You are here

ངེད་ཚོའི་ལས་ཀ།

Title Slide

ངེད་ཚོའི་ལས་ཀ།

ལོ་ངོ་ཉི་ཤུའི་རིང་། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ཚོགས་སྡེའི་རྒྱུན་གནས་དང་། ཡར་རྒྱས། གསོན་སྟོབས་བཅས་ལ་རྒྱབ་སྐྱོར་བྱས་ཡོད། ང་ཚོས་མི་དམངས་དང་མཉམ་ལས་བྱས་ནས་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བར་འབད་ཅིང་། བོད་ཀྱི་རིག་གཞུང་དང་། སྐད་ཡིག ཡུལ་ཁམས་བཅས་ཀྱི་ཐུན་མོང་མ་ཡིན་པའི་རང་ཆོས་ལ་ཤུགས་སྣོན་བྱེད།

སྤྱི་ཚོགས་ཡར་རྒྱས་དང་། སློབ་ཡོན། དེང་རབས་རིག་གཞུང་དང་རིག་གནས་ཤུལ་གཞག་སྲུང་སྐྱོབ། དེ་བཞིན་ཞིབ་འཇུག་དང་ཡིག་ཚགས་སོགས་ཀྱི་བྱ་བ་བརྒྱུད་ང་ཚོས་བོད་ཀྱི་མ་འོངས་པའི་སྤྱི་ཚོགས་ལ་འགྱུར་བ་གཏོང་བཞིན་ཡོད།