རིག་གཞུང་དང་རིག་གནས་ཤུལ་གཞག་སྲུང་སྐྱོབ།

Title Slide

དེང་རབས་རིག་གཞུང་དང་རིག་གནས་ཤུལ་གཞག་སྲུང་སྐྱོབ།

ལྷོ་དང་ནུབ་ལ་རྒྱ་གར་དང་། བྱང་ལ་ཨེ་ཤ་ཡ་དཀྱིལ་མའི་ཡུལ་གྲུ་ཁག ཤར་ཕྱོགས་ལ་རྒྱ་ནག་གི་ཡུལ་གྲུ་ཆེན་པོ་ཆགས་པའི་བོད་མཐོ་སྒང་ནི་ཐུན་མོང་མ་ཡིན་པའི་རིག་གཞུང་འཕེལ་རྒྱས་བྱུང་ས་ཞིག་རེད། གོ་ལ་འདིའི་སྟེང་གི་ཁོར་ཡུག་ཤིན་དུ་རྩུབ་པའི་ས་དེ་རུ། བོད་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་ཁྱད་དུ་འཕགས་པའི་ལག་རྩལ་དང་སྲོལ་རྒྱུན་ལ་བརྟེན་ནས་འཚོ་གནས་བྱས་ཡོད།

དེང་རབས་ཀྱི་རིག་གཞུང་།

ཀུན་ཕན་ཐེབས་རྩ་ཚོགས་པས་སྒྱུ་རྩལ་གྱི་ལས་གཞི་མང་ཆེ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ་དེའི་ནང་ལ་རི་མོའི་སྒྱུ་རྩལ་དང་། འཇིམ་བཟོ། ཡིག་གཟུགས། རོལ་མོ། ཞབས་བྲོ། གཏམ་བརྗོད་ཟློས་གར། འཆར་འགོད། ཨར་ལས་སྒྱུ་རྩལ། གློག་བརྙན། དེ་བཞིན་པར་ལེན་ལ་སོགས་ཚུད་ཡོད། ལས་གཞིའི་འཆར་གཞི་དེ་དག་བོད་ཀྱི་སྐད་ཡིག་ཐོག་ལ་གསར་གཏོད་བྱས་པ་ཞིག་ཡིན་པའམ། ཡང་ན་བོད་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་གཞིར་བྱས་པ་ཡིན་དགོས།

དེང་རབས་རིག་གཞུང་ལས་གཞིའི་སྙན་ཞུ་ད་ལྟ་ཐོངས།

རིག་གནས་ཤུལ་གཞག་སྲུང་སྐྱོབ།

བོད་མཐོ་སྒང་ལ་འདས་པའི་དུས་རབས་ཕྱེད་ཀའི་རིང་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། རིག་གནས་གསར་བརྗེའི་གཏོར་གཤིག་གི་རྗེས་ལ། རྒྱ་ནག་ཁྱོན་ཡོངས་ལ་དཔལ་འབྱོར་འཕེལ་རྒྱས་གཙོ་བོར་འཛིན་པའི་སྲིད་བྱུས་ལག་ལེན་བསྟར་བའི་འབྲས་བུར། དེང་རབས་ཅན་དུ་འགྱུར་བའི་གོམ་བགྲོད་ཇེ་མགྱོགས་དང་། དེ་བཞིན་ཡུལ་གྲུ་གཞན་དང་འབྲེལ་མཐུད་དམ་རུ་གཏོང་བའི་དུས་སྐབས་ཤིག་ཤར། སྲིད་འཇུས་དེས་བོད་ནང་ལ་གཞི་རྒྱ་ཆེ་བའི་དཔལ་འབྱོར་གྱི་མ་རྩ་འདྲེན་ཐུབ་ཡོད་རུང་། བོད་མཐོ་སྒང་གི་སྲོལ་རྒྱུན་གྱི་རིག་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་ཤུལ་གཞག་དེ་ཚོར་སྲུང་སྐྱོབ་དང་དེ་དག་ཡུན་གནས་ཐུབ་ཆེད།  ཀུན་ཕན་ཐེབས་རྩ་ཚོགས་པས་སྲོལ་རྒྱུན་རིག་གཞུང་གི་ཡིག་ཚགས་བཟོ་བ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་ཁང་པ་ཁག་ལ་ཉམས་གསོ། དེ་བཞིན་དཔེ་དཀོན་གྱི་མ་ཡིག་དེ་ཚོ་པར་སྐྲུན་བྱེད་པ་དང་བྱ་བ་གཞན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

རིག་གནས་ཤུལ་གཞག་སྲུང་སྐྱོབ་ལས་གཞིའི་སྙན་ཞུ་ད་ལྟ་ཐོངས།