You are here

ཀུན་ཕན་ཐེབས་རྩ་ཚོགས་པའི་གྲོགས་པོ་ལྷན་རྒྱས་ལ།

ཀུན་ཕན་ཐེབས་རྩ་ཚོགས་པའི་གྲོགས་པོ་ལྷན་རྒྱས་ལ།

དི་རིང་ངས་ཁྱེད་རྣམ་པ་ཚོར་ཞུ་རྒྱུ་ནི། ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འགུལ་རྣམས་རིམ་བཞིན་ཇེ་ཉུང་དུ་བཏང་ནས་-ཕྱིས་སུ་ལས་འགུལ་དེ་ལས་མང་བ་མཚམས་འཇོག་བྱ་རྒྱུ-མཐར་ལས་འགུལ་ཡོངས་རྫོགས་མཇུག་སྒྲིལ་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་སྒོ་རྒྱག་རྒྱུ་དེ་ཡིན། ཐག་གཅོད་འདི་བྱེད་རྒྱུ་ལས་སླ་བོ་ཞིག་མིན་ཡང་། དེ་ནི་ངེད་ཐེབས་རྩ་ཚོགས་པའི་རྩ་དོན་དང་ཡོངས་སུ་མཐུན་པ་ཞིག་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པས་གཅེས་པར་འོས་ཤིང་། སྣ་འཛོམས་དང་ཕུན་སུམ་ཚོགས་པའི་རིག་གཞུང་དེ་རྩ་ཆེར་བརྩི་བ་དང་མཚུངས་སུ། དོན་སྙིང་ལྡན་པའི་སྒོ་ནས་མི་དམངས་ལ་ཐད་ཀར་རྒྱབ་སྐྱོར་བྱེད་པར་འབད་བརྩོན་བྱས་ཡོད། ལོ་འགའ་ཤས་ཀྱི་སྔོན་ལ། ཀུན་ཕན་ཐེབས་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༢༠འཁོར་བའི་དགའ་སྟོན་གྱི་སྐབས་སུ། ངེད་ཚོས་སློབ་གསོ་དང་། སྤྱི་ཚོགས་ཡར་རྒྱས། འཕྲོད་བསྟེན། དེ་བཞིན་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཐོག་ལ་བླངས་པའི་གྲུབ་འབྲས་དམིགས་སུ་བཀར་ནས་ངོ་སྤྲོད་བྱས་ཡོད། ང་ཚོའི་ཚོགས་པ་དང་དེའི་གྲུབ་འབྲས་ལ་དགའ་སྟོན་བྱེད་བཞིན་པའི་སྐབས་དེ་ལ་ཡང་། བོད་མཐོ་སྒང་ས་ཁུལ་ལ་ང་ཚོ་ལྟ་བུའི་ཕྱི་རྒྱལ་གྱི་ཚོགས་པ་ཁག་གི་གནས་སྟངས་ལ་ཁྱོན་ཡོངས་ནས་འགྱུར་བ་ཕྱིན་ཡོད་པ་ང་ཚོས་ཚོར་གྱི་ཡོད། ང་ཚོའི་ཐོག་མའི་དམིགས་ཡུལ་མངོན་འགྱུར་བྱེད་པར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དང་། བོད་ནང་གི་མང་ཚོགས་དང་ཐད་ཀར་མཉམ་ལས་བྱེད་པར་དཀའ་ངལ་ཇེ་ཆེར་ཕྱིན། དེར་བརྟེན། སྤྱིར་བློ་ཕམ་གྱི་ཡུལ་ཡིན་རུང་། ད་ཕན་སྐལ་བ་བཟང་པོ་ལྡན་སོང་སྙམ་པའི་ངང་ནས། ངས་ཀུན་ཕན་ཐེབས་རྩ་ཚོགས་པའི་འགྲུལ་བཞུད་དེ་མཇུག་བསྒྲིལ་བའི་ངོས་འཛིན་བྱ་རྒྱུ་ཡིན།

སྤྱིར་ང་ཚོའི་ལས་འགུལ་དེ་དག་རིམ་བཞིན་མཇུག་བསྒྲིལ་རྒྱུ་ཡིན་རུང་། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་དེ་དག་གི་རིང་ལ་འཕྲད་པའི་མི་མང་པོ་དང་། ས་ཆ་མང་པོ། དེ་བཞིན་ཉམས་མྱོང་མང་པོས་ངའི་སེམས་ལ་མུ་མཐུད་སྤོབས་པ་དང་སེམས་ཤུགས་འཕེལ། གོ་སྐབས་འདི་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད། ཐོག་མར། ང་ཚོར་རྒྱབ་སྐྱོར་གནང་མཁན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་སྟེ། ང་ཚོར་དཔལ་འབྱོར་གྱི་རོགས་རམ་དང་། མཉམ་འབྲེལ་གནང་མཁན། དྭངས་བླང་གནང་མཁན། དེ་བཞིན་ང་ཚོའི་དམིགས་ཡུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྒེར་རྣམ་པ་དང་། ཚོགས་པ་ཁག་མེད་ན་ང་ཚོའི་འགྲུལ་བཞུད་དེ་འགྲུབ་མི་ཐུབ་པ་ཞིག་རེད།

འདས་པའི་ལོ་ཟླའི་ནང་དུ། ང་ཚོའི་ལས་བྱེད་རུ་ཁག་ནི་ཚོགས་པ་འདིའི་རྒྱུ་ནོར་གྱི་རིན་ཐང་ཆེ་ཤོས་དེ་ཡིན་པ་དང་། ང་ཚོར་ཕན་ཚུན་ཁྱིམ་མི་ལྟ་བུའི་འདུ་ཤེས་ཟབ་པོ་ཞིག་ཡོད། ལས་བྱེད་པ་ཚོས་ཁ་ཡོད་ལག་ཡོད་དང་། དོན་སྙིང་ལྡན་པའི་བྱས་རྗེས་བཞག་པར་བཀའ་དྲིན་ཆེ་ཞུ་བ་དང་། ཁྱེད་ཅག་གི་ལེགས་སྐྱེས་དེ་དག་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད། ཁྱེད་ཅག་གི་མ་འོངས་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

གལ་ཆེ་ཤོས་ཅིག་ལ། འདས་པའི་ལོ་ཟླའི་ནང་ལ་ང་ཚོས་ལས་དོན་སྒྲུབ་སྐབས། བློ་སྟོབས་ཆེ་ལ་བློ་ཐག་ཆོད་པའི་མི་སྣ་མི་ཉུང་བ་དང་འབྲེལ་བ་བྱུང་བ་དང་། དེ་བཞིན་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བའི་སྐྱེལ་སྟངས་རྒྱུན་མཐུད་ཡོང་བར་འབད་རྩོན་བྱེད་ཅིང་། རང་ཉིད་ཀྱི་གདམ་ཁ་གཞི་ལ་བཅོལ་ནས་སྤྱི་ཚོགས་ཡར་རྒྱས་གཏོང་བར་འབད་རྩོན་བྱེད་མཁན་གྱི་མི་མང་རྣམས་དང་འབྲེལ་བ་བྱུང་བས། ངས་ཁོང་རྣམ་པར་ཞུ་རྒྱུར། ཁྱེད་ཅག་མི་རེ་ངོ་རེ་དང་འབྲེལ་བ་བྱུང་བ་རྣམས་དང་། དེ་བཞིན་སྐབས་རེ་ཐུན་མོང་གི་སྒོ་ནས་འབྲེལ་བ་བྱུང་བའི་བཀའ་དྲིན་ལ་བརྟེན་ནས། ང་ཚོར་དམིགས་བསལ་གྱི་སྤྱི་ཚོགས་ཤིག་ལ་མཁོ་བའི་དམིགས་བསལ་གྱི་སྲི་ཞུ་བསྒྲུབ་པའི་ཚོགས་པ་འདི་ལྟ་བུ་ཞིག་བསྐྲུན་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ལ། ཁྱེད་ཅག་གིས་ངའི་མི་སྒེར་གྱི་མི་ཚེར་དོན་སྙིང་ཆེན་པོ་ཞིག་བྱིན་བྱུང་། ཀུན་ཕན་ཐེབས་རྩ་ཚོགས་པས་སྲི་ཞུ་སྒྲུབ་པའི་དུས་སྐབས་རིང་། འཛམ་གླིང་དང་། ཡུལ་གྲུ་དེ་དག་ནང་གི་གནས་སྟངས་ནི་དམིགས་བསལ་ཅན་ཞིག་རེད། ད་ཆ་དུས་ཚོད་དེ་འདས་ཟིན་རུང་། བོད་མཐོ་སྒང་གི་མི་རྣམས་ཀྱི་ལག་ཤེས་དང་། མོས་པ། འདུན་པ། དགོད་བྲོ། སྙིང་རྗེ། བརྩེ་བ། རིག་གཞུང་གི་སྤོབས་པ་བཅས་ནི་ཡིད་དབང་འཕྲོག་དགོས་པ་ཞིག་ཡིན་པ་དང་། འཛད་མཐའ་མེད་པའི་སྟོབས་ཤུགས་ཤིག་ཀྱང་རེད། དེར་བརྟེན་ང་ཚོ་ཁྱེད་ཅག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་་པ་དེར་ཐུགས་རྗེ་ཆེ་ཞུ།

ང་ཚོས་འདས་ཟིན་པར་གཅེས་དྲན་བྱེད་བཞིན་དུ་ད་ཆ་དེ་དག་བློས་གཏོང་བྱས་ནས། མ་འོངས་པ་སྤྲོ་སྣང་གིས་བསུ་དགོས། རྒྱུན་དུ་གང་ཞིག་མཇུག་བསྒྲིལ་བའི་སྐབས་སུ་བྱ་བ་གསར་པ་ཞིག་འགོ་འཛུགས་པར་བྱེད། ངས་སྤོབས་པ་ཆེན་པོས་གསལ་བསྒྲགས་བྱ་རྒྱུར། ང་ཚོའི་ཡན་ལག་གཅིག་གོ་སྐབས་གསར་པ་ཞིག་བླངས་ནས་གསར་བསྐྱེད་བྱ་རྒྱུ་རེད།

༢༠༠༣ལོར། ཀུན་ཕན་གྱིས་དེང་སང་”ལ་རྩེ་དཔེ་མཛོད། ༼སྔོན་མ་ལ་རྩེ་དེང་དུས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་།༽ཅེས་པ་འདི་ཀུན་ཕན་གྱི་ཨ་རིའི་ནེའུ་ཡོག་ལ་བརྟེན་གཞི་བྱས་པའི་ནུབ་ཕྱོགས་ཀྱི་ལས་གཞི་གཅིག་པུ་འདི་ཡིན། དེང་དུས་བོད་རིག་པའི་བརྗོད་གཞིའི་ཐོག་ལ་ཤུགས་བརྒྱབ་ནས། ཞིབ་ཕྲ་དང་རྒྱ་ཆེ་བའི་རྒྱུ་ཆ་མཁོ་སྒྲུབ་ཀྱི་ལས་ཀ་བརྒྱུད། འདས་པའི་ལོ་ཟླའི་ནང་དུ། ལ་རྩེས་འཛམ་གླིང་ཐོག་ཆེས་དམིགས་བསལ་ཅན་གྱི་དཔེ་མཛོད་ཀྱི་རྒྱུ་ཆ་གསོག་ཉར་བྱས་ཡོད། དེ་བཞིན་ལ་རྩེའི་ཚོགས་འདུའི་ལས་རིམ་ཁག་གིས་དེང་དུས་བོད་ཀྱི་རིག་གཞུང་གི་བརྗོད་གཞི་ཡོད་དོ་ཅོག་ལ་བགྲོ་གླེང་ཡོང་བར་འབད་པ་བྱས་པ་འདིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སྤྱི་ཚོགས་དབར་ལ་སྦྲེལ་ཟམ་འཛུགས་པ་ལྟ་བུའི་སྲི་ཞུ་བསྒྲུབས་པ་དང་། སྲི་ཞུ་དེ་དག་དང་དེའི་འབྲེལ་བ་ལ་བརྟེན་ནས། ལ་རྩེ་ནི་ཚང་མས་ཆ་འཇོག་མཐོན་པོ་བྱེད་པའི་བོད་ཀྱི་དེང་དུས་རིག་གཞུང་དཔྱད་ཞིབ་དང་བགྲོ་གླེང་གི་དོ་ར་ཞིག་ཏུ་གྱུར།

ཁྱད་དུ་འཕགས་པའི་འབྲས་བུ་དེའི་ཐོག་ལ་མུ་མཐུད་གོམ་གང་མདུན་སྤོས་བྱས་ནས། ལ་རྩེ་དཔེ་མཛོད་ནི་རང་གི་རྐང་པའི་ཐོག་སྒེར་ལངས་བྱས་ནས། ”ལ་རྩེ།”ཞེས་པའི་ཚོང་གཉེར་མི་བྱེད་པའི་སྤྱི་དམངས་ཀྱི་ཚོགས་པ་གསར་པ་ཞིག་ལ་བསྒྱུར་རྒྱུ་ཡིན། བོད་ཀྱི་སྐད་ཡིག་དང་ རྩོམ་རིག རིག་གཞུང་བཅས་ལ་ཡུན་རིང་འགན་འཁུར་བགྱིས་པ་དེ་དག་གི་ཉམས་མྱོང་ལ་གཞི་བཅོལ་ནས། ལ་རྩེས་སྐད་ཡིག་དང་རིག་གཞུང་གི་ཤེས་བྱའི་ཁྱབ་ཁོངས་ནང་ལ་གཙོ་བོ་བྱིས་པའི་སློབ་གསོའི་རྒྱུ་ཆ་འཕེལ་རྒྱས་གཏོང་བར་འབད་པ་བྱ་རྒྱུ་དང་། དེ་བཞིན་མི་རབས་ཚང་མས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཡོང་བའི་སྐུལ་འདེད་དང་ཤེས་བྱ་ལེན་པའི་སྒོ་རྒྱ་ཆེར་གཏོང་བའི་བྱ་བ་ཁག་ལ་ཤུགས་རྒྱག་རྒྱུ་ཡིན།

དེ་སྔོན་གྱི་ལ་རྩེ་དཔེ་མཛོད་ཀྱི་དཔེ་མཛོད་དོ་དམ་པ་རྒན་པ་དང་། ལས་གཞི་འབྲེལ་མཐུད་པ་ཁ་རིས་སི་ཊིན་ན་ ཌཡེ་ལག་ཁོ་མཆོག་ནས་ཚོགས་པ་གསར་པ་འདིའི་འཛིན་སྐྱོང་འགན་འཛིན་གྱི་ཐུགས་འགན་བཞེས་པར་དགའ་སྤྲོ་འཕེལ། ཁོང་ལ་དཔེ་མཛོད་དང་། བོད་རིག་པའི་ཞིབ་འཇུག དེ་བཞིན་ལས་གཞི་འཛིན་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ཁ་རིས་སི་ཊིནན་ཡིས་པད་མ་འབུམ་མཉམ་དུ་ལས་ཀ་བསྒྲུབ་རྒྱུ་ཡིན། པད་མ་འབུམ་ནི་ལས་གཞིའི་འགན་འཛིན་གྱི་མཚན་གནས་གསར་པའི་ཐོག་ཚོགས་པ་འདིའི་ལས་གཞི་འཕེལ་རྒྱས་དང་། ལ་རྩེའི་གསོག་ཉར་དང་རྒྱུ་ཆ་དོ་དམ་གྱི་ཐོག་ལ་འགན་འཁུར་བཞེས་རྒྱུ་ཡིན། དེ་བཞིན་བསྟན་འཛིན་དགེ་ལེགས་ནས་ལས་གཞི་དོ་དམ་པའི་མཚན་གནས་ཐོག་གཙོ་བོ་ལ་རྩེའི་སློབ་ཡོན་ལས་གཞི་དང་དམིགས་བསལ་ལས་གཞིའི་ཐོག་ལ་འགན་འཁུར་བཞེས་ནས་ལ་རྩེ་གསར་པའི་དཔུང་ཁག་ནང་ལ་ནུས་པ་ཤུགས་ཆེ་གདོན་རྒྱུ་ཡིན། གོང་གི་ལས་བྱེད་གསུམ་པོ་རྣམས་ནི་ང་ཚོ་མཉམ་དུ་ཐོག་མ་ནས་བྱ་བ་བསྒྲུབས་མྱོང་ཞིང་། ད་ཆ་སེམས་ཤུགས་འཕེལ་བའི་དམིགས་ཡུལ་གསར་པ་དེ་བསྒྲུབ་པར་འབད་བརྩོན་བྱ་རྒྱུ་ཡིན་ནོ།

ང་ལ་ད་དུང་སྤྲོ་བ་འཕེལ་བའི་གནས་ཚུལ་གཞན་པ་ཞིག་ཁྱབ་བསྒྲགས་བྱ་རྒྱུ་ཡོད་པ་ནི། ཀུན་ཕན་ཐེབས་རྩ་ཚོགས་པའི་འཛིན་སྐྱོང་འགན་འཛིན་ཕའོ་ལ་ཝན་ཛུ་ནས། ལོ་ངོ་བཅུ་དགུ་ལྷག་ཙམ་རིང་ལྷག་བསམ་རྣམ་དག་གིས་བྱ་བ་བསྒྲུབས་རྗེས་ད་ཆ་”ད་ལྟ་འདིར་”ཞེས་པའི་ཚོགས་པ་གསར་པ་དེའི་སྤྱི་ཁྱབ་འགན་འཛིན་གྱི་འགན་བཞེས་རྒྱུ་ཡིན། "ད་ལྟ་འདིར།"ཞེས་པའི་ཚོགས་པ་གསར་པ་འདི་ནི་ 132 Perry སྲང་ལམ་ཏེ། ལ་རྩེའི་ཐོག་བརྩེགས་གོང་མར་ཆགས་ཡོད་ཅིང་། ཚོགས་པ་དེ་ནི་བྱེད་སྒོ་སྣ་ཚོགས་སྤེལ་ཡུལ་གྱི་ཚོགས་ཁང་གསར་པ་ཞིག་ཡིན། ཚོགས་ཁང་གསར་པ་འདིའི་དམིགས་ཡུལ་ནི་བྱེད་སྒོ་དང་། སྦྱོང་བརྡར། འགྲེམ་སྟོན་ལ་སོགས་བརྒྱུད། མི་དམངས་ཀྱི་མཉམ་ཞུགས་གོང་འཕེལ་གཏོང་བ་དང་། གསར་གཏོད་ཀྱི་བྱེད་སྒོ་ལ་སྐུལ་འདེད། དེ་བཞིན་རིག་གཞུང་དབར་ལ་བརྗེ་ལེན་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། ཁོང་སྒྱུ་རྩལ་དང་། སྒྱུ་རྩལ་བ། དེ་བཞིན་ལག་ཤེས་སྒྱུ་རྩལ་བ་སོགས་ལ་དགའ་མོས་དང་རྒྱུས་མངའ་ཆེ་བ་དེས། ”ད་ལྟ་འདིར།”ཞེས་པར་གསོན་ཤུགས་ལྡན་ལ་དོན་སྙིང་ལྡན་པའི་ལས་རིམ་བཀོད་སྒྲིག་བྱེད་ཐུབ་པར་ཡིད་ཆེས་ཡོད། དེ་ནི་ཁོང་གིས་བོད་ཀྱི་རིག་གཞུང་ལ་བཅངས་པའི་བརྩེ་སེམས་དེ་དག་ལས་འགུལ་སྣ་ཚོགས་ནང་ནས་མངོན་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན།

འགྱུར་བ་དང་རྒྱ་བསྐྱེད་ཀྱི་གོམས་སྟབས་ཆབས་གཅིག་ཏུ་འདྲེན་པའི་ལོ་འདི་འདྲ་ཞིག་གི་ནང་ལ། ངས་ལས་རོགས་ཚོར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ད་ལྟའི་ཁོར་ཡུག་དང་དེ་བཞིན་དེ་ལས་གཞན་པའི་ཁོར་ཡུག་གི་ནང་ལ་ཞུགས་པའི་་ལ་རྩེ”འི་དམིགས་ཡུལ་དང་འཆར་སྣང་ལ་མོས་པ་བྱེད་མཁན་གྱི་ངའི་གྲོགས་པོ་རྙིང་པ་རྣམ་པ་དང་། གྲོགས་པ་གསར་པ་རྣམ་པས་ཚོགས་པ་གསར་པ་འདི་ལ་དགའ་བསུ་ཞུ་བ་དང་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་བཞིན་ཡོད། དེ་བཞིན་ཁྱེད་ཅག་ཚང་མས་”ད་ལྟ་འདིར།”ཞེས་པའི་ཚོགས་པའི་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་ལས་འགུལ་ཁག་དང་། དེ་བཞིན་ལ་རྩེའི་ལས་ཀ་རྣམས་ལ་མཉམ་ཞུགས་གནང་བར་དགའ་བསུ་ཞུ་བཞིན་ཡོད།
རྗེས་མ་དེ་གར་མཇལ་བའི་སྨོན་འདུན་བཅས།

ཨན་ཌེ་ཡ་ནས།