You are here

༢༠༡༠ལོའི་བྱེད་སྒོའི་སྙན་ཐོ།

ཀུན་ཕན་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་ངོ་བཅུ་དགུར་ཉེ་བ་ལ། ཆེས་ཐོག་མར་ཚོགས་པ་འདི་བཙུགས་རྐྱེན་གྱི་རྩ་བའི་དམིགས་ཡུལ་དེ་དག་དུས་ད་ལྟ་སྔར་བས་ཀྱང་བརྟན་པོར་འདུག ཕྱོགས་གཅིག་ནས་ང་ཚོས་བོད་ཀྱི་རིག་གནས་ལ་ངོས་ལེན་དང་གདེང་འཇོག་གནང་བ་སྟེ། འདི་ནི་ངེད་ཚོའི་དམིགས་ཡུལ་ཁྱབ་བསྒྲགས་གཏམ་བཤད་ལས་ཀྱང་མངོན་པར་གསལ། ང་ཚོས་བོད་ཀྱི་སྐད་ཡིག་སྤྱོད་པའི་བྱིས་གཉོར་སློབ་གྲྭ་འཛུགས་པར་རོགས་སྐྱོར་བྱས་ལ། བོད་ཀྱི་གནའ་དཔེ་དང་དམངས་གླུ་སྲུང་སྐྱོབ་བྱ་བར་མཐུན་རྐྱེན་གང་ལེགས་བསྐྲུན་པ་དང་། བོད་རིགས་ན་གཞོན་སྐྱེས་ཁམས་རིག་པ་བ་ཚོ་གསོ་སྦྱོང་བྱས་དང་བྱེད་བཞིན་ཡོད་པ་སྟེ། མ་འོངས་པར་ན་གཞོན་འདི་དག་གིས་རྩྭ་ཐང་སྔོན་འགོག་གི་ཆེད་ལས་གཉེར་ཏེ་འདིའི་ཐད་ལ་ནུས་པ་འདོན་ངེས། གཉིས་ནས་དམངས་ཚོགས་ཀྱི་འཚོ་བའི་ཐད་ལ་རྒྱུན་རིང་ཞིང་དངོས་ཐོག་ལག་ལེན་ཀྱིས་ཀུན་ལ་མཐུན་རྐྱེན་བསྐྲུན་པར་ཡོངས་སུ་ཁ་ཕྱོགས་ཡོད། ངས་བསམ་ན། ང་ཚོ་ཚོགས་པ་ཞིག་ཡིན་པའི་ཆའམ་ཡང་ན་དོན་དུ་འཁེལ་བའི་དཔལ་འབྱོར་དར་སྤེལ་གྱི་ལས་སྒྲུབ་པར་འདི་འདྲའི་བསམ་བློ་ནི་མེད་དུ་མི་རུང་ངོ་། དེ་ལས་གཞན། ང་ཚོས་གནད་དོན་སོགས་སེལ་བ་དང་གནད་དོན་སེལ་ཐབས་སོགས་ཀྱི་ཐད་ཕན་ཚུན་མཉམ་འབྲེལ་དང་བསམ་བློ་བརྗེ་རེས་ཀྱིས་མིའི་རིགས་ལ་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པའི་ལས་འགན་ཕྲག་ཏུ་བླངས་ཡོད།
ཕན་ཚུན་བར་བཀུར་བསྟི་བྱེད་པ་དང་། ཕན་ཚུན་གྱི་ཁ་ཚིག་ལ་ཉན་པ། ཕན་ཚུན་མཐུན་པའི་ཕྱོགས་སུ་བགྲོད་པ་དང་དངོས་ཐོག་བདེན་འཚོལ་གྱི་ཐབས་ལམ་སྙེག་སྟེ་ཕན་ཚུན་མཉམ་འབྲེལ་སྒོས་ལས་དོན་སྒྲུབ་པའི་གལ་ཆེན་རང་བཞིན་སྔར་བས་ཀྱང་མངོན་གསལ་དུ་སྣང་། འོན་ཀྱང་དེང་སྐབས་འཛམ་གླིང་ཕྱོགས་ཀུན་ཏུ་ཕན་ཚུན་དབར་གྲོས་མོལ་གྱི་ཚབ་ལ་འཁྲུག་རྩོད་བྱེད་ཀྱིན་ཡོད་པ་རེད། མདོ་དབུས་མཐོ་སྒང་སྟེ། བོད་ཀྱི་ས་ཁུལ་ཁག་ཏུ་གནད་དོན་སོགས་ལ་གྲོས་མོལ་བྱེད་པའི་ལམ་ཁ་དེ་མཚམས་འཇོག་བྱས་པ་དེས་འུ་ཅག་གི་བྱ་བའི་ཐད་ལའང་བཀག་འགོག་ཆེན་པོ་བཟོས་ཡོད། ཉིས་སྟོང་བཅུ་ནས་བཟུང་། ང་ཚོས་ཡང་ནས་ཡང་དུ་དཀའ་གནད་འདི་དག་ལ་གདོང་ལེན་གང་ཐུབ་བྱས་པ་ཡིན། མཐོ་རིམ་སློབ་གསོར་སྙེག་བཞིན་པའི་གསར་སྐྱེས་སློབ་བུ་གང་མང་གི་དགོས་མཁོར་དམིགས་ཏེ་ང་ཚོས་སློབ་ཡོན་རོགས་དངུལ་གྱི་ལས་གཞི་རྒྱ་བསྐྱེད་པ་དང་། དེ་བཞིན་རོགས་དངུལ་གྱི་སྒྲིག་གཞིར་བསྒྱུར་བ་བཏང་ནས་རིན་ཐང་ལྡན་པའི་ལས་གཞི་གང་མང་ལ་རྒྱབ་སྐྱོར་ཐུབ་པར་འབད་བརྩོན་བྱས་ཡོད།
ད་ལོར། ང་ཚོས་ཐེངས་དང་པོའི་དེང་སྐབས་འཛམ་གླིང་ཐོག་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་གྱི་གཏམ་བཤད་ཕྲེང་བ་ཡོངས་སུ་འགྲུབ་པར་བྱས་པ་ཡིན། ནེའུ་ཡོག་གྲོང་ཁྱེར་གྱི་ང་ཚོའི་གཞུང་ལས་ཁང་དུ་ཚོགས་པའི་འཆད་ཁྲིད་ཐེངས་དྲུག་པོ་དེས། འཛམ་གླིང་གི་ཆེད་མཁས་པ་གང་མང་ཕྱོགས་གཅིག་ཏུ་བསྡུས་ཏེ་སྐད་ཡིག་རྒྱུན་བསྲིང་བའི་ཐད་ཀྱི་ཐབས་ཇུས་དང་། ཕྱོགས་མཚུངས་ཀྱི་གོ་བ་ལེན་སྟངས་དང་།¬ སྐད་ཡིག་བར་ཀྱི་འབྲེལ་བ་དང་། སྐད་ཡིག་གི་འདྲ་མཚུངས་དང་རང་ཚུགས་རང་བཞིན་དང་། སྐད་ཡིག་གི་འབྱུང་ཁུངས་གསལ་བར་བྱེད་པ་སོགས་ཀྱི་ལྟ་ཕྱོགས་ལ་རྒྱུས་མངའ་བར་བྱས་པ་ཡིན།
ང་ཚོས་འབད་རྩོལ་གང་མང་བྱས་ཏེ་ཇི་ལྟར་རམ། ཅིའི་ཕྱིར་འཛམ་གླིང་རང་བཞིན་གྱིས་ཕྱོགས་གཅིག་ཏུ་མཐུན་པར་བྱ་བའི་གོ་རིམ་ཁྲོད། ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱལ་སྤྱི་དང་རྒྱལ་ནང་གང་དུ་ཡང་འབད་པ་ཆེ་ཆེར་བགྱིས་པ་དེས་ང་རང་ལ་ཡང་བློ་སྤོབས་ཆེ་རུ་བསྐྱེད།
མག་མོག་གི་ཁོར་ཡུག་འདིར། ངེད་ཚོགས་པས་རིག་གནས་དང་། མི་དམངས། ད་དུང་ཕན་ཚུན་བར་གྱི་མཉམ་འབྲེལ་བཅས་ལ་བཅངས་པའི་བློ་སེམས་ནི་སྔར་བས་ཀྱང་བརྟན་པོར་སྣང་ལ། ལས་གཞི་མང་པོ་ཞིག་ད་དུང་བསྒྲུབ་རྒྱུར་ལྷག་ཡོད།
ཨན་ཌི་ཡ། ཨེ སོ་རོ་སི་ནས།
Andrea E. Soros

Section: