You are here

ཀུན་ཕན་གཏམ་གསར། ༢༠༡༠ སྟོན་ཀ།

གློ་བུར་དུ་མི་ཞིག་ངེད་ཚོ་དང་ཁ་འགྱེ་བའི་སྐབས་ལ། ང་རང་ཚོའི་སེམས་ཐམ་མེ་ཐོམ་མེར་གྱུར་ནས། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་སླད་ཕྱིན་ཇི་ལྟར་བྱ་སྙམ་པའི་ཐེ་འཚོམ་ཡང་ཤར། དེ་ནི་གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ ་གནས་ཕྱག་འདེབས་མཁན་སྐུ་ཞབས་ཇིན་སི་མི་ཐ་མཆོག་སྐུ་ཞིང་ལ་གཤེགས་པ་ཐོས་འཕྲལ་ངེད་ཚོར་ཤར་བའི་ཚོར་སྣང་དེ་རེད།
ཞོགས་པ་དེར། ་ངེད་རྣམས་ནི་ཀུན་ཕན་གཏམ་གསར་འདོན་ཐེངས་གཉིས་པ་དེ་པར་རྒྱག་བཞིན་ཡོད། ༢༠༡༠ལོའ་ིཟླ་བ་བརྒྱད་པའི་ནང་ལ་ཐོག་མར་ངེད་ཚོས་དུས་དེབ་འདི་འཆར་འགོད་བྱེ ད་སྐབས། འདོན་ཐེངས་འདི་དེང་རབས་ཀྱི་སྤྱི་ཚོགས་ནང་ལ་བོད་ཀྱི་རིག་གནས་ཡར་རྒྱས་གཏོང་མཁན་དང་དར་སྤེལགཏོང་མཁན་གྱི་མི་སྣ་དང་ཁོང་རྣམས་ཀྱི་ལས་གཞིའི་ཐོག་ལ་དམིགས་འབེན་བྱ་རྒྱུར་ཐག་གཅོད་བྱས། དེར་བརྟེན། ཉེ་རབས་ལྷ་སར་བོད་ཀྱི་རི་མོའ་ིསྒྱུ་རྩལ་ཐོག་མར་དར་སྤེལ་འགྲོ་བའི་སྐབས་དང་དགེ་འདུན་ཆོས་འཕེལ་སྒྱུ་རྩལ་མཐུན་ཚོགས་ཀྱི་ཐོག་མར་འཛུགས་སྐབས་ཀྱི་བྱུང་བ་བརྗོད་པའི་རྩོམ་ཞིག་འཆར་འགོད་བྱས་པ་དང་། དེ་ནས་བོད་པའི་ལོ་ཆུང་ན་གཞོན་རྣམས་ལ་རང་ཉིད་ཀྱི་རིག་གཞུང་མཚོན་པའི་ཤེས་བྱ་དང་ལག་རྩལ་སྤྲོད་པའི་བྱི ས་པའི་ལེ་ཚན་ཞིག་དང་། ད་དུང་བོད་ཡིག་གི་ཚེག་བར་ལ་སྒྱུར་བཅོས་གཏོང་དགོས་མིན་གྱི་སྐོར་ལ་བགྲོ་གླེང་ཚོགས་ཀྱི་སྐོར་ལ་རྩོམ་འགའ་ཤས་གཤམ་ལ་ཀློག་པ་པོ་རྣམས་ལ་སྤྱན་བསྟར་ཞུས་པ་ལྟར་གྲ་སྒྲིག་བྱས་པ་ཡིན། དུས་དེབ་འདིའི་འཆར་ཅན་རྩོམ་ཡིག་འདེམ་སྐབས། བསམ་ཚུལ་མང་པོ་གོ་བསྡུར་བྱེ ད་དགོས་བྱུང་། ཡིན་ནའང་། ངེད་ཚོའི་མི་སྣ་ངོ་སྤྲོད་ཀྱི་ལེ་ཚན་འདི་ནི་བོད་ཀྱི་རིག་གཞུང་གི་སྐོར་ལ་གླེང་རྒྱུ་ཡིན་པ་ཐག་གཅོད་བྱས་ཟིན་སྟབས། ལེ་ཚན་འདིའི་ནང་ལ་སྐུ་ཞབས་ཇིན་སི་མི་ཐ་མཆོག་གི་མཛད་རྗེས་ངོ་སྤྲོད་བྱེ ད་རྒྱུ་ནི་ཚང་མས་མ་གྲོས་གཅིག་མཐུན་བྱུང་།
ལོ་ངོ་༦༠ལྷག་གི་རིང་ལ། སྐུ་ཞབས་ཇིན་སི་མི་ཐ་མཆོག་གིས་བོད་ཀྱི་ནང་བསྟན་གསུང་རབ་རྣམས་མ་ཉམས་རྒྱུན་འཛིན་ཡོང་བར་སྐུ་ངལ་མང་པོ་བསྐྱོན་ཡོད། ཁོང་གི་བཀའ་འདྲིན་ལ་བརྟེན་ནས། བོད་ཡིག་གི་གསུང་རབ་སྟོང་ཕྲག་མང་པོ་སྲུང་སྐྱོབ་གནང་ཐུབ་པ་བྱུང་བ་དང་། དེ་དག་སློབ་ཆེན་ཁག་གི་ནང་ལ་དེང་རབས་ཀྱི་སློབ་གསོའི་ཚན་ཁག་སྟེ ། བོད་རིག་པའི་ཞིབ་འཇུག་ཚན་ཁག་འཛུགས་སྐབས་རྒྱུ་ཆ་མེད་དུ་མི་རུང་བར་གྱུར། ཉེ་བའི་ཆར། ཁོང་གིས་མཁོ་བསྡུ་གནང་བའི་བོད་ཀྱི་གསུང་རབ་རྣམས་ལ་དེང་དུས་འཕྲུལ་རྩལ་གྱི་མཐུན་རྐྱེན་སྦྱར་ནས། ས་སྟེ ང་འདིར་ངོ་མཚར་ཆེ་བའི་གློག་རྡུལ་གྱི་བོད་ཀྱི་ཤེས་བྱའི་བང་མཛོད་ཆེ་ཤོས་དེ་བསྐྲུན་ཐུབ་ཡོད་པ་དང་། དེས་བོད་ཀྱི་རིག་གནས་མུ་མཐུད་ནས་འཕེལ་རྒྱས་ཡོང་བའི་རྨང་གཞི་བརྟན་པོ་བཙུགས།
།སྐུ་ཞབས་ཇིན་སི་མི་ཐ་མཆོག་ནི་བོད་ཀྱི་རིག་གནས་དོན་གཉེར་བ་མཆོག་ཏུ་འགྱུར་བ་ཞིག་ཡིན་པ་མ་ཟད། ད་དུང་ངེད་ཚོའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན། དེར་བརྟེན། ད་རེས་མི་བཟང་པོ་འདི་འདྲ་ཞིག་ངེད་ཚོ་དང་ཞལ་གྱེས་པ་འདིར་འཛམ་གླིང་ཡུལ་གྲུ་མང་པོའ་ིནང་མྱ་ངན་ཞུ་བཞིན་ཡོད། ཇིན་མཆོག་གི་འདུན་པ་དང་། ཐུགས་ཀྱི་བརྩེ ་བ། ད་དུང་གཞན་ཕན་གྱི་མཛད་པ་ལ་འགྲན་ཟླ་མེད། སྤྱིར་དམ་པ་འདི་སྐུ་གཤེགས་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་རུང་། ཁོང་གི་ལོ་མང་རིང་སྐུ་ངལ་བསྐྱོན་པའི་བཀའ་འདྲིན་གྱིས་ངེད་ཚོར་འབྱུང་འགྱུར་གྱི་ལམ་ཁ་གསལ་པོ་ཞིག་བསྟན་ཡོད་པས་ངེད་ཚོ་བློ་ཞུམ་མི་དགོས།
ངེད་ཚོས་ཇིན་མཆོག་གི་གྲོགས་པོ་གཞན་རྣམས་དང་མཉམ་དུ་དམ་པ་ཁོང་གིས་བོད་ཀྱི་རིག་གཞུང་ལ་འཇལ་བར་དཀའ་བའི་ལེགས་སྐྱེས་འབུལ་བ་དེར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ངེད་ཚོའི་དུས་དེབ་འདོན་ཐེངས་འདི་དམ་པ་ཁོང་གི་ཆེད་དུ་བསྔོ་བར་བྱའོ། དེ་བཞིན་ཁོང་གི་བཀའ་དྲིན་ལ་དུས་རྟག་ཏུ་དྲན་གསོ་ཞུའོ།
Paola Vanzo

Section: