You are here

རྡུལ་ཚོན་དཀྱིལ་འཁོར་བཞེངས་པ།

རྡུལ་ཚོན་དཀྱིལ་འཁོར་བཞེངས་པ།
Wednesday, February 19, 2014

ང་ཚོས་དགའ་སྤྲོའི་ངང་གསལ་བསྒྲགས་ཞུ་རྒྱུར། ཟླ་བ་འདིའི་ནང་ལ་ཀུན་ཕན་ཐེབས་རྩས་ཨེ་ཤེ་ཡའི་ཚོགས་པར་རྒྱབ་སྐྱོར་བྱས་ཡོད། འབྲི་གུང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཉིན་ལྔའི་རིང་༼ཞོགས་པའི་ཆུ་ཚོད་༡༡པ་ནས་ཕྱི་དྲོའི་ཆུ་ཚོད་༦པ་བར་ལ་༽ རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ་རེད། དཀྱིལ་འཁོར་དེ་ནི་ཨེ་ཤེ་ཡའི་ཚོགས་པས་གཉེར་བའི་གདན་ས་མཐིལ་གྱི་དགོན་པའི་ཕུལ་བྱུང་གི་སྒྱུ་རྩལ་ཞེས་པའི་འགྲེམ་སྟོན་དབུ་འབྱེད་ཀྱི་མཛད་སྒོ་ཞིག་རེད། རྡུལ་ཚོན་དཀྱིལ་འཁོར་ནི་གསང་སྔགས་ཀྱི་ཆོས་སྒོར་མེད་དུ་མི་རུང་བའི་དབང་དང་ཆོ་གའི་ཉམས་ལེན་གྱི་ཡོ་བྱད་ཅིག་ཡིན་ལ། དཀྱིལ་འཁོར་ནི་སངས་རྒྱས་ཀྱི་དག་ཞིང་མཚོན་པའི་ཞིང་ཁམས་ཤིག་ཀྱང་ཡིན། ང་ཚོས་ཁྱེད་རྣམ་པ་འགྲེམས་སྟོན་དེར་གཟིགས་སྐོར་ལ་ཕེབས་ཐུབ་པའི་རེ་བ་ཞུ།
ཨེ་ཤེ་ཡའི་ཚོགས་པའི་ཁ་བྱང་ནི། 725 Park Avenue, at East 70th Street, New York, NYརེད།
View Larger Map

Asia Society is located at 725 Park Avenue, at East 70th Street, New York, NY