You are here

འཛམ་གླིང་ཡང་རྩེའི་སྟེང་གི་འགྲེམ་སྟོན། ༢༠༡༤ཟླ་༡༢ཚེས་༤ གཟའ་ཕུར་བུ།

འཛམ་གླིང་ཡང་རྩེའི་སྟེང་གི་འགྲེམ་སྟོན། ༢༠༡༤ཟླ་༡༢ཚེས་༤ གཟའ་ཕུར་བུ།

LiviaLiverani_Melong_web.jpg

"Melong" by Livia Liverani
Thursday, December 4, 2014

འཛམ་གླིང་ཡང་རྩེའི་སྟེང་གི་འགྲེམ་སྟོན་ཁང་། ཞེས་པའི་དེབ་ཀྱི་ནང་ལ། མི་རིགས་ཞིབ་འཇུག་པ་དང་རིག་དངོས་སྐུ་གཉེར་བ་ཁེ་ལེར་ཧ་རི་སི་ནས། དབྱིན་ཇི་དང་རྒྱ་རིགས་རིག་དངོས་གསོག་གཉེར་བ་རྣམས་ཀྱིས་ཇི་ལྟར་ལོ་རྒྱུས་ཐོག་ལ་བོད་འདི་འགྲེམ་སྟོན་ཁང་ཞིག་ལ་སྒྱུར་ཐབས་བྱས་པའི་སྐོར་ལ་ཞིབ་ཅིང་ཕྲ་བ་བྲིས་ཡོད། དེབ་འདིའི་ནང་ལ། བོད་པ་མིན་པའི་མི་སྣ་ཚོས་འགྲེམ་སྟོན་ཁང་གི་ནང་ལ་བོད་ཀྱི་རྣམ་པ་བཞེངས་སྟངས་སྐོར་ལ་འགྲེལ་བཤད་གསལ་པོ་སྐྱོན་ཡོད། རྩོམ་པ་པོས་བོད་ལ་ཕྱོགས་སྐྱོད་མང་པོ་མཛད་པའི་ཉམས་མྱོང་ལ་བརྟེན་ནས། དེང་དུས་བོད་པའི་སྒྱུ་རྩལ་བ་ཚོས། ཇི་ལྟར་ནུབ་ཕྱོགས་པས་བློས་བླངས་མཛད་པའི་ལྷ་ཡུལ་ལྟ་བུའི་བོད་ཀྱི་སྣང་བརྙན་དེ་ལ་དངོས་ཡོད་ཀྱི་རྣམ་པ་བརྒྱུད་ནས་དེ་དག་བརྗེ་སྒྱུར་ཡོང་ཐབས་བྱེད་པར་འགྲེལ་བཤད་ལེགས་པར་མཛད་ཡོད། སྔོན་མ་འཐོན་མ་མྱོང་པའི་པར་རིས་སྣ་ཚོགས་ཀྱིས་བརྒྱན་ཏེ། རྩོམ་པ་པོས། འགྲེམ་སྟོན་ཁང་དང་དེ་མིན་གྱི་རྒྱུད་ལམ་ཐོག་ལ་བོད་ཀྱི་རྣམ་པ་ངོ་མ་ངོ་སྤྲོད་བྱེད་པར་ཡང་སྙིང་སུ་ལ་ཐོབ་ཐང་ཡོད་མེད་སྐོར་ལ་བགྲོ་གླེང་མཛད་ཡོད་དོ།

རྣམ་པ་ཚོས་གོང་གི་དཔེ་དེབ་སྒོ་འབྱེད་བྱེད་པའི་མཛད་སྐོར་བཞུགས་ནས། རྩོམ་པ་པོ་དང་། བོད་ཀྱི་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་དང་གོང་དཀར་རྒྱ་མཚོ་ལྷན་རྒྱས་ཀྱི་བགྲོ་གླེང་གསན་པ་དང་། དེ་བཞིན་དཔེ་དེབ་ཉོ་མཁན་རྣམས་ལ་རྩོམ་པ་པོའི་མཚན་རྟགས་འགོད་རྒྱུ་ཡིན་པས། ཅི་ནས་ཕེབས་རོགས་ཞུ།

TRACE FOUNDATION
132 Perry St., Suite 2B
New York, NY 10014
1 (212) 367-8490
events@trace.org

NEAREST SUBWAYS:
A/C/E/B/D/F/M to W. 4th St. – Washington Sq.
L/A/C/E to 8th Ave. – 14th
1 to Christopher St.
PATH to Christopher St.