You are here

ཀུན་ཕན་གཏམ་གསར། ༢༠༡༠ དབྱིད་ཀ་ – དབྱར་ཁ།

ང་ཚོས་འདི་ག་ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ནམ་རྒྱུན་མི་སྡེ་ཞེས་ཡང་ཡང་ཤོད་ཀྱི་ཡོད། ང་ཚོས་གཞི་རིམ་ཡུལ་དངོས་སུ་ལས་ཀ་བྱེད་བཞིན་པའི་སྐབས་ཡིན་ནའང་འདྲ། གྲོང་ཁྱེར་ནེའུ་ཡོག་ཏུ་ང་ཚོའི་ཚོགས་འདུ་དང་འཆར་འགོད་ཀྱི་དུས་ཡིན་ནའང་འདྲ། ཡང་ན་མཐའ་ན་ང་ཚོའི་ལས་བྱེད་པའི་ཁྲོད་དུ་དར་སྤེལ་གཏོང་བའི་རྣམ་འགྱུར་ཡིན་ནའང་འདྲ། མི་སྡེ་ཞེས་པ་དེ་ང་ཚོའི་འབད་བརྩོན་གྱི་སྙིང་ཁམས་སུ་གནས་ཡོད། ང་ཚོས་ང་ཚོའི་དུས་དེབ>འདོན་སྤེལ་བྱེད་བཞིན་པའི་སྐབས་སུ་བདག་ལ་གནད་དོན་འདིའི་ཐད་ལ་ཡང་བསྐྱར་དྲན་སྐུལ་ཐེབས།
>ནི་བོད་ཡིག་གི་ནང་ནས་ཚུར་ཡིག་སྒྱུར་བྱས་པ་ཡིན་ན “news from Trace” ཞེས་པ་ལྟ་བུར་སྒྱུར་ཆོག་ལ། ཀུན་ཕན་ནི་ཀུན་ལ་ཕན་པ་སྒྲུབ་པ་སྟེ་ཀུན་ཕན་ཐེབས་རྩ་ཚོགས་པའི་བོད་ཡིག་གི་མིང་ཡིན། གཏམ་ནི་གསར་འགྱུར་དང་གནས་ཚུལ་ལ་གོ་དགོས་ཤིང་གསར་ནི་གསར་པ་ཞེས་པའི་དོན་ཡིན། ཡིན་ནའང་། འདིས་གཤམ་གྱི་ཤོག་ལྷེ་ཁག་གི་ནང་ནས་ཁྱེད་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་འདས་པའི་ཟླ་ངོ་དྲུག་གི་རིང་གི་ལས་ཀའི་གྲུབ་འབྲས་ཀྱི་སྐོར་ཀློག་ཡིན་པ་སྟོན་གྱི་མེད་པར། དེ་ལས་ལྡོག་སྟེ་ཁྱེད་ཀྱིས་མཐོང་ཡོང་བ་ནི་ང་ཚོས་ལས་ཀ་སྒྲུབ་ཡུལ་གྱི་གནས་ངོ་མཚར་ཅན་དང་ང་ཚོ་དང་ལྷན་དུ་ལས་ཀ་སྒྲུབ་མཁན་གྱི་མི་སྣ་ངོ་མཚརཅན་གྱི་སྐོར་གྱི་དངོས་སྒྲུང་ཁག་ཡིན། ནེའུ་ཡོག་ནས་ཚོགས་པའི་ཚོགས་འདུའི་ཚོགས་ཞུགས་མི་སྣ་ནས་ཀུན་ཕན་གྱིས་རྒྱབ་སྐྱོར་བྱས་པའི་གྲོས་ཚོགས་ཀྱི་གཙོ་སྐྱོང་མཁན་དང་། དེ་བཞིན་ང་ཚོའི་བྱ་དགའི་རོགས་དངུལ་ཐོབ་པའི་ཞིབ་འཇུག་མི་སྣ་བཅས་ཀྱི་ས་ནས། ཁྱེད་ཀྱིས་ཐོས་ཡོང་བ་ནི་ང་ཚོའི་མི་སྡེ་འདིའི་ནང་གི་མི་སྣ་འགའ་རེའི་གསུང་སྐད་ཡིན་ངེས།
དུས་དེབ་འདི་ནི། ནམ་ཡང་འཕོ་འགྱུར་འགྲོ་བཞིན་པའི་ལས་ཀ་ཞིག་ཡིན་ལ། འདི་ནི་ཁྱེད་རང་ཡང་མཉམ་ཞུགས་གནང་བར་གདན་འདྲེན་ཞུ་བཞིན་པའི་པའི་ལས་ཀ་ཞིག་ཡིན། འདིའི་སྟེང་གི་འདྲ་པར་ཞིག་གམ་ཡང་ན་ང་ཚོའི་བྱ་བ་ངོ་སྤྲོད་བྱེད་པའི་དཔྱད་མཆན་ཞིག་གམ། ཡང་ན་ཡོངས་སུ་ཆ་ཚང་བའི་རྩོམ་ཡིག་ཅིག་བཅས་གང་ཞིག་ཡིན་ནའང་། >དང་ལྷན་དུ་ང་ཚོས་ང་ཚོའི་མི་སྡེའི་གསུང་སྐད་ཐོས་ས་ཞིག་དང་བསམ་ཚུལ་གླེང་ས་ཞིག ང་ཚོ་ཚང་མས་ཤེས་བྱ་གསར་པ་སྦྱང་ས་ཞིག་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ང་ཚོས་ཁྱེད་ཀྱི་དགོངས་ཚུལ་ཐོས་པའི་རེ་བ་དང་བཅས།
ཨེན་རི་ཀོ་དེལ་ཨང་རྗེ་ལོ།

Section: