You are here

ལ་རྩེ་དཔེ་མཛོད།

ལ་རྩེ་དཔེ་མཛོད།

 

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཀྱིས་གསོག་ཉར་བྱས་པའི་རྒྱུ་ཆ་རྣམས་ད་ལྟ་ལ་རྩེས་བདག་པོ་དང་ཉར་ཚགས་བྱེད་བཞིན་ཡོད། དེའི་སྐོར་ལ་ཞིབ་པར་མཁྱེན་འདོད་ན། www.latse.org དྲ་རྒྱར་ཕེབས།

 

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ནི་དེང་རབས་བོད་ཀྱི་ཞིབ་འཇུག་གི་ཆེད་དུ་བཙུགས་པའི་དཔེ་མཛོད་ཁང་ཆེས་ཐོག་མ་དེ་ཡིན།  དཔེ་མཛོད་ཁང་འདིས་རང་གི་དམིགས་བསལ་ཅན་གྱི་ཡིག་མཛོད་བརྒྱུད་ནས་མཁས་དབང་དང་ཞིབ་འཇུག་པ།  མི་མང་བཅས་ལ་སྒང་པ་བོད་ཀྱི་དེང་རབས་ཀྱི་འཚོ་བ་མཐོང་བྱེད་ཀྱི་སྒེའུ་ཁུང་ཞིག་ཕྱེ་ཡོད།

ཞབས་ཞུའི་དུས་ཚོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོདཁང་ནི་མང་ཚོགས་ལ་རིན་མེད་ཀྱིས་སྒོ་ཕྱེ་ཡོད་ལ་ཚོགས་མི་ཡིན་མི་དགོས། དཔེ་མཛོད་ཁང་གི་དཔེ་དེབ་རྣམས་ཕྱི་ལ་གཡར་གྱི་མེད་ཀྱང་བག་ཕེབས་ཅན་གྱི་ལྟ་ཀློག་དང་ཞིབ་བྱེད་ས་དང་མཐུན་རྐྱེན་སྦྱར་ཡོད། དཔེ་མཛོད་ཁང་འདིས་ད་དུང་མང་ཚོགས་ལ་བྱེད་སྒོ་མང་པོ་སྤེལ་གྱི་ཡོད། དཔེ་མཛོད་ལ་ཕེབས་པར་དུས་འདེབས་དགོས་ན། ཁ་པར་ཨང་གྲངས་༢༡༢-༣༦༧-༨༤༩༠དང་ཡང་ན་གློག་འཕྲིན་ཐོག་ལ་འབྲེལ་བ་གནང་རོགས། 

རེས་གཟའ་མིག་དམར་དང་ལྷག་པར་དུས་འདེབས་ནས་ཕེབས་ཆོག ཞོགས་པ་ཆུ་ཚོད་༩ནས་ཕྱི་དྲོ་ཆུ་ཚོད་༥བར་སྒོ་འབྱེད། གཟའ་ཕུར་བུ་དང་པ་སངས་ལ་ཞོགས་པ་ཆུ་ཚོད་༩ནས་ཕྱི་དྲོ་ཆུ་ཚོད་༥བར་སྒོ་འབྱེད། གཟའ་སྤེན་པར། ཞོགས་པ་ཆུ་ཚོད་༡༠ནས་ཕྱི་དྲོ་ཆུ་ཚོད་༦བར་སྒོ་འབྱེད། 

གལ་ཏེ་དཔེ་མཛོད་དུ་ངོ་བཅར་མ་ཐུབ་ཚེ་ང་ཚོས་ཁ་པར་དང་གློག་འཕྲིན་བརྒྱུད་ནས་ཞབས་ཞུ་སྒྲུབ་ཀྱི་ཡོད། 

ང་ཚོའི་ས་ཆ་གཡར་བ།
 

གལ་སྲིད་ཁྱེད་རང་བྱེད་སྒོ་སྤེལ་ཡུལ་གྱི་ས་ཆ་འཚོལ་གྱི་ཡོད་ན། ཀུན་ཕན་ཐེབས་རྩར་འབྲེལ་བ་གྱིས། ང་ཚོར་ཡིད་དབང་འཕྲོག་པའི་ས་ཆ་གཡར་རྒྱུ་ཡོད། ང་ཚོའི་ཁང་པ་ནི་ནེའུ་ཡོག་གྲོང་ཁྱེར་གྱི་ལོ་རྒྱུས་ལྡན་པའི་ས་ཁུལ་ཞིག་ལ་ཆགས་ཡོད་ཅིང་།  ང་ཚོར་དཔེ་དེབ་ཀློག་ཁང་དང་། གློག་བརྙན་བསྟན་ཡུལ། འཆད་ཁྲིད་དང་འགྲེམ་སྟོན་བྱ་ཡུལ། དེ་བཞིན་ཞལ་འདེབས་བསྡུ་བའི་བྱེད་སྒོ་སོགས་སྤེལ་སའི་ཁང་པ་ཤིན་དུ་སྤུས་ལེགས་གཡར་རྒྱུ་ཡོད། མུ་མཐུད་ཀློག