You are here

འདམ་བག་སྟེང་གི་ཞབས་བྲོ།

ཁོ་ཚོ་སྐོར་བ་བྱེད་པའི་ལྷ་ཁང་སྟེ་དཀར་ཚོགས་ལྷ་ཁང་ནི་སྐྱེ་དགུ་མདོ་རུ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ བཤིག་སྐྱོན་མ་ཐེབས་པའི་ལྷ་ཁང་གཅིག་པུ་དེ་ཡིན། དེར་བརྟེན། ལྷ་ཁང་དེ་གྲོང་བརྡལ་རྙིང་བ་འདིའི་མི་རྣམས་ ཀྱི་ཆོས་ལུགས་དང་མང་ཚོགས་ཀྱི་མཉམ་རུབ་བྱེད་སའོ།། ལོ་རྒྱུས་རང་བཞིན་ལྡན་པའི་དུས་རབས་བཅུ་དགུ་བའི་ ལྡེབས་རིས་ལ་བལྟས་ཡོང་ཚེ། གནས་འདི་ནི་ས་གནས་བོད་རིགས་མང་ཚོགས་ཀྱི་ལོ་གསར་གྱི་དུས་སྟོན་རོལ་ས་དང་། བོད་ལུགས་དུས་ཆེན་ཁག་གི་དུས་སྟོན་བྱེད་ས་ཡིན་པ་མཐོང་ཐུབ།
༢༠༡༠ལོའི་ཕྱི་ཟླ་བཞི་བའི་རྩ་གཏོར་གཏོང་བའི་ས་འགུལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་བྱུང་དུས། ཁུལ་འདི་ ཞིག་རལ་དུ་བཏང་ཞིང་ལྷ་ཁང་ལ་ཆག་སྐྱོན་ཐེབས། འདི་ནི་ཅིའི་ཕྱིར་ང་ཚོ་མང་ཚོགས་ཀྱི་ཕ་མེས་ཀྱི་དུས་དང་འབྲེལ་ཐག་གལ་ཆེན་པོ་ཡིན་པའི་ལྷ་ཁང་འདི་བསྐྱར་གསོ་བྱེད་པའི་ལས་ལ་ཞུགས་པ་དེ་ཡིན། བསྐྱར་གསོ་ཡི་འཆར་གཞི་ནི་ཡུལ་འདི་ཡུལ་སྐོར་ལྗོངས་རྒྱུའི་གྲོང་ཁྱེར་ཞིག་དུ་བསྒྱུར་རྒྱུ་སྟེ། གསར་བསྐྲུན་ཁང་བའི་བརྒྱ་ཆའི་དགུ་བཅུས་དེང་མའི་གྲོང་བརྡལ་གྱི་ཚབ་བྱེད་རྒྱུ་རེད།
༢༠༡༡ལོར། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ལ། རོཊ་སྲོལ་རྒྱུན་གྱི་འཛུགས་སྐྲུན་ལག་རྩལ་སླར་གསོ་བྱས་པའི་དུས་མཚུངས་སུ་ས་གནས་མང་ཚོགས་ལ་ཤུལ་བཞག་དངོས་རྫས་སྲུང་སྐྱོང་གི་འདུ་ཤེས་སློང་བའི་ཆེད་དུ་རོགས་དངུལ་ཞིག་སྤྲད། དེ་བས་ད་ནི་ང་ཚོས་དགའ་སྤྲོ་དང་བཅས་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ཀྱིས་ཕུལ་བའི་ཡུལ་དངོས་སྙན་ཞུ་ལས་ལེགས་བདམགས་སྙན་ཞུ་འགའ་རེ་ཀུན་གྱི་ལོངས་སྤྱོད་དུ་འབུལ་རྒྱུ་ཡིན།
ས་འགུལ་འཇགས་མ་ཐག སྲིད་གཞུང་གིས་གྲོང་བརྡལ་ཡོངས་རྫོགས་བསྐྱར་འཛུགས་ཀྱི་འཆར་གཞི་བསྒྲགས་ཤིང་། དམིགས་ཡུལ་འདིའི་ཆེད་དུ་ས་ཆ་བཀོལ་སྤྱོད་ཀྱི་སྐྱ་རིག་གསར་པ་ཞིག་གཏན་ལ་ཕབ། གསར་དུ་ཇུས་འགོད་བྱས་པའི་ས་ཆ་བཀོལ་སྤྱོད་ཀྱི་གཏན་འབེབས་ལྟར་ཁྱིམ་ཚང་མང་པོ་ཞིག་གནས་སྤོ་བྱས་ཡོད། སྡོད་དམངས་སུ་ཡིན་རུང་རང་ཉིད་ཀྱི་ཁྱིམ་ཤུལ་དུ་ཉམས་གསོ་བྱེད་ཆོག་གི་མེད། གཞུང་འབྲེལ་གྱི་བསྐྱར་འཛུགས་འཆར་གཞིས་ཁོ་ཚོའི་སྔོན་མའི་ཁྱིམ་གཞིས་དེ་ཡུག་གཅིག་ཏུ་གཅིག་གྱུར་གྱི་ཨར་འདམ་དང་རྣོ་ལྕགས་སྒྲོམ་གཞིའི་ཁང་པ་བཟོ་སྐྲུན་བྱེད་རྒྱུ་ཡིན་ལ། ཞིག་རལ་ཏུ་གྱུར་ཡོད་མེད་ལ་མ་ལྟོས་པར་ཁང་བ་བརྒྱ་ཆའི་དགུ་བཅུ་ས་འདེད་འཕྲུལ་འཁོར་གྱིས་ཡུག་ཅིག་ཏུ་རྩ་བཤིག་བཏང་། ས་འགུལ་གྱིས་ཆག་སྐྱོན་ཐད་ལ་ཞིབ་བཤེར་བྱས་མེད། རྩ་བཤིག་གི་ལས་ཀ་ལོ་འདིའི་དཔྱིད་ཀ་བར་དུ་སོང་ཞིང་། དེས་གྲོང་བརྡལ་འདི་ངོས་མི་ཟིན་པ་ཞིག་ཏུ་བཏང་ཡོད།

དཀར་ཚོགས་ལྷ་ཁང་ནི་ཡུལ་ཤུལ་གྱི་ཆེས་རྙིང་ཤོས་དང་ཆེས་རྩ་ཆེ་བའི་ནང་པའི་ལྷ་ཁང་དེ་ཡིན། དེའི་འབྱུང་ཁུངས་ ངོ་མ་གང་ཡིན་གསལ་བོ་མི་ཤེས་མོད། གནས་འདིའི་ཐོག་གི་ལྷ་ཁང་ཆུང་ཆུང་ཞིག་ནི་ལོ་རྒྱུས་ནི་དུས་རབས་བཅུ་གསུམ་པའི་ནང་ས་སྐྱ་པཎྚི་ཏས་སྐྱེ་དགུ་མདོ་གྲོང་བརྡལ་བཏབ་པའི་དུས་ནས་ཡོད་པར་གྲགས། ད་ལྟའི་ལྷ་ཁང་འདི་དུས་རབས་བཅོ་བརྒྱད་པའི་ནང་བཞེངས་པ་ཞིག་ཡིན། ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་བརྡལ་འདིའི་དབུས་སུ་ཆགས་པས་ས་གནས་མང་ཚོགས་དང་ཁ་ཐག་ཧ་ཅང་ཉེ། དེ་བས་ལྷ་ཁང་འདི་ནི་ཁོ་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་ཆེས་གལ་ཆེ་བའི་གནས་ཤིགག་ཡིན། ལྷ་ཁང་གི་མིང་ལ་དཀར་ཚོགས་ཟེར་བ་ནང་བཞིན་སྨྱུང་གནས་ཚོགས་སྐབས་ཀྱང་བེད་སྤྱོད་བྱེད།

རིག་གནས་གསར་བརྗེ་ཆེན་མོའི་སྐབས། ཡུལ་ཤུལ་ལ་གནོད་འཚེ་ཐེབས་པ་ཧ་ཅང་གིས་ཚབས་ཆེ། གྲོང་བརྡལ་ན་ ཡོད་པའི་སྐྱེ་དགུ་དགོན་པ་རྩ་གཏོར་བཏང་ཡོད་ལ། དེ་དང་མཉམ་དུ་པཎ་ཆེན་སྐུ་ཕྲེང་དགུ་བའི་བཞུགས་སའི་ཕོ་བྲང་ དང་ལོ་རྒྱུས་རང་བཞིན་གྱི་གནས་ཆེན་དག་ལ་གཏོར་སྐྱོན་བཏང་ཡོད། ཡིན་ནའང་ས་གནས་ཀྱི་བླ་མ་ཞིག་གིས་ ཐབས་ཀྱིས་དཀར་ཚོགས་ལྷ་ཁང་སྐྱོབ་ཐུབ་པ་བྱུང་ཡོད། རིག་གནས་གསར་བརྗེ་ཆེན་མོ་མཇུག་བསྒྲིལ་རྗེས། དཀར་ ཚོགས་ལྷ་ཁང་ནི་གསོན་ཐུབ་ཙམ་བྱུང་བའི་ལྷ་ཁང་གཅིག་པུ་དང་ལོ་རྒྱུས་རང་བཞིན་ཀྱི་ལྡེབས་རིས་ཡོད་མཁན་ གཅིག་པུར་གྱུར་བས་ལྷ་ཁང་གི་གལ་ཆེན་རང་བཞིན་དེ་ཇེ་མཐོར་སོང་ཡོད།

ཡུལ་ཤུལ་ས་འགུལ་གྱི་སྐབས་སུ། ལྷ་ཁང་འདི་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་ནའང་ཉིལ་རྡིབ་བྱུང་མེད། བོང་ཆེ་ བའི་ས་གྱང་དེ་ད་དུང་གྲོང་ངེར་འགྲེངས་ནས་གནས་ཡོད། ས་འགུལ་གྱི་རྗེས་སུ། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ཀྱིས་ལོ་རྒྱུས་ལྡན་པའི་ལྷ་ཁང་དང་དེའི་ལོ་རྒྱུས་ཅན་གྱི་ལྡེབས་རིས་བཅས་པ་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་།

ས་གྱང་བརྡུངས་པ་ནི་གནའ་སྔ་མོའི་འཛུགས་སྐྲུན་བཟོ་རྩལ་གྱི་རིགས་ཞིག་སྟེ། དེའི་ནང་རང་བྱུང་རྒྱུ་ཆ་སྟེ། ས་དང་རྡོ་ ཧྲུག རྡོ་ཐལ། ས་དཀར། འདམ་བག་བཅས་ཀྱི་གྱང་འཛུགས་སྐྲུན་བྱེད་པའོ།། གྱང་དེའི་རིགས་བཟོ་བར་ངལ་རྩོལ་ཆེན་ པོར་བརྟེན་དགོས་ནའང་། བཟོས་པའི་གྱང་དེ་དག་ཤིན་ཏུ་བརྟན་ལ། ཡུན་རིང་པོར་གནས་པ་དང་། སྲ་ཞིང་མཁྲེགས་ལ། དྲོད་འཛིན་གྱི་ནུས་པ་ལྡན་པ་མ་ཟད་མེས་བསྲེགས་མི་ཐུབ། རང་བྱུང་གི་རྒྱུ་ཆ་འདི་དག་གང་སར་ཡོད་པས། ས་གྱང་ བཟོ་རྒྱུ་ནི་རིན་གོང་ཡང་ལྟོས་བཅོས་ཀྱིས་དམའ་བོ་ཡིན།

ནང་དུ་འཛུལ་སའི་བར་ཁྱམས་དང་ཚོགས་ཁང་གཙོ་བའི་གྱང་ངོས་དག་ནི་ལྡེབས་རིས་རྙིང་བས་མཛེས་པར་སྤྲས་ཡོད་ ཅིང་། དེའི་ཁྲོད་དུ་རྒྱལ་ཆེན་སྡེ་བཞི་ཞིབ་འབྲི་བྱས་ཡོད། ཚོགས་ཁང་གི་ནང་དུ། སངས་རྒྱས་སྨོན་ལམ་གྱི་ལྡེབས་རིས་ལ་འཕགས་པ་སུམ་ཅུ་སོ་བདུན་གྱིས་བསྐོར་ནས་གནས་ཞིང་། དེའི་གཡས་སུ། ཤཀྱ་མུ་ནེ་ལ་དགྲ་བཅོམ་པ་བཅུ་དྲུག་གིས་གཡོན་དུ་བསྐོར་ནས་བཞུགས་སོ།། ལྡེབས་རིས་དེ་དག་ནི་རང་བྱུང་ཚོན་སྣ་དང་སྲོག་ཆགས་ཀྱི་སྤྱིན་ཀྱིས་ས་གྱང་གི་ངོས་འཇམ་བརྡར་དུ་བཏང་བའི་སྟེང་བྲིས་ཡོད། ས་འགུལ་མ་བྱུང་གོང་། བར་ཁྱམས་ཀྱི་ལྡེབས་རིས་དེ་ལ་ཉམས་གསོ་བྱེད་དགོས་ཀྱི་ཡོདལ། ས་འགུལ་བྱུང་རྗེས་ཉམས་གསོའི་ལས་ཀ་ནི་དེ་བས་ཀྱང་ཁ་ཚ་དགོས་གཏུགས་སུ་གྱུར་འདུག
ས་འགུལ་གྱི་ཤུགས་རྐྱེན་ཀྱིས་ལྡེབས་རིས་རྨིད་གྲུ་བཞི་མ་གཅིག་ལོངས་པ་ཙམ་ཞིག་ཐང་ལ་ལྷུང་འདུག དུམ་བུ་དག་ བཏུས་ནས་སྒམ་དུ་བཅུག་པ་དང་། རྗེས་སུ་གྱང་ངོས་སུ་སླར་རང་གནས་སུ་སྦྱར། གྱང་ངོས་འཇམ་ཞལ་གྱི་བརྒྱ་ཆའི་ལྔ་ བཅུ་སེར་ཁ་ཤིག་སེ་གནས་ཡོད། དེ་བས་ལྡེབས་རིས་ཀྱི་རིམ་ངོས་དེ་བརྟན་པོ་བཟོ་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་ཀྱི་ ལས་ཀ་ཡིན།
བསྐྱར་གསོའི་ལས་ཀ་ནི་ཕྱི་ངོས་ཀྱི་འཇམ་ཞལ་ཡོངས་རྫོགས་བཀོག་ནས་འོག་གི་ས་གྱང་གི་གས་སྲུབས་རྣམས་མངོན་དུ་བཅུག་པ་ནས་མགོ་བརྩམས། གཏིང་ཟབ་པའི་གས་སྲུབས་དག་གདུང་མ་ཟམ་པའི་ཚུལ་ཏུ་འཕངས་ནས་ཕྱོགས་གཅིག་ཏུ་བསྡམས། འདི་ནི་༢༠༠༦ ལོར་UNESCO ཡི་ལ་དྭགས་ཀྱི་ས་གྱང་རྙིང་བ་སྲུང་སྐྱོབ་ཀྱི་ལས་ཀ་ཞིག་གི་རྗེས་སུ། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ཀྱིས་བཟོས་པའི་ཐབས་ཤེས་ཤིག་ཡིན། གས་སྲུབས་ཆུང་བ་རྣམས་ཀྱི་ནང་རྡོ་ཡིས་བཀང་ཞིང་། དེ་ནི་དུས་རབས་མང་བོར་བོད་ལ་ཡོད་པའི་ཐབས་ཤེས་ཤིག་རེད། ཁང་ཀླད་བསལ་བ་སྟེ། སའི་རིམ་པ་བླངས་རྗེས་དེའི་འོག་གི་ཤིང་ཆ་དག་མར་ཕབ། ང་ཚོས་ཤེས་རྟོགས་བྱུང་བ་ནི་ཁང་ ཀླད་ཀྱི་ཤིང་ཆ་ལས་བརྒྱ་ཆའི་ལྔ་བཅུ་མ་གཏོགས་ཡང་བསྐྱར་བེད་སྤྱོད་གཏོང་མི་ཐུབ། སྟེང་གི་གནོན་ཤུགས་མར་ཕབ་ རྗེས། ལྕམ་དང་གདུང་མ་རྣམས་བདེ་བླགས་ངང་དྲང་མོ་བཟོས་ནས་དེང་མའི་སྒྲོམ་གཞིའི་སྙོམས་སྒྲིག་སླར་གསོ་བྱས། ཐོག་ཁེབས་གསར་བའི་ཤིང་ཆའི་མ་ལག་དེ་དེ་བས་ཀྱང་སྤུས་ཀ་ལེགས་པའི་ཤིང་ཆ་བེད་སྤྱད་ནས་ཇེ་བཟང་ལ་བཏང་།

ནང་གི་ཆ་ནས། ཁྱམས་རའི་དྲ་མ་དང་ས་གྱང་མར་ཕབས་པ་དང་། དེང་དུས་བཟོས་པའི་ལྕགས་སྒོའི་ཚབ་དུ་སྲོལ་ རྒྱུན་གྱི་ཤིང་སྒོ་ཞིག་བཙུགས། ཆེས་མཐའ་མར་ཁང་པ་འཇམ་ཞལ་བྱས་པ་དང་ཚོན་དམར་པོ་བཏང་བའོ།།
ལོ་རྒྱུས་ཡུན་རིང་ལྡན་པའི་གནས་ཆེན་དག་སྲུང་སྐྱོབ་བྱེད་པ་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་བོད་ཀྱི་ཐུན་མོང་མ་ ཡིན་པའི་རིག་གཞུང་དང་ས་ཆ་སྲུང་སྐྱོང་བྱེད་ཐབས་ཤིག་ཡིན་ལ། ང་ཚོས་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོཊ་ཀྱི་འབོར་ཆེན་ཉམས་གསོའི་ལས་ཀའི་ཁྲོད་དུ་ཆ་ཤས་ལེན་ཐུབ་པ་པར་དགའ་སྤྲོ་སྐྱེས། ལས་ཀ་འདིས་གྲྭ་བཙུན་དང་ས་གནས་དད་ལྡན་མང་ཚོགས་ཀྱིས་འདི་དང་འདི་འདྲ་བའི་རིག་གནས་ཀྱི་གནད་འགངས་ཆེན་ཉམས་གསོ་བྱེད་པར་ལམ་སྲོལ་ཞིག་གཏོད་བཞིན་ཡོད་དོ།།